The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2011.02.26 10:54:54
གཟིམ་ཆུང་སྐྱ་བོའི་སྙན་ངག
གཟིམ་ཆུང་སྐྱ་བོ།
ལྷབ་ལྷུབ་ཤིང་ལོ་འབབ་པའི་སྡོང་འོག་ནས།།
མེ་ཏོག་ལྡུམ་ར་རྙིང་པའི་དཀྱིལ་མ་ནས།།
ཁ་དོག་ལྷགས་པས་ཁྱེར་བའི་གཟིམ་ཆུང་ཞིག།
བྲང་གི་རུས་པ་རྡུང་བའི་ཐོ་བ་རེད།།


མི་ཚོགས་འཚང་ཁ་ཆད་པའི་སྒོ་འགྲམ་ནས།།
རླུང་བུས་བཤུར་གླུ་ལེན་པའི་བར་ཁྱམས་ནས།།
འདོགས་ཁྱི་དམར་པོས་སྐད་ངོམ་བྱེད་ས་སྟེ།།
གཟིམ་ཆུང་སྐྱ་བོ་སེམས་ཀྱི་ན་ཟུག་རེད།།

ནེ་ཙོའི་མགྲིན་པ་འགག་པའི་སྒོ་འགྲམ་ན།།
རྨ་བྱས་མཛེས་སྡུག་སྦས་པའི་ཆོས་ར་ན།།
སྔོན་མ་སྔོན་མ་ཞིག་གི་དྲན་ཚོར་ཞིག།
སྡུག་གི་ཁུར་པོས་ནོན་པའི་སེམས་པ་ཞིག།

དར་ལྕེ་རླུང་གིས་ཟད་པའི་མར་ཞབས་ན།།
ཕུག་རོན་སྐྱག་པས་གང་བའི་ཟ་ཟུར་ན།།
མིག་ཆུས་ཆག་ཆག་འདེབས་པའི་རྣམ་པ་འདི།།
འཇིག་རྟེན་མི་ལ་དབང་བའི་སེམས་གསོ་རེད།།

ཧ་ཅང་ཁ་ཁུ་སིམ་པའི་ཁང་ཆུང་ནང་།།
དམར་ཆུང་སྙིང་ཤ་འདར་བའི་ཁ་ཐུག་ན།།
ཁ་དར་ཁྲོད་ཀྱི་བཞུགས་ཁྲི་སྟོང་པ་འདི།།
འཇིག་རྟེན་སྙིང་པོས་སྟོང་པའི་ལོ་རྒྱུས་རེད།།


དད་དམ་མེ་ཏོག་གཙང་མའི་ཡང་སྟེང་ནས།།
སྐྱོ་གདུང་མིག་ཆུ་གཙང་མའི་རྦ་རླབས་འདི།།
ཁྱེད་ལ་འབོད་པ་སྟོང་གི་ཚུལ་ཡིན་མོད།།
ཁྱེད་ཀྱིས་ཡ་ལན་མེད་པ་ང་ཡི་ལས།།

ཉི་མའི་འོད་མདངས་ས་ལ་ཟུག་ས་ནས།།
ཁོག་པའི་སྡུག་བསྔལ་གནམ་ལ་འཕྱུར་བ་འདི།།
ས་ནག་སྡུག་གིས་ཚོས་པའི་བརྡ་རྟགས་ལས།།
གང་ཞིག་ཡོད་པར་རློམ་པའི་ང་རྒྱལ་མིན།།

བློ་སྦུག་ཚོར་བས་འགག་པའི་ན་ཟུག་སྟེང་།།
རྒྱལ་སྒོ་ནག་པོའི་ཁྲོག་སྒྲ་ཆེན་པོ་འདི།།
སེམས་ཀྱི་སྐྱོ་གདུང་སློང་བའི་གཅོང་བརྡ་རེད།།
ཡོད་ཚད་ཚར་སོང་ཟེར་བའི་དུས་བརྡ་རེད།།

2011.1.21   ༸སྐྱབས་རྗེ་པད་ནོར་རིན་པོ་ཆེ་སྐུ་ཞི་བར་གཤེགས་ནས་ཟླ་ངོ་༢༡ འཁོར་དུས། གཟིམ་ཆུང་མཇལ་ཁ་ཞིག་རག་བྱུང་བའི་མཐོང་ཚོར་དང་སྦྱར་རོ།





2011.02.26 04:58:11
སྤུན་གྲོགས་དྲི་མེད་ལགས།
བདག་འདིར་ཐོག་མར་སླེབས་པ་ཡིན་ཙང་དྲ་རྒྱ་འདི་ལ་རྒྱུས་མངའ་དེ་ཙམ་མེད་པས་དྲ་གྲོགས་ཚོས་ལམ་སྟོན་དང་བཀའ་སློབ་རེ་གནང་རོགས་ཞུ།

 
2011.02.28 18:32:18
ཤུགས་རྒྱོབ