The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2008.12.27 22:01:49
འཕྲོས།

ཅ་ཅོ་མི་མཐུན་དབྱེན་དང་ཕྲ་མའི་རྒྱུ།།

ཆ་རྐྱེན་བྱས་ཏེ་གླད་ཆུང་བོད་མི་འགར།།

ཇ་ཆང་སོགས་ཀྱི་རྔན་ནས་རང་རིགས་ཀུན།།

ཉ་མོ་སྐམ་སར་བཏོན་འདྲའི་ལས་འདི་ཅི།།

 



བྱང་བུ།:




2008.12.29 13:23:32
ཏ་ལའི་ལོ་མ་རླུང་གིས་ཁྱེར་བ་བཞིན༎
ཐ་མ་མི་ཡི་ཡུལ་འདིར་མཉམ་འཛོམས་བྱུང༌༎
ད་ལྟ་ལོ་ཆུང་ལང་ཚོ་དར་དུས་འདིར༎
ན་ཚོད་དར་བ་སྟོང་ཟད་མ་གཏོང་ཞིག།

 
2008.12.30 09:39:36
ཀ་ཡེ་དྲ་གྲོགས་རྣམས་ཀྱི་སྙན་ལམ་དུ།
ཁ་ཤས་ལམ་སྟོན་མང་པོར་བསྟན་བཞིན་འདུག
ག་ནས་བལྟས་ཀྱང་སྐད་དང་གཞུང་རིགས་ལས།
ང་ཚོའི་དོན་དུ་འགྲུབ་པའི་གནད་གཅིག་མེད།