བོད་ཀྱི་བང་ཆེན། ཟིན་བྲིས། ལི་ཐང་དབྱིག་གཉེན། བོད་་་་་་གསར་རྙིང་གི་འགྱུར་བ་ཆེན་པོ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2011.05.22 22:49:38
བོད་་་་་་གསར་རྙིང་གི་འགྱུར་བ་ཆེན་པོ།

བོད་་་་་་གསར་རྙིང་གི་འགྱུར་བ་ཆེན་པོ།

དེ་རིང་ངེད་ཀྱི་སེམས་པ་འདི།

ཅི་ཡང་གྲགས་འགུལ་མེད་པར་ལུས་འདུག

དེ་ནི་གཅིག་བྱས་ན།

སྔོན་ཆེད་ཉི་མ་ནུབ་པའི་དུས་ཚིགས་དེ་དྲན་པ་ཡིན་སྲིད།


ཡང་ན།

ཁ་སང་དང་། དེ་རིང་མི་རིགས་འདིར་འགྱུར་བ་ཤུགས་ཆེན་

སླེབས་པས་ཀྱང་ཡིན་སྲིད།

མི་ཚོས་བཤད་ན། ཁྱེད་ཚོ་ལ་འགྱུར་བ་ཆེན་པོ་ཐལ་ཟེར།

ངས་ཇི་ཙམ་གྱི་མིག་ཞགས་འཕེན་ཡང་།

འགྱུར་བ་འདི་དེ་ཙམ་གསལ་པོ་མཐོང་མི་ཐུབ།


འགྱུར་བ་འདི་ཡང་སྙིང་གང་ཞིག་ཡིན།

གཅིག་བྱས་ན་བདག་གི་མིག་གཟུགས་སུ།

སྒྲིབ་བྱའི་ཆོས་ཤིག་དང་། ཡང་ན།

འགེབས་བྱའི་ཆོས་ཤིག་ཀྱང་ཡོད་སྲིད་།


ཡང་། གཞན་གྱིས་བཤད་སྟངས་ཤིག་ལས།

འགྱུར་བ་འདི་ནི། གསར་རྙིང་གི་འགྱུར་བ་ཞིག་རེད་ཟེར་།

དེ་ཡང་བདེན་ཤས་ཆེ་ཨང་། ཁྱེད་ཀྱིས་སོམས་ན་དེ་རིང་གི་འགྱུར་བ་འདི་།

ཡང་སྙིང་ཅི་ཞིག་གི་འགྱུར་བ་ཡིན་ནམ།

༢༠༡༡་་་༥་་་་༢༣་་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་རྒྱལ་ས་ཧོབ་ལི་ནས་ཐོལ་བྱུང་དུ་བྲིས།