བོད་ཀྱི་བང་ཆེན། ཟིན་བྲིས། རྟའུ་ཆོས་མཛད སྙིང་སྟོབས་ལས་མཆེད་པའི་མེ་ལྕེ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2011.09.03 22:59:56
སྙིང་སྟོབས་ལས་མཆེད་པའི་མེ་ལྕེ།

-------རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུའི་བདུན་ཚིགས་གསུམ་པར་ཕུལ།

རྒྱལ་གཅེས་དཔའ་རྒོད་ཡ། ཚེ་དབང་ནོར་བུ། 

མཐོ་སྒང་གངས་རི་ལ་འགྱིངས་པའི་སེང་གེ་དཀར་མོ། 

རི་སྤྱང་དམར་པོ་ཁྲི་ཕྲག་གི་སྙིང་རྩ་འདར་བའི་ཁྱེད་ཀྱི་ངར་སྐད། 


གངས་རིའི་རྩེ་མོ་ནས་མཁའ་མཐར་ཁྱབ། 

ཁྱེད་མེད་ན་གངས་རིའི་ཕ་ས་སུས་འཛིན། 

རི་དྭགས་ཀྱི་རྒྱལ་པོའང་མེད་པར་འགྱུར།

ད་དུང་། བདེན་དོན་གཡུ་རལ་གྱི་དར་ཆ་སུས་བསྒྲེངས།

རྒྱ་རྫོང་ནགས་དཀྱིལ་ན་བརྗིད་པའི་སྟག་མོ་འཛུམ་དྲུག

ཁྱེད་ཀྱི་བང་རྩལ་རེ་རེས་རི་ལུང་དུ་མར་བརྒལ་དུས།

འཕར་བ་དམར་པོ་བརྒྱ་ཕྲག་ལ་ངོམས་པའི་ཁྱེད་ཀྱི་བང་རྩལ།

རབ་དཀར་སྤྲིན་པ་དང་འགྲོགས་ཏེ་མཁའ་ལ་དབྱིངས།

ཁྱེད་མེད་ན་འཛུམ་དྲུག་གི་རི ་མོ་རྒྱས་ཐབས་མེད།

ཁྱེད་མེད་ན་རྒྱ་རྫོང་ནགས་ཚལ་ཡང་སྟོང་བ་འདྲ།

ད་དུང་། མདུན་བསྐྱོད་མགྱོགས་རྩལ་གྱི་འཁྱུག་འགྲོས་སུ་ལའང་མེད།

བོད་མདོ་སྟོད་དུ་འཚར་བའི་རྒྱལ་གཅེས་པ་ཚེ་དབང་ནོར་བུ།

ཁྱེད་ཀྱིས་བློས་བཏང་གི་མེ་ལྕེ་གངས་ལྗོངས་སུ་མཆེད་ཚེ།

སྲིད་དབང་སྒེར་འཛིན་པའི་དམར་ཕྱོགས་པ་དུ་མས།

ཁྱེད་ལ་ཧང་སང་ཧོང་འཐོར་བཞིན་དམོད་ཚིག་བོར།

རྟའུར་དམ་བསྒྲགས་བྱས་གློག་དྲའི་བརྒྱུད་ལམ་ཐམས་ཅད་བཀག

རྒྱལ་སྤྱི་ཐོག་ཁྱེད་ལ་དོ་སྣང་ཆེན་པོར་སླེབས།

ཁྱེད་ཀྱི་སྙན་གྲགས་རི་བོ་ཧེ་མ་ལ་ཡའི་རི་རྩེ་ནས་འཛམ་གླིང་གི་ཤར་ནུབ་ཀུན་ཏུ་ཁྱབ།

ཆབས་ཅིག་རྟའུ་ཉ་མཚོ་དགོན་པའང་འཛམ་གླིང་གོ་ལ་ཧྲིལ་པོར་བསྒྲགས་ཐུབ་པ་བྱུང་།

ཁྱེད་མེད་ན་ཚེ་སྲོག་གིས་དཔལ་འབར་སུས་སྦར།

ཁྱེད་མེད་ན་རྒྱལ་དམངས་ཀྱི་མདུན་ལམ་སུས་བསྒྲུབས།

ད་དུང་། ལ་རྒྱ་སྙིང་སྟོབས་ཀྱི་དཔལ་འབར་ཡང་སྦར་མི་ཐུབ།

ཚེ་དབང་ནོར་བུ་ཡ། རྒྱལ་གཅེས་དཔའ་བོ།

ཁྱེད་ཀྱིས་མཛད་སྤྱོད་ལ་བལྟས་ན།

རྒྱལ་སྲས་སེམས་དཔའ་ཆེན་པོ་ཞིག་ཡིན་པ་ཐག་གིས་ཆོད།

རྒྱལ་བའི་ཐུགས་སྲས་ཤིག་ཡིན་པ་གོར་མ་ཆག

ངས་ཁྱེད་ལ་རྗེས་སུ་ཡི་རངས་དང་གསོལ་བ་སྨོན་ལམ་ལན་བརྒྱར་ཞུ།

༢༠༡༡ཟླ་༩ཚེས་༤བདུན་ཚིགས་གསུམ་པར་གདུང་སེམས་མཉམ་བསྐྱེད་ཀྱི་མཚོན་བྱེད་དུ་བྲིས། འོན་ཀྱང་དུས་ཐོག་འབྲི་ལོང་མ་བྱུང་བར་བློ་ཕམ་བཅས་ཧེ་མ་ཅལ་གྱི་རྒྱལ་སའམ་དབྱིན་གཞུང་སྐབས་ཀྱི་དབུས་གཞུང་གི་དབྱར་ཁའི་རྒྱལ་ས་སིམ་ལ་ཀླུའི་ཕོ་བྲང་གི་གྲུ་ཟུར་ཞིག་ན་བྲིས།

 

 

 




2011.09.03 17:03:27
ཡག་པོ་བྲིས་འདུག རྗེས་སུ་ཡི་རངས་དང་མཉམ་དམ་པ་ཁོང་ལ་ཡང་བློ་གཅིག་སེམས་གཅིག་གིས་བཀའ་དྲིན་ཆེ་ཞུ་བ་ཡིན།

 
2011.09.03 20:45:42
ཆོས་མཛད་ལགས། དངོས་གནས་ཡག་པོ་བྲིས་གནང་འདུག རྗེས་སུ་ཡི་རངས་ལོས་ཡོད། ང་ཡང་ཐོག་མར་དེ་ལྟ་བུའི་དཔའ་བོ་དུ་མ་ཞིག་ང་ཚོ་དང་བྲལ་ཏེ་འཇིག་རྟེན་ཕྱི་མར་འགྲོ་དགོས་བྱུང་བས་སེམས་ཧ་ཅང་སྐྱོ་བྱུང་། འོན་ཀྱང་ཁོང་རྣམ་པའི་རྗེས་སུ་ཞི་བདེ་ལ་དགའ་བའི་འཛམ་གླིང་མི་མང་གིས་ཁྱེད་ལྟར་བསྟོད་བསྔགས་དང་བཅས་ཏེ་གདུང་སེམས་མཉམ་བསྐྱེད་གནང་བ་ལ་བསམ་ན་དགའ་འོས་པ་ཞིག་ལས་ཡིན། ཆོས་མཛད་ལགས། མི་མཐུད་དུ་བྲི་གནང་ཡོང་བར་ཞུ། ངས་ནི་ཁོང་རྣམ་པ་ང་ཚོའི་བདེ་སྐྱིད་ཀྱི་ཆེད་དུ་མེ་མདའ་དང་མི་ལྕེའི་ཁྲོད་ནས་འཇིག་རྟེན་གཞན་ཞིག་ཏུ་ཕེབས་དགོས་བྱུང་ཡང་། སླར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བ་ལ་རྟེན་ནས་གངས་ལྗོངས་ཁ་བའི་ཡུལ་དུ་འཁྲུངས་ཤིང་། གཞིས་བྱིས་མཉམ་དུ་འཛོམས་པའི་བདེ་སྐྱིད་ཀྱི་དཔལ་ལ་མཉམ་དུ་རོལ་རྒྱུར་ཡོང་བའི་སྨོན་ལམ་ཞིག་ལས་གཞན་གང་ཡང་མེད། ཐུགས་རྗེ་ཆེ། ཡིག་འབྲུ་གཉིས་གསུམ་ལས་མེད་ཀྱང་ཡིག་ནོར་གྱིས་ཁེངས་ཡོད་ཤག་ལགས་ན།
དགོངས་སེལ་ཞུ་རྒྱུ་དང་བཅས་ཏེ། ནོར་བཅོས་ཡོང་བར་འཚལ། །

 
2011.09.27 18:05:13
quest
ཆོས་མཛད་ལགས་ཡག་པོ་བྲིས་འདུག་བསྔགས་བརྗོད་ཡོད། ཁྱོད་རང་བར་སྐབས་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་པས། ག་ལ་བྱོན་ནམ་བཀྲིས་བདེ་ལེགས་ཞུ

 
2011.09.28 21:17:41
quest
གྲོགས་པོ་རྙིང་པ་ལ་འཚམས་འདྲི་གྲངས་མེད་ཡོད།
ང་གང་དུ་ཡང་ཕྱིན་མེད།ཡོད་ཡོད་པ་ཡིན།འགྲོ་ས་ཞིག་རག་གི་ཡང་མི་འདུག
ཁྱེད་རང་ཡང་མཇལ་རྒྱ་ཧ་ཅང་དཀོན་པོ་འདུག
ག་རེའི་ཐོག་ལ་བྲེལ་བཞིན་ཡོད།
དེ་ནས་་རྩོམ་ཡིག་དང་དགོངས་ཚུལ་རེ་གཉིས་གཏོང་ཐུབ་ན་ཡག་པོ་འདུག་ཨ།
སྐབས་རེ་དུས་ཚོད་རག་ན་རྩོམ་ཡིག་རེ་གཉིས་སྤེལ་རོགས་གནང་ཞུ་རྒྱུ་ཡིན།
དགོངས་ཚུལ་གསུངས་པ་ཐུགས་རྗེ་ཆེ།

 
2011.09.30 04:51:41
quest
གྲོགས་པོ་ལགས་ཐུགས་རྗེ་ཆེན། ནུབ་ཕྱོགས་བྲེལ་ཟིང་ལུང་པར་མི་མཁོ་པའི་གནས་སུ་གྱུར་པས་དེ་འདྲ་དགོངས་ཚུལ་དང་བསམ་འཆར་རིགས་གཏོང་དགོས་བསམ་ན་ཡང་ལོང་མེད་པས་དགོངས་འགལ་ཡེ་མ་གནང་རོགས།