The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2009.01.06 05:23:46
ཨེ་མ། ཡིད་རེ་སྐྱོ།

མཛའ་ཞིང་བརྩེ་བའི་དྲ་གྲོགས་རྣམ་པ། ཟླ་ཤས་སྔོན་ནས་བཙན་བྱོལ་ཁྲོད་ཀྱི་གཞས་པ་གྲགས་ཅན་ཚེ་རིང་འགྱུར་མེད་སོགས་ཀྱིས་ང་ཚོ་མཉམ་དུ་ཡོད་ཅེས་པའི་གཞས་ཤིག་བཏང་འདུག གཞས་ཚིག་འབྲི་མཁན་དགའ་སྤག་བློ་བཟང་རྡོ་རྗེ་ཟེར་མཁན་དེ་རེད་འདུག གཞས་ཚིག་དེའི་ནང་དུ། ཨེ་མ། ཡིད་རེ་སྐྱོ་ཞེས་པ་ཞིག་འདུག


ནམ་རྒྱུན་སྤྱིར་བཏང་ཨེ་མ་ཞེས་པ་ནི། སྤྱིར་བཏང་ངོ་མཚར་བ་ཙམ་མིན་པར་མིག་ལ་གཟུགས་མཛེས་པོ་སྣང་བ་དང༌། སེམས་ལ་དགའ་བའི་ཚོར་བ་ཤུགས་ཆེན་པོ་བྱུང་སྐབས་བེད་སྤྱོད་བྱེད་པའི་ཚིག་ཅིག་ཡིན་པར་བསམ། ཡིད་སྐྱོ་བ་དང་སེམས་སྡུག་པ། དངངས་སྐྲག་བྱུང་བ་བཅས་ཀྱི་སྐབས་སུ་ཀྱེ་མ། ཡིད་རེ་སྐྱོ། ཀྱེ་མ། ཀྱེ་ཧུད། སྲོག་སྐྱོབ་རོགས་ཞེས་པ་ལྟ་བུ། ཀྱེ་མ་ཞེས་པ་མྱ་ངན་མཚོན་བྱེད་ཀྱི་ཚིག་ཅིག་ཡིན་པ་ལས། ཀྱེ་མ། དགའ་བ་ལ་ལྟ་བུའི་ཚིག་བེད་སྤྱོད་གཏོང་སྲོལ་མེད་པ་ལྟ་བུར་འདོད། འོན་ཀྱང་དྲ་གྲོགས་རྣམས་ཀྱིས་དེའི་སྐོར་དཔྱད་ཞིབ་རེ་གནང་རོགས།




2009.01.06 17:00:10
རེད། བདེན་པ་རེད། ཁག་ཅིག་མི་ཤེས་ཤེས་མདོག་བསྟན་ནས་ཚིག་དེ་འདྲ་བེད་སྤྱོད་བྱས་པ་ཡིན་ངེས་རེད། སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་གཞས་ཚིག་གི་ཐད་ནས་ཀྱང་ཁྱད་མཚར་པོ་འདྲ་ཞིག་མཐོང་དགོས་པ་ལས། ཚིག་དོན་གཉིས་ཐད་དམིགས་བསལ་གྱི་ཚོར་བ་སྟེར་ཐུབ་མིན་ལ་དགོངས་པ་དེ་ཙམ་བཞེས་ཀྱི་མེད་པ་འདྲ། འདི་ཚོའི་རིགས་ལ་ཐེར་འདོན་དང་དགག་རྒྱག་གང་ཐུབ་བྱས་ན་རིམ་པས་ཡར་རྒྱས་སུ་འགྲོ་བར་ཕན་ནུས་ཆེ་བར་སྣང༌།

 
2009.01.07 02:15:57
ཁྱེད་རང་གིས་ཚོད་དཔག་དེ་སྔ་དྲགས་པ་རེད། ངས་ཚིག་ལ་ལྟ་བ་མ་ཟད་དོན་ལ་དེ་བས་ལྟ་ཡི་ཡོད། སྤྱིར་བོད་དང་བཙན་བྱོལ་ནང་གཉིས་བསྡུར་ན་གཞས་ཚིག་གི་ནང་དོན་བཙན་བྱོལ་བ་ཚོ་ཧ་ཅང་སྐྱོ་པོ་རེད། དོན་ལ་སྔོག་རྒྱུ་མེད་པའི་རྡོ་རིལ་ལྟ་བུ་ཞིག་རེད། མང་ཆེ་བ་བུ་མོའི་སྐོར་རྐྱང་རྐྱང་རེད། སོ་སོའི་ཕ་ཡུལ་བཞག་ནས་མི་ཡུལ་ས་མཐར་སླེབས་པའི་ཚོར་བ་མངོན་ཐུབ་པ་ཞིག་ད་ལྟ་བར་དུ་མཐོང་མ་སོང༌། འོན་ཀྱང་ཁར་ཁེར་གྱི་དབྱངས་སྙན་པོ་འདྲ་ཡང་འདུག མདོར་ན་བཙན་བྱོལ་བའི་གཞས་པ་དང་དེ་བཞིན་གཞས་ཚིག་འབྲི་མཁན་ཚོས་རྗེས་ཕྱོགས་སུ་གཟབ་ནན་དགོས་གལ་ཆེ་བ་མཐོང༌།

 
2009.01.07 14:01:57
ཚོད་དཔག་གང་ཡང་བྱས་མེད། གངས་རིའི་ལྷ་སྲས་ཟེར་བ་འདི་ཡང་སོག་ཤོད་པ་ནང་བཞིན་ཚིག་མདུང་མདུང་རྐྱང་རྐྱང་བརྗོད་མཁན་ཞིག་རེད། བཙན་བྱོལ་ནང་གཞས་པ་རྣམས་ཀྱི་ནང་ནས་ཕུལ་དུ་བྱུང་བ་དེ་འདྲ་མང་པོ་ཐོན་མི་ཐུབ་པ། ཚིག་དང་དབྱངས་སོགས་ལ་ཆེད་མཁས་མི་སྣ་རོགས་རམ་བྱེད་མཁན་མེད་པས་རེད། ཚིག་དོན་དབྱངས་གསུམ་གང་གི་ཐོག་ནས་བཤད་ཀྱང་བོད་ནང་དང་བསྡུར་ན་རྗེས་ལུས་ཐེབས་འདུག

 
2009.01.07 19:16:52
quest
ཚིག་མདུང་མདུང་ཟེར་བའི་དོན་གང་རེད། ཚིག་མདུང་ནང་བཞིན་རྣོན་པོ་འདུག་ཟེར་གྱི་ཡོད་རེད་པས། མ་གཞི་ཚིག་ལས་མ་གྲུབ་པའི་དོན་ཞིག་ག་པར་འཚོལ་བར་འགྲོ་དགོས་རེད།

 
2009.01.07 19:33:32
ལྷ་སྨོན་པ་ལགས། ཁར་སང་དེ་རིང་བེར་འཇིགས་ཀྱིས་དྲྭར་ཞུགས་མི་སྣ་ཚོ་རྩད་གཅོད་བྱེད་བཞིན་པའི་སྒང་རེད་འདུག ཁ་བརྡ་དྲྭ་བའི་སྟེང་དུ་ལྷ་སྨོན་པ་ཟེར་བ་དེ་ཚགས་པར་གཉེར་མཁན་ཞིག་རེད་ཅེས་བཤད་འདུག་ལ་དེ་རིང་འདིར་མིང་དངོས་སུ་མི་སྟོན་མཁན་ཚོ་སྐྱོན་ཆེ་ཚུལ་མང་པོ་ཞིག་བཤད་འདུག ད་གང་དྲག དྲྭ་རྒྱར་ཞུགས་མཁན་མི་ལ་ལས་བེར་འཇིགས་ཁོ་རང་ལ་རྡུང་བརྡེགས་གཏོང་རྩིས་ཡོད་ལུགས་ཀྱི་སྐྱོན་འཛུགས་ཀྱང་བྱས་འདུག དངོས་གནས་ཁྱེད་ཚགས་པར་བཟོ་མཁན་ཞིག་ཡིན་ནམ།

 
2009.01.07 22:44:38
quest
དྲྭ་གནས་འདིར་ཕེབས་པའི་དྲྭ་གྲོགས་རྣམ་པ་ཚོར་ཐོག་མ་ངས་མཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་བ་དང་ཆ་ཅིག ཕྲན་གྱི་ལོ་རྒྱུས་མདོར་བསྡུས་ཙམ་ཞུ་འདོད་བྱུང་། ཕྲན་ནི་ད་སྐབས་བོད་ཡིག་སོགས་ལ་སློབ་གཉེར་བྱེད་བཞིན་པའི་སློབ་མ་ཞིག་ཡིན་པ་དང་། སྔར་དབྱིན་ཡིག་མ་གཏོགས་ང་ཚོའི་ཐོུང་མ་ཡིན་པའི་ཡི་གེ་དང་། རྩ་ཆེ་བའི་ཤེས་བྱའི་རིགས་སོགས་ལ་སློབ་སྦྱོང་བྱེད་སའི་ཆ་རྐྱེན་སོགས་དཀོན་སྟབས་བོད་ཡིག་ཐད་དབུལ་པོ་ཞིག་ཡིན། ང་ཚོ་བོད་མི་ཡིན་ཡང་བོད་སྐད་དང་བོད་ཡིག་ཤེས་ཀྱི་མིན་ཟེར་བ་ལྟར་བུ་ཆགས་ཚུལ་ངོ་ཚར་དགོས་པའི་གཏམ་ཞིག་མ་རེད་དམ། དེས་ན་ཕྲན་གྱི་སློབ་གཉེར་ཡར་རྒྱས་ཡོང་ཐབས་སོགས་ལ་དམིགས་འདིར་འཛུལ་ཞུགས་བྱས་པ་ཞིག་ཡིན་པས། སླད་མར་ཡི་གེའི་དག་ཆ་དང་། བྲིས་སྟངས་སོགས་ཀྱི་ཐད་ནོར་འཕྲུལ་མང་དག་ཞིག་ཡོང་སྲིད་ངེས་ཡིན་པའི་དགོངས་སེལ་ཞུ་རྒྱུ་དང་། མ་ཚད་ནོར་འཕྲུལ་ཁག་རྣམས་ངེས་བཟུང་སྟེ་སློབ་སྟོན་ཡོང་བ་ཞུ་རྒྱུ་བཅས། གུས་པ་དབྱིན་མིང་ལ་ Junsten Raobak དང་བོད་མིང་ལ་ནོར་བུ་འོད་གསལ་དཔལ་བཟང་ཟེར་བས་གུས་པསཕུལ།


 
2009.01.07 19:41:09
ངས་གོང་གི་བརྗོད་གཞི་དེ་ལ་དཔྱད་ཞིབ་རེ་གནང་རོགས་ཟེར་བ་བཞིན་ལྷ་སྨོན་འདྲེ་སྨོན་ཁྱོད་ཀྱིས་དེ་འདྲ་ཞིག་ལ་བསམ་བློ་གཏོང་ན་ག་འདྲ་འདུག ཁ་གདང་ཚད་མི་སུ་ལ་ཁ་བརྡུང་གཏོང་ས་འདུག་ལྟ་ཡི་མ་འདུག སོག་ཤོད་པ་ཡིན་ནའང་འདྲ། སྐྱིད་ཤོད་པ་ཡིན་ནའང་འདྲ། བཙན་བྱོལ་ཁྲོད་ཀྱི་གཞས་པ་ཚོ་བོད་ནང་གི་གཞས་པ་ཚོ་དང་བསྡུར་ན་རྗེས་ལུས་ཡིན་པ་ངས་ངོས་འཛིན་བྱེད་ཀྱི་ཡོད་ལ། ལེགས་པའི་ཆ་ཡང་གང་འཚམ་ཡོད་པ་ཡང་ངོས་འཛིན་བྱེད་ཀྱི་ཡོད། ཁྱོད་ཀྱིས་དེའི་སྐོར་བློ་སྐྱེད་རེ་རག་པའི་བསམ་ཚུལ་རེ་ཤོད་དང༌། མི་ཞིག་ལ་སྐྱོན་འཛུགས་ག་འདྲ་ཞིག་བྱེད་དགོས་འདུག་བསམ་ནས་འདུག་མ་འཇོག

 
2009.01.10 14:55:57
འདི་རིགས་ལ་དགག་པ་ག་ཚོད་ཐུབ་ཐུབ་རྒྱག་དགོས། འདི་ཡིད་མི་སྐྱོ་ཡང་སྐྱོ་མདོག་སྟོན་པའི་ཆེད་དུ་ཀྱག་ཀྱག་བྱེད་ཀྱིན་ཡོད་སྟབས་བོད་མི་རྩམ་ཟན་ཡོངས་ལ་བརྙས་བཅོས་རེད། འདི་སློབ་དཔོན་ཐོན་མི་འདས་པོ་དེ་ལ་བརྙས་བཅོས་རེད། འདི་བོད་གངས་ཅན་པ་ཚང་གི་སྐད་ཡིག་རིག་གཞུང་ཤི་མ་གསོན་དེ་འགྱེལ་བའི་སྒང་ལ་རྡོག་རྫིས་བྱེད་པའི་སྤྱོད་ངན་ཞིག་རེད། ཀྱེ་མ་ཡིད་རེ་སྐྱོ། ཀྱེ་མ་ཡིད་རེ་སྐྱོ།