བོད་ཀྱི་བང་ཆེན། ཟིན་བྲིས། སྨོན་ལམ་མཐར་ཕྱིན། མདོ་ཁམས་ཆུ་སྒང་དབུས་རྒྱུན་སྐབས་ ༡༩ པ་འོས་འདེམས་གྲུབ་པ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2011.05.26 03:23:18
མདོ་ཁམས་ཆུ་སྒང་དབུས་རྒྱུན་སྐབས་ ༡༩ པ་འོས་འདེམས་གྲུབ་པ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡ ཉིན་བཙན་བྱོལ་བོད་མི་གནས་ཡུལ་ས་གནས་གང་སར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་འོས་འདེམས་བྱས་ཤིང། ཕྱི་ཟླ་ ༥ ཚེས་ ༢༥ ཕྱི་དྲོ་རྡ་ས་ས་གནས་ཆུ་སྒང་རྒྱུན་ལས་ཁང་དུ་ཆུ་སྒང་འོས་བསྡུའི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང། ཚོགས་མི་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། ཚོགས་མི་ཆུ་སྒང་དབུས་རྒྱུན་ཚོགས་གཙོ་སྨར་ཁམས་ཆོས་འཕེལ། ཟུར་དཔང་རྡ་ས་ས་གནས་ཆུ་སྒང་ཚོགས་གཙོ་ངག་དབང་ཐར་པ་དང། རྡ་ས་ས་གནས་ཆུ་སྒང་ཚོགས་གཞོན་ཚེ་རིང་རྣམ་རྒྱལ། རྡ་ས་ས་གནས་ཆུ་སྒང་དྲུང་ཆེ་ཨ་བོ་དགའ་སྐྱིད། རྡ་ས་ས་གནས་ཆུ་སྒང་དངུལ་གཉེར་དབང་གྲགས་རྡོ་རྗེ་བཅས་མཉམ་ཞུགས་ཀྱིས་འོས་ཤོག་ཕྱོགས་བསྡོམས་གྲངས་བཤེར་ཟིན་པ་བཞིན་སྐབས་ ༡༩ པའི་ཆུ་སྒང་དབུས་རྒྱུན་མི་གྲངས་ ༡༡ གི་མཚན་གཞུང་དང། ས་གནས། འོས་གྲངས་བཅས་གཤམ་གསལ་ལྟར་ཡིན།


 




2011.05.26 05:15:52
དགེ་བཤེས་ལགས་ཀྱིས་གནས་ཚུལ་སྤེལ་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྐབས་འདིའི་ཆུ་སྒང་དབུས་རྒྱུན་གསར་པ་རྣམས་ལ་སྙིང་ཐག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་། ཁྱེད་རྣམ་པའི་ལས་རྒྱུན་རིང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་དོན་སྤྱི་དང་བྱེ་བྲག་ཚང་མ་ཡར་རྒྱས་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད་ལ། མདོ་སྟོད་ནང་ཁུལ་དུའང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུའི་སྐྱབས་འཇུག་དང་འབོད་སྐུལ་ཡང་ཞུ་བཞིན་ཡོད། ད་ལན་གྱི་དབུས་རྒྱུན་ཚང་མ་ཧ་ཅང་ཡག་པོ་སླེབས་འདུག་པས་རྒྱ་ཆེའི་མི་མང་ལའང་བསྔགས་བརྗོད་ཡོད།

 
2011.05.27 05:39:25
དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་ཚུལ་ཁྲིམས་ལགས་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ།
ལྷག་པར་ཏུ་གོང་སྨོས་ལྟར་ཆུ་སྒང་དབུས་རྒྱུན་གསར་བ་རྣམས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་།
ད་ལམ་སྐབས་བཅོ་བརྒྱད་པ་ལྟར་མ་ཡིན་པར་མདོ་སྟོད་ནང་ཁུལ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་
ལ་འབད་བརྩོན་གནང་རྒྱུའི་སྐྱབས་འཇུག་དང་འབོད་སྐུལ་སྙིང་ཐག་པ་ཞུ་བཞིན་ཡོད། བཀྲིས་བདེ་ལེགས།