The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2008.12.30 23:00:32
ཀ་བཤད་མུ་འགོད།

ཏཱ་ལའི་བླ་མའི་ཐུགས་རྗེའི་གཟི་འོད་འོག།

ཐ་ན་བོད་དང་བོད་མི་མ་བརླག་ཙམ།།

ད་ཆ་ཐབས་ཤེས་ཡོད་པའི་དུས་བཟང་འདིར།།

ན་ནུས་ཚ་ནུས་བོད་མི་ཀུན་གྱི་མཛོད།།


 



བྱང་བུ།:




2008.12.30 17:17:37
ལ་དྭགས་བློ་བཟང་དར་རྒྱས༎
ཧི་མ་ལ་ཡའི་མི་རྒྱུད།།
ཧི་མ་ལ་ཡའི་ཡིག་གཟུགས༎
བེད་སྤྱོད་གནང་ནས་ཕེབས་ཤོག།

གཞན་དག་མང་པོ་བྲིས་ན༎
དྲ་གྲོགས་མང་པོའི་མིག་ལ༎
ལྟད་མོ་སྟོན་རྒྱུའི་ཚབ་ན༎
མིག་ལ་གཟན་རོགས་ཆགས་ཡོང༌༎

 
2008.12.30 18:05:56
དྲ་གྲོགས་ལྷ་སྨོན་རིག་བཟང་། ལྷག་བསམ་ཁ་བ་དཀར་པོའི། སྤུན་ཟླའི་བརྩེ་སེམས་བཅངས་པའི། ཁ་ཏའི་བསླབ་བྱ་བཟང་སོང་།

 
2008.12.30 17:22:33
བློ་བཟང་དར་རྒྱས་ལགས། ཁྱེད་ཀྱིས་ཡིག་གཟུགས་འགྱུར་འདུག ཀ་རྩོམ་གྱི་འཕྲོས་ནས་མུ་མཐུད་དགོས་ན་བསམ་ཚུལ་གསར་པ་ཞིག་མི་སྤེལ་མི་དགོས་པར་སྔོན་མ་བྲིས་པ་དེར་མུ་མཐུད་ནས་འབྲི་ཆོག་པ་དང༌། ཁྱེད་ཀྱིས་བྲིས་པའི་ཀ་རྩོམ་གྱི་མཇུག་ཏུ་བསམ་ཚུལ་ཞེས་པར་རྐྱང་རྡེབ་བྱས་པ་དང༌། དེ་ནས་ལན། ཞེས་པར་རྐྱང་རྡེབ་བྱས་ནས་མུ་མཐུད་དུ་འབྲི་ཆོག དེ་ལས་ཟིན་བྲིས་ཀྱི་མདུན་རྐྱང་རྐྱང་དུ་རྩོམ་ཡིག་ཐུང་ཐུང་མང་པོ་བྲིས་ནས་ཕན་ཐོགས་གང་ཡང་མེད་པས་དེ་ལུགས་དགོངས་བཞེས་གནང་རོགས།

 
2008.12.30 18:17:36
ཐུགས་རྗེ་ཆེ། སྐུ་ཉིད་ཀྱིས་སྔ་ཕྱིར་ལམ་ནོར་ལྡོག་ཤེས་ཀྱི་བཀའ་སློབ་གནང་བར་ཐུགས་རྗེ་ཆེ།