བོད་ཀྱི་བང་ཆེན། ཟིན་བྲིས། བོད། ལྷ་ཀླུ་གཉན་གསུམ། བོད་ཀྱི་སྐད་ཡིག་གི་ཉེས་ཅན་པ་ཆགས་སྲིད་པ་རེད།

Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2009.01.04 17:35:15
བོད། ལྷ་ཀླུ་གཉན་གསུམ།

བོད་པ་ཚང་གི་རང་རིགས་ཀྱི་སྐད་ཡིག་ལ་བདག་པོ་རྒྱག་ ལུགས་འདི་ལ་གཟབ་གཟབ་མ་བྱས་ན་ངེད་ཅག་བོད་མི་རིགས་ཀྱི་སྐད་ཡིག་གི་ཉེས་ཅན་པ་ཆགས་མི་སྲིད་པ་མ་རེད། བོད་ལུས་ཤིག་ཐོབ་པ་འདིས་ངེད་ཅན་ལ་བོད་སྐད་བཤད་པའི་འགན་ཡོད་པ་རེད་ལ། བོད་ལུས་ཤིག་ཐོབ་པ་འདིས་བོད་ཡིག་བཀོལ་སྤྱོད་བྱེད་དགོས་པའི་ལས་འགན་ཡང་ངེད་ཅག་ལ་ཡོད་པ་གསལ་བོ་བསྟན་ཡོད་པ་རེད།

ང་རང་གི་ནམ་རྒྱུན་དུ་འདི་ལྟར་འདོད་ཀྱི་ཡོད། བོད་ཀྱི་སྐད་ཡིག་འདི་ཉིད་ཕྱུག་པོ་ཆགས་དགོས་ན་ཐོག་མར་རིག་གནས་ནང་འདྲེན་བྱེད་ དགོས་པ་དང་རང་གི་སྐད་ཡིག་ལ་བརྟེན་ནས་གང་ཡིན་ཡང་འབྲི་སྤྱོད་བཀོད་གསུམ་བྱེད་ཐུབ་པ་ཞིག་བྱེད་དགོས་པར་འདོད་ཀྱི་ཡོད་ལ། ད་དུང་རིག་གནས་ནང་འདྲེན་བྱེད་མཁན་དག་ནི་རང་གི་མི་རིགས་ཀྱི་མཛད་རྗེས་ཅན་ཡིན་པར་ཁས་ལེན་ཡང་བྱེད་ཀྱི་ཡོད། དེ་དང་ཆབས་གཅིག་རིག་གནས་ཕྱི་འདྲེན་བྱེད་མཁན་དག་ནི་ནམ་ཡང་བོད་ཀྱི་སྐད་ཡིག་ལ་འགན་མ་བླངས་པ་ནས་བོད་ཀྱི་སྐད་ཡིག་མེད་པོ་བཟོ་མཁན་སྐོར་ཞིག་ལ་ངོས་འཛིན་བྱེད་ ཀྱི་ཡོད། གལ་ཏེ་བོད་ཀྱི་སྐད་ཡིག་འདི་ཉིད་ཀྱི་སྟེང་ནས་ཉིན་རེའི་འཚོ་བ་ཚུན་ཆད་ནས་རང་རང་གི་ཟ་སྐལ་འཐུང་སྐལ་གྱི་སྐོར་སོགས་གང་ནས་ཡིན་ཡང་བེད་སྤྱོད་གཏོང་ཐུབ་ཉིན་ངེད་ཅག་གི་དམིགས་ཡུལ་དང་དཀའ་ལས་བརྒྱབ་པ་ལ་གྲུབ་འབྲས་སོན་པར་འདོད་ཀྱི་ཡོད། དེ་མིན་རང་གི་སྐད་ཡིག་གི་སྟེང་དུ་ཡོད་པའི་རིག་གཞུང་གི་མ་ལག་དེ་ཚོ་སྐོར་ཞིག་ཡོད་པ་དེ་ཡང་ཕྱི་འདྲེན་བྱས་པ་ཡིན་ན་དེའི་ནག་ཉེས་དེ་ནི་དངོས་ནས་གནམ་མཁའ་རུ་མི་གཤོང་བར་འདོད་ཀྱི་ཡོད། དེས་ན་བོད་པ་ཚང་གི་བོད་ཡིག་ལ་དགའ་མཁན་དང་བོད་ཡིག་གི་ཚེ་སྲོག་ལ་བསམ་བློ་གཏོང་བ་ནས་འགན་ལེན་བྱེད་འདོད་ཡོད་མཁན་དག་གིས་བོད་ཀྱི་སྐད་ཡིག་གི་ཉེས་ཅན་པ་མི་ཆགས་པར་འབད་བརྩོན་བྱེད་པར་འཚལ།

 


  བོད། ལུས་ངག་ཡིད་གསུམ།
 

གསེར་རྟ་ཚུལ་ཁྲི
2009.01.04 12:22:44

རེད་རེད། གནད་དོན་འདི་ལ་རྒྱབ་སྐྱོར་ཆ་ཚང་ཡོད། བཙན་བྱོལ་བོད་གཞུང་ཚུགས་ནས་བརྩིས་ནའང་འདྲ། བོད་རིགས་རྣམས་བཙན་བྱོལ་དུ་འབྱོར་བ་ནས་བརྩིས་ནའང་འདྲ། གང་ལྟར་མི་ལོ་ལྔ་བཅུ་ཐམ་པ་འཁོར་བ་རེད། ལོ་འདི་དག་གི་ནང་དུ་ཚན་རིག་ལག་རྩལ་ལ་མཁས་པ་ཆེན་པོ་དེ་འདྲ་སྐྱེད་སྲིང་བྱེད་མ་ཐུབ་ཀྱང༌། སྐད་ཡིག་མང་པོ་ཤེས་མཁན་མང་པོ་ཞིག་སྐྱེད་སྲིང་བྱས་ནས་རང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ཡར་རྒྱས་ལ་སྨན་པའི་ཞབས་འདེགས་ནུས་པ་གང་མང་ཞིག་སྐྱེད་སྲིང་བྱེད་ཐུབ་ཡོད་དགོས་པ་ཞིག་རེད་དེ། དེ་ཡང་ཅུང་ཙམ་དཀོན་པོ་རེད། འདབ་གཤོག་གཉིས་ལྡན་ཡིན་ཟེར་མཁན་ཚོ་ལ་མཚོན་ནའང་བྱ་དེ་ནང་བཞིན་གཤོག་པ་གཉིས་ཡོད་པ་ཙམ་ལས་འཕུར་གོ་མི་ཆོད་པ་དང༌། གཤོག་པ་ཡ་གཅིག་ལས་མེད་པ་ཚོ་ནི་དེ་བས་ཀྱང་འཕུར་མི་ཐུབ་པ་སྨྲོས་མེད་རེད། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྐད་ཡིག་ཡར་རྒྱས་ཀྱི་ནམ་མཁའ་དེ་སྟོང་པར་ལུས་ཡོད་པ་དང༌། བྱ་རྗེས་ཕར་ཕུད་བྱེའུ་རྗེས་ཤིག་ཀྱང་ཡོད་མེད་བཤད་དཀའ། ང་ཚོ་བཙན་བྱོལ་བོད་མིའི་མི་རིགས་གཞན་གྱི་སྐད་ཡིག་སྦྱང་པའི་མཐར་ཐུག་གི་དགོས་མཁོ་དེ་ངོས་ཟིན་གྱི་མི་འདུག མང་ཆེ་བས་ཕྱིའི་སྐད་ཡིག་ཤེས་ནས་མི་གཞན་ལ་གཡོག་པོ་བྱེད་རྒྱུ་དེ་རང་རེད། དེ་ལས་དམིགས་ཡུལ་ཆེ་ས་ནས་བཤད་ན་བུ་རབས་ཚ་བརྒྱུད་ལ་བྱས་རྗེས་འཇོག་རྒྱུ་དང༌། ཆུང་ས་ནས་བཤད་ནའང་རང་ཉིད་མིང་དེ་བོད་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཇོག་ཐུབ་པ་ཞིག་དགོས་པ་དེ་ཙམ་ལས་བསམ་བློ་བཏང་ནའང་འགྲིག་པ་རེད། གཡོག་ལས་ཙམ་ཞིག་འཚོལ་རྒྱུའི་ཆེད་དུ་སྐད་ཡིག་མང་པོ་སྦྱང་དགོས་དོན་མེད་པར་སྣང༌། མདོར་ན་ཁ་ཚ་དགོས་གཏུག་དེ་སྐད་ཡིག་ཡར་རྒྱས་ཀྱི་ཆེད་དུ་མི་རིགས་གཞན་གྱི་རིག་གཞུང་གི་ལེགས་ཆ་ལེན་དགོས་པ་དེ་གལ་ཆེན་པོ་རེད༎

 
 
ལྷ་སྨོན་པ།
2009.01.04 23:30:12

དོན་གནད་འདི་ཚོའི་རིགས་ཁ་ཚ་དགོས་གཏུག་གི་གནད་དོན་རེད། ཁྱེད་ཀྱི་བསམ་ཚུལ་ལ་མོས་མཐུན་ཡོད། ཚང་མས་ཁབ་བསགས་ནས་འབིགས་དང༌། འབིགས་བསགས་ནས་མདུང་ཟེར་བའི་དཔེ་བཞིན་ཧུ་རུབ་པ་རུབ་བྱས་ན། མི་མང་པོས་བཏེགས་ན་གདུང་མ་ཡང་ཟེར་བའི་དཔེ་ལྟར་ནུས་པ་ཞིག་ཐོན་ཐུབ་ངེས་པ་རེད། གཞན་ཤེས་རིག་ལས་ཁུངས། བོད་ཁྱིམ་སློབ་གྲྭས་ཅིག་བྱས་ཡོང་བ་བསམ་ནས་བསྒུག་བསྡད་ན། ང་ཚོ་ཕར་ཞོག བུ་ཕྲུག་ཚོའི་དུས་ལའང་སེམས་ལ་བསམ་པ་ནང་བཞིན་མི་ཡོང་སེམས་ཐག་རེད་བསམ་གྱི་འདུག

 
 
བོད། ལྷ་ཀླུ་གཉན
2009.01.05 08:38:42

རྣམ་པ་གཉིས་ཀྱི་ང་རང་གི་བསམ་ཚུལ་འདི་ལ་རྒྱབ་སྐྱོར་གནང་བ་ལྟར་ངེད་ཅག་གི་གང་ས་ནས་རང་རིགས་ཀྱི་སྐད་ཡིག་འདི་ལ་སྲོག་དབུགས་ཇི་ལྟར་རྒྱས་སུ་འཇུག་རྒྱུར་རང་རང་ནས་འགོ་འཛུགས་ཀྱིས་གང་ཐུབ་ཐུབ་ཞིག་འབོད་སྐུལ་བྱེད་ས་འབོད་སྐུལ་བྱེད་པ་དང་སྐད་ཆ་བཤད་དགོས་སར་སྐད་ཆ་བཤད་རྒྱུའི་གོ་སྐབས་གང་རེག་ལ་ཚང་མས་ཧུར་བརྩོན་ལོས་བྱེད།

 
 
གངས་རིའི་ལྷ་སྲས
2009.01.05 18:24:20

མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་རེད་ཅེས་ཚང་མས་ཁ་གཅིག་གྲག་གིས་གླེང་བཞིན་པ་རེད། འོན་ཀྱང་མི་རིགས་ཀྱི་ཤུལ་འཛིན་པ་རྣམས་ཀྱིས་སྐད་ཡིག་བདག་པོ་མ་བརྒྱབ་ན། སྐྲ་སེར་པོ་ཅན་ཞིག་དང་མིག་ལྗང་ཁུ་ཅན་ཞིག་གིས་བདག་པོ་རྒྱག་སྲིད་དམ། བདག་པོ་ཕོག་སྲིད་དམ། དེང་སང་གཞོན་སྐྱེས་མང་པོ་ཞིག་གིས་བོད་ཡིག་མཁྲེགས་པོ་འདུག་ཟེར། བོད་ཡིག་མཁྲེགས་པོ་དེ་འདྲ་ཞིག་སུས་བཟོས་པ་རེད། བོད་ཡིག་རང་ངོས་ནས་རྡོ་ལྟ་བུའི་མཁྲེགས་པོ་ཞིག་ཆགས་པ་རེད་དམ། ཡང་ན་ཐལ་ཆ་ཅན་གྱི་བསམ་བློ་དེས་བོད་ཡིག་དེ་ཉིད་མཁྲེགས་པོ་ཞིག་ཏུ་བསྒྱུར་བ་རེད། དེང་སང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་མང་དག་ཅིག་གིས་བོད་ཡིག་ལབ་དུས་ཕན་མེད་སྲོལ་རྒྱུན་རྙིང་པའི་ཅ་ལག་ལྟ་བུ་ཞིག་ཏུ་བརྩི་ཡི་འདུག བོད་ཡིག་ཡག་པོ་ཤེས་ཀྱི་མེད་ཅེས་སྤོབས་པ་ཚ་མདོག་གིས་ཤོད་ཀྱི་འདུག བོད་ཡིག་མ་ཤེས་ན་ཧ་ལམ་རྒྱལ་གཅེས་དཔའ་བོ་ཞིག་ཡིན་མདོག་མདོག་བྱེད་ཀྱི་འདུག ད་དུང་གཡག་གི་འོ་མ་དང༌། དེབ་རྒྱགས་པ་སོགས་མགོ་རྔ་མི་མཚུངས་པའི་སྐད་ཆ་མང་པོ་ཤོད་ཀྱི་འདུག དངོས་གནས་འདི་ཚོ་ངས་བལྟས་ན་ཤིན་ཏུ་ཉེན་ཁ་ཆེན་པོ་རེད། མ་འོངས་བོད་ཀྱི་སོན་རྩ་ཚོ་ལ་འདི་ལས་མེད་ན། དེའི་རྗེས་མ་ཚོ་ག་འདྲ་ཞིག་ཆགས་ཀྱི་རེད། འདི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་ཐུག་པའི་གནད་དོན་རེད། མི་སྒེར་ཁ་ཤས་ཀྱི་ལྟོ་ཕོར་ལ་ཐུག་པ་མ་རེད།

 
 
Tenpa Nyima
2009.01.05 18:47:47

དངོས་གནས་ཁྱེད་ཀྱིས་གསུངས་པ་དེ་རང་རེད། འོན་ཀྱང་ངས་བསམ་ན་བཤད་བཤད་རྐྱང་རྐྱང་མ་བཏང་བ་བྱས་ནས། ཁོ་ཚོའི་སེམས་ནང་བོད་ཡིག་དེ་ཉིད་མཁྲེགས་པོ་ཞིག་ཏུ་འགྱུར་བའི་ཐལ་ཆ་ཅན་གྱི་བསམ་བློ་དེ་འདོར་ཐབས་གང་འདུག་ལྟ་རྒྱུ་དེ་གལ་ཆེན་པོ་མིན་ནམ་དྲན་གྱི་འདུག དྲ་གྲོགས་ལགས།

 
 
གངས་རིའི་ལྷ་སྲས
2009.01.05 20:46:12

གཤེ་གཤེ་གཏོང་བ་མ་རེད། དངོས་ཡོད་གནས་ཚུལ་བཤད་པ་རེད། བོད་ཡིག་མཁྲེགས་པོ་ཞིག་ཡིན་པར་གླེང་མཁན་དེ་རིགས་ཀྱི་དགེ་རྒན་དང་ཕ་མ་རྣམས་ཀྱིས་ཕྲུ་གུའི་ཀླད་པའི་ནང་དུ་བླུགས་བཞག་པ་མངོན་གསལ་དོད་པོ་རེད། དེ་མ་གཏོགས་བོད་ཡིག་མཁྲེགས་པོ་འདུག་ཅེས་པའི་ཡོངས་ཁྱབ་ཀྱི་གླེང་ཚུལ་འདི་ཆགས་མི་སྲིད། གནད་འགག་ཐུག་ས་གཙོ་བོ་ནི། བོད་ཡིག་གིས་ཁ་ལག་རག་གི་མ་རེད་ཅེས་བསམ་ཚུལ་དེ་འདྲ་ཡོད་མཁན་གྱི་ཕ་མ་དང་དགེ་རྒན་རྣམས་ཀྱིས་ལན་པ་རང་རེད། དེ་མིན་བོད་ཡིག་སྦྱོང་འདོད་མཁན་གྱི་མི་ཞིག་ཡིན་ན། བོད་ཡིག་དེ་ཉིད་མཁྲེགས་པོ་ཞིག་ཡིན་མི་སྲིད་པ་རེད། མ་གཞི་ནས་བོད་པ་ཞིག་ལ་བོད་ཡིག་མཁྲེགས་པོ་ཆགས་པ་དེ་ཁྱད་མཚར་རེད། བོད་གཞུང་གི་གཞུང་ཞབས་མང་ཆེ་བ་ཀ་ངོ་ར་ངོ་ཤེས་ཙམ་ལས་མེད་པ་དེ་ཕ་མ་དེ་དག་དང༌། དགེ་རྒན་དེ་དག་སློབ་གྲྭ་དེ་དག་བརྒྱུད་ནས་ཡོང་བའི་འབྲས་བུ་རེད། དེར་བརྟེན་ཕ་མ་དང་དགེ་རྒན་ཁྱིམ་ཚང་གི་མ་མ་སོགས་ཀྱི་བསམ་བློ་དེ་བཅོས་བསྒྱུར་གཏོང་དགོས་ཀྱི་རེད། བཅོས་བསྒྱུར་གཏོང་སྟངས་དེ་ཡང་གཞུང་གི་སྒྲིག་འཛུགས་ཀྱི་ངོས་ནས་གཏོང་སྟངས་ཤིག་དང་སྒེར་སོ་སོས་བཅོས་བསྒྱུར་གཏོང་སྟངས་ཤིག་ཡོད་པ་རེད། སྤྱིར་སོ་སོའི་སྐད་ཡིག་ལ་སོ་སོས་སྦྱོང་མི་འདོད་པའམ་རྡོ་མུར་བ་བཞིན་མཁྲེགས་པོ་ཞིག་ཏུ་འདོད་པའི་སྐྱོན་ཆ་དེ་མི་སྒེར་གྱི་སྐྱོན་ཆ་ཙམ་མིན་པར། བཙན་བྱོལ་སྤྱི་ཚོགས་སྤྱི་ཡོངས་ཀྱི་སྐྱོན་ཆ་ཞིག་རེད། ད་ལྟ་འདི་ལྟ་བུ་ཞིག་ཆགས་པ་དེ་ནུབ་ཕྱོགས་སྐྲ་སེར་ཚོའི་ལེགས་ཆ་ལེན་མ་ཤེས་པར་ལད་མོ་བྱེད་རྒྱུ་མང་དྲགས་པའི་རྐྱེན་གྱིས་རེད། ད་དུང་ལད་མོ་བྱེད་ཀྱིན་བསྡད་ན་ཁ་ཆག་སྣ་རལ་གྱི་དུས་ཚོད་ཅིག་མི་འཆར་བའི་ངེས་པ་གཏན་ནས་མེད་པ་རེད།

 
 
quest
2009.01.06 03:07:29

ང་རང་གི་རྟག་དུ་དྲ་ཐོག་ནས་བོད་ཡིག་གི་བསྐོར་ལ་སེམས་འཚབ་བྱས་པ་གཅིག་བུ་མ་ཡིན་པར། ཉེན་ཁ་དེ་སེལ་ཕྱོགས་ཀྱི་བསྐོར་ལ་གཞུང་ལ་སྙན་ཞུ་ཕུལ་འདོད་དང་གཞུང་གི་འདི་ལ་ལྟ་རྟོགས་བྱེད་དགོས་པར་རེ་བ་བརྒྱབ་མྱོང་ལ། ང་རང་གི་དེའི་ཐད་དུ་མི་རེ་ཟུང་ལ་འབྲེལ་བ་ཡང་བཟུང་ཡང་། མི་དེ་དག་གིས་དེ་ནི་ཡག་པོ་འདུག་ཟེར་བ་ལས་དོན་དངོས་ལ་ཐུག་སྐབས། མི་དེའི་རིགས་ཀྱི་ཁེ་བཟང་ཟེར་བ་དེ་ལས་གཞན་གང་ཡང་བསམ་བློ་གཏོང་གི་མི་འདུག་ལ། ཁོང་ཚོ་ལ་དགོས་པ་ནི་རྒྱུ་ནོར་དང་འཚོ་བ་ངན་ངོན་ཙམ་ཞིག་བསྐྱེལ་བ་ལས་བོད་ཀྱི་སྐད་ཡིག་འདི་གནས་ཐུབ་མིན་དང་རང་ཉིད་བོད་ལ་སྐྱེ་བའི་བོད་ལ་འགན་ལེན་ཞིག་ཡོད་པས་སེམས་ཚོར་དེ་སྐྱེ་ཐུབ་ཀྱི་མེད་པས་སྒང་ལ་བོད་ཡིག་སྤྱོང་བ་ནི་དུས་ཚོད་འཕྲོ་བརླག་དང་བོད་ཡིག་གི་ལྟོ་མི་འཕྲོད་ཟེར་ནས་རང་གི་བུ་ཕྲུག་ཚོ་ལ་བསླབ་བྱ་དེ་འདྲ་རྒྱག་བཞིན་ཡོད་ལ། དེ་ནི་ཁོང་ཚོས་བྱེད་དགོས་པ་ཞིག་ཡིན་པ་དང་ཁོང་ཚོས་རང་གི་ཞེ་དྲག་ཞིག་རྟོགས་པའི་ཁུལ་རེད། ཡིན་ཡང་། ད་ལྟ་ངེད་ཅག་གི་གཙོ་བོ་གང་ནས་མགོ་འཛུགས་དགོས་ཟེར་ན་རང་རང་གི་ཁོར་ཡུག་ནས་བཟུང་དེ་བོད་པ་བོད་ཡིག་ལ་དོ་སྣང་མེད་མཁན་དག་ལ་བོད་པས་བོད་ཡིག་མ་ཤེས་ན་ངོ་ཚ་དང་ཞབས་འདྲེན་ཡིན་པ་ཤེས་སུ་འཇུག་དགོས་ཀྱི་ཡོད་པ་རེད། དེ་ལ་ཐབས་ཤེས་འཐེན་ནས་བྱེད་དགོས་པ་ལས་སྡུག་དམོད་བྱེད་རྒྱུ་དེ་མ་ཡིན་ནོ།

 
 
ལན་གྱི་ལན་འདེབས།
སྤྱོད་མཁན་གྱི་མིང༌།:

E-mail:

  Enter text shown in left: