The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2008.12.27 05:54:30
ཀ་བཤད།
ཀ་ནས་དག་པའི་བོད་ལྗོངས་བདག་འཐོབ་དེ།།

ཁ་བ་ཅན་པར་ཡོད་པ་སྨྲོས་མེད་ཀྱང་།།

ག་ནས་ག་ཡོང་མེད་པའི་གུང་ཇག་གིས།།    

ང་ཚོའི་བོད་ཡུལ་གློ་བུར་ཟང་ཟིང་བཟོས།།

 

མུ་འགོད།



བྱང་བུ།:




2008.12.27 00:11:11
ཅ་ཅོ་ཅུང་ཟད་བཤད་པའི་སྐད་ཆ་དེ༎
ཆ་མེད་མི་ཡིས་བདེན་པར་མི་འཛིན་ཀྱང༌།།
ཇ་འཐུང་རྩམ་ཟན་ང་ཡི་སེམས་ངོ་ལ།།
ཉ་གང་ཟླ་བ་རྒྱས་པའི་ངང་ཚུལ་བཞིན།།

 
2008.12.27 00:28:50
ཏཱ་ལའི་བླ་མའི་ཐུགས་རྗེའི་འོད་ཟེར་འོག །ཐ་སྙད་རིག་གནས་སྦྱངས་པའི་བློ་གསལ་ཚོ། །ད་ལྟ་དྲྭ་ངོས་འདི་རུ་འཛོམས་པའི་དུས། །ན་གཞོན་རིགས་མཐུན་རྣམས་ནི་དགའ་བས་མྱོས། །

 
2008.12.27 00:51:29
པ་ཕ་ཡུལ་དུ་ལུས་པའི་སྤུན་ཟླ་ཚོ༎
ཕ་མེས་ཁྲག་ཏུ་བསྒྱུར་བའི་གདུག་རྩུབ་དེར༎
བ་གླང་ལྷ་ལ་བཀུར་བའི་གནས་འདི་ནས༎
མ་རབས་རེད་ཅེས་ཚིག་མདའ་འཕེན་ལ་དགའ༎

 
2008.12.27 01:17:53
ཙ་ཙིག་ལས་མང་བྲེལ་བའི་འཁྱམ་པོ་ཚོ།
ཚ་བའི་ཡུལ་དུ་ཉི་ཟླ་འཁྱོལ་བ་དཀའ།
ཛ་དྲག་དུས་སུ་ཨ་མའི་བརྩེ་སེམས་རྣམས།
ཝ་ལེར་སེམས་ནང་འཁོར་བ་ཐེངས་གཅིག་མིན༎

 
2008.12.27 01:35:18

ཞ་ཞ་རི་བོང་ལྟ་བུ་མི་བྱེད་ཅིང༌༎
ཟ་ཟ་ཕག་པ་ལྟ་བུའང་ཅི་ལ་བྱེད༎
འ་འུར་སྤྱི་དོན་ཅུང་ཟད་གླེང་བ་འདིས༎
ཡ་ངའི་འུ་ཅག་ཚོགས་ལ་ཞེན་པའི་རྟགས༎

 
2008.12.27 01:36:12
ར་ལྟར་སྣང་བ་མཐོ་བའི་བོད་པ་འདི། །
ལ་ལུང་གང་དུ་སོང་ཡང་རང་དོན་ལ། །
ཤ་སྦྲང་ཤ་ལ་ཆགས་པ་ལྟར་མཐོང་བས། །
ས་སྟེང་གཞན་དང་འདྲ་མཉམ་ཡོང་ངམ་ཅི། །

ཧ་རྒྱག་ནང་ལ་ཆེ་བའི་གདོང་དམར་རིགས། །
ཨ་ཁུ་སྟོན་པའི་གཏམ་རྒྱུད་ཇི་བཞིན་དུ། །
ཧ་རེ་ཧོ་རེ་བྱེད་རྒྱུ་མང་དྲགས་པས། །
ཨ་མ་ཏིག་ཏིག་སྤྱི་དོན་བརྗེད་དོགས་འདུག །

 
2008.12.27 02:10:25
ཀ་ར་སྦྲང་རྩི་ལས་ཀྱང་ཆེས་མངར་བའི། །
ཁ་བ་ཅན་གྱི་ཆོས་དང་རིག་གཞུང་འདི། །
ག་དུས་ཡིན་ནའང་ལུས་སེམས་བདེ་སྟེར་བས། །
ང་ཚོའི་སྙིང་ནོར་འདི་ལས་ཆེ་བ་ཅི། །

 
2008.12.27 05:11:00
quest
ཨོ་ ཧོ་་་ འདི་སྙན་ངག་ཡིན་ནམ།

 
2008.12.27 15:54:43
quest
ཅ་ཅོ་མི་མཐུན་དབྱེན་དང་ཕྲ་མའི་རྒྱུ། ཆ་རྐྱེན་བྱས་ཏེ་གླད་ཆུང་བོད་མི་འགར། ཇ་ཆང་སོགས་ཀྱི་རྔན་ནས་རང་རིག་ཀུན། ཉ་མོ་སྐམ་སར་བཏོན་འདྲའི་ལས་འདི་ཅི།