བོད་ཀྱི་བང་ཆེན། ཟིན་བྲིས། Karma dakpa ༄༅།།ཏཱ་ལའི་རྫུན་གཏམ་ཆེན་མོ་གསུམ་གྱི་འབྲེལ་ཡོད་གནད་དོན་སྐོར།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2009.01.09 04:56:51
༄༅།།ཏཱ་ལའི་རྫུན་གཏམ་ཆེན་མོ་གསུམ་གྱི་འབྲེལ་ཡོད་གནད་དོན་སྐོར།
I copped following document from www.tibetinfor.com

I hope some one will answer and discuss how this document was not infect and it is not truth in reality

    ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཕྱིའི་རྒྱལ་ཁབ་དུ་གྱར་ནས་དུས་རབས་ཕྱེད་ཀར་ཉེ་བ་ཞིག་འགོར་བའི་ཚུན་ལ།གནའ་ནས་ད་བར་དུ་རང་ཉིད་ནི་བསམ་ཀུན་གྱི་སྐྱབས་འཇུག་ཞུ་ས་དང་ནང་བསྟན་གྱི་དགེ་སློང་པ་ཞིག་ཡིན་མདོག་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དུ་འགྲོ་འོང་བྱེད་བཞིན་ཡོད་པ་དང་། 
ཁོས
མི་གཤིས་ཀྱི་རིན་ཐང་ཇེ་ལེགས་སུ་གཏོང་བ་དངཆོས་ལུགས་ཀུན་སྙོམས་ཡོང་བར་བྱེད་པཟེར་པར་ཁ་གཡར་ནས་ག་ས་གང་དུ་ཆོས་ལུགས་དར་སྤེལ་གཏོང་བ་དང་།   ཁོས་ཞི་བདེ་དང་དྲག་ཤུལ་མ་ཡིན་པའི་ཁ་གཡང་སྙན་མོ་དེ་འུད་སྒྲོག་བྱེད་བཞིན།   ཁོའི་དྲག་ཤུལ་དང་ལྐོག་གི་བྱས་ཉེས་ཀྱི་བྱ་སྤྱོད་མཐའ་དག་ཟོལ་གྱིས་སྒྲིབ་ཡོད་པ་མ་ཟད།   ད་དུང་རྫུན་གཏམ་རབ་དང་རིམ་པ་ཞིག་རྟོག་བཟོ་བྱེད་ཀྱི་ཡོད་ལ།དེའི་ནང་དུ་མི་ཀུན་གྱིས་དོ་སྣང་བྱེད་བཞིན་པའི་རྫུན་གཏམ་ཆེན་མོ་གསུམ་ཡོད་པ་གཤམ་གསལ་ལྟར་རོ།

        གཅིག         ཁོ་ནི་བོད་ལྗོངས་མི་དམངས་ཀྱི་སྤྱིའི་འཐུབ་ཚབ་པ་ཡིན་ཟེར།

     ༡༩༥༩ལོར་ཏཱ་ལའི་ཡུལ་གྱར་བྱས་པའི་ཚུན་ལ།བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།    གཞན་ཡང་མི་རྣམས་ཀྱི་བདེ་སྐྱིད་ཀྱི་ལས་དོན་ཐད་ལ་ནུས་ཤུགས་དང་བྱས་རྗེས་ཅུང་ཟད་ཀྱང་འབུལ་མྱོང་མེད་ཅིང་།    ཐོག་མཐའ་བར་གསུམ་དུ་ཁོ་ནི་བོད་ལྗོངས་མི་དམངས་ཀྱི་སྤྱིའི་འཐུས་ཚབ་པ་ཡིན་ཞེས་བརྗོད་ཀྱི་འདུག་པ་དང་།    རང་ཉིད་ཀྱི་བྱ་སྤྱོད་མཐའ་དག་ནི་བོད་ལྗོངས་མི་དམངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཡིན་ཞེས་སྒྲོག་ཀྱིན་ཡོད།   དོན་དངོས་སྟེང་དུ་བཤད་ན།   ཏཱ་ལའི་དང་ཁའི་ཆབ་སྲིད་ཚོགས་ཁག་ནི་བོད་ལྗོངས་རྙིང་བའི་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱིའི་འཐུས་ཚབ་པ་དང་།   བོད་ལྗོངས་རྙིང་བའི་ཆབ་སྲིད་དང་དཔལ་འབྱོར།   རིག་གནས་ཐོན་ཁུངས་གྱི་སྒེར་སྡེམ་པ་དང་ཁེ་ཕན་ཐོབ་མཁན་པ་དག་ཡིན།

                                        གཉིས།     ཁོས་ཞི་བདེའི་སྒོ་ནས་གླེང་མོལ་བྱེད་པ་ལས་རང་བཙན་ཕྱོགས་སུ་རེ་སྙེག་མི་བྱེད་ཟེར།

     ཚང་མས་ཤེས་གསལ་ལྟར།   ༡༩༥༩ལོར་བོད་ལྗོངས་ཀྱི་གོང་རིམ་ངོ་རྒོལ་པ་དག་གིས་གྲངས་ཀ་ཉུང་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་པའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆེད།   དྲག་ཆས་ལ་བརྟེན་ནས་ཟིང་ཆ་སློང་བ་དང་།    སྤྱི་ཚོགས་ལམ་ལུགས་བཅོས་སྒྱུར་བྱེད་པར་བཀག་འགོག་བྱེད་པ་དང་རྒྱ་ཆེ་བའི་བོད་རིགས་མི་དམངས་རྣམས་བཅིངས་འགྲོལ་བྱེད་པར་བཀག་འགོག་བྱེད་པའི་སྟོང་སེམས་བཅིངས་པ་རེད།  ཟིང་ཆར་ཕམ་ཁ་བྱུང་རྗེས་རང་ཉིད་ཀྱིས་ཤོར་ཟིན་པའི་དབང་ཤུགས་དང་གནས་བབ་སླར་གསོ་བྱེད་ཆེད།   ཡང་བསྐྱར་ཡུལ་གྱར་སྲིད་གཞུང་ཟེར་བ་བསྐྱར་འཛུགས་བྱས་ནས་གཏོར་བརླགས་གི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

                    གསུམ།     ཁོས་བོད་ལྗོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཟེར།

     ཏཱ་ལའི་བླ་མས་རྒྱུན་དུ་ཁོས་བོད་ལྗོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བརྗོད་པ་མ་ཟད།    ད་དུང་ལོ་རེར་བོད་ལྗོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་སྐོར་ཞེས་བྱ་བའི་རྒྱབ་ཤ་དཀར་པོའི་དཔེ་ཆ་བཏོན་པ་དང་།   དཔེ་ཆའི་ནང་དུ་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་མེད་པར་བཟོ་བ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫིས་གཏོང་བར་དམའ་འབེབས་བྱེད་པའི་སྐོར་བྲིས་ཡོད་པ་རེད།   དོན་དངོས་སྟེང་དུ་བཤད་ན།   ཏཱ་ལའི་ཁོ་རང་ཉིད་ནི་འགྲོ་བ་མིའི་ཐོབ་ཐང་མེད་པར་བཟོ་མཁན་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫིས་གཏོང་མཁན་གྱི་བོད་ལྗོངས་རྙིང་བའི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་གཏེ་བོ་ཡིན་པས།    ཁོ་རང་ལ་འགྲོ་བ་མིའི་ཐོབ་ཐང་གླེང་བའི་དབང་ཆ་མེད་པ་རེད།


བྱང་བུ།: Tashi Delek


2009.01.11 23:30:53
quest
ཁོ་རེ་ཁྱོད་རྒྱ་མིའི་མགྲིན་ཚབ་པ་ཞིག་ནི་མ་རེད་བ།་

 
2009.01.12 00:40:10
quest
རྒྱ་མི་གུང་ཁྲན་ཏང་གིས་སྐད་ཆ་དེ་ཚོ་ག་དུས་ཡིན་ཡང་བཤད་བཤད་པ་རེད། དེ་ལ་ཧ་ལས་དགོས་པ་དང༌། དཔའ་ཞུམ་དགོས་པ་གང་ཡང་མ་རེད། རྒྱ་མི་གུང་ཁྲན་མིག་ཚ་ནས་ཅི་བཤད་འདི་བཤད་མེད་པའི་གནས་སྐབས་རེད། དེ་ཚོ་ཕལ་ཆེར་གུང་ཁྲན་ཏང་མགོ་རྟིང་ལོག་པའི་ཐན་ལྟས་ཤིག་ཡིན་རྒྱུ་རེད། འོན་ཀྱང་ཁྱོད་རང་རྒྱ་མིའི་མགྲིན་ཚབ་པ་ཞིག་ཡིན་པ་མི་ཤེས། ཅུང་ཙམ་མ་འགྲིག་ན་རྒྱ་མིའི་མཉམ་དུ་སྦྱར་རྩིས་མ་བྱེད་ཅེས་གོང་གི་ལན་རྒྱག་མཁན་དེ་ལ་བརྗོད་རྒྱུ་ཡིན།

 
2009.01.12 00:48:50
quest
Why don’t you answer the document instated of doubt about me?
I copped following document from www.tibetinfor.com
I hope some one will answer and discuss how this document was not infect and it is not truth in reality