The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2011.10.18 13:16:47
ལྷ་གཡག་དུང་རྭ་ཅན།

 

ལྷ་གཡག་དུང་རྭ་ཅན།

བོད་གངས་ཅན་པའི་མཚོན་དོན་བླ་ན་མ་མཆིས་ཤིང་།

ལྷ་ཡག་དུང་རྭ་ཅན་ཡ།


ཁྱེད་ལ་གཡག་ཅེས་པའི་མཚན་སྙན་དེ་འཛམ་གླིང་གི་སྐད་ཡིག་མང་པོར་བརྒྱུད་ནས།

བོད་གངས་ཅན་དང་།

གངས་ཅན་་པ་ཆབས་ཅིག་བརྒྱུད་བསྒྲགས་ཐུབ་པ་ནི།

ཆེད་དུ་བཟོས་པ་ཞིག་དང་།

རྐང་བཙུག་ནས་བྱས་པ་རྩ་ནས་མ་རེད།

དེ་ནི་དངོས་ཐོག་བདེན་རྙེད་ཅིག་རེད་ལ།

དངོས་པོའི་གནས་ཚོད་ཅིག་ཀྱང་ཡིན།

དེ་ནི་ཅི་ཙམ་བསམས་ཀྱང་ཉིད་ཀྱི་གཟུགས་སྟོབས་ར་དབྱིབས།

སྤུ་ཁ་དང་སྤུའི་ཉག་མ་ནར་མོ

སྟོད་མཐོ་ཞིང་རྒྱབ་ཅུང་ཟད་དམའ་བ་རྔ་མ་ཕྱུག་ཅིང་གཞན་དང་མི་འདྲ་བ་སོགས

ཁྱེད་ཀྱི་ལྷན་སྐྱེས་ཀྱི་ཡོན་ཏན་ཞིག་གིས་ཡིན་པ་རྟོགས་ཐུབ།

ང་ཁྱེད་ལ་དད་ནོར་གཡང་ཡ

ཡག་དཀར་དུང་རྭ

འཛམ་གླིང་ཁྱོན་ཡོངས་སུ་ཁྱེད་ཀྱི་མིང་ལ་སྐད་ཡིག་ཁག་ཏུ་གཡག་ཅེས།

བོད་སྐད་རང་སོར་གནས་པ་དེ་ཡང་ཁྱེད་ཀྱི་ཡོན་ཏན་ཉག་གཅིག་རེད།

ཁྱེད་ཀྱི་རིགས་རྒྱུད་ནི་བོད་གངས་ཅན་འི་ཤ་གསེ་རུས་གསེང་ལ་ཐིམ་ནས་ཡོད།

ང་ཚོ་ཁྱེད་ནམ་ཡང་མི་བརྗེད་ལ།

ཁྱེད་ཀྱིས་རིགས་རྒྱུད་ནམ་ཡང་ཆད་བཅུག་གིས་མིན།

གཡག་དཀར་ཡ།

བོད་ཀྱི་རྩྭ་ཐང་རི་ཆུ་ནི་ནམ་ཡང་ཁྱེད་ཀྱི་ཡིན།

ཚ་རོང་གི་རྒྱ་ནག་དང་རྒྱ་གར་གྱི་མ་ཧེ་ལ།

ཐོབ་ཐང་ནམ་ཡང་མེད།

མཐོ་སྒང་བོད་ཡུལ་ནི་ཁྱེད་ཁོ་ན་ལ་དབང་་ཞིང་།

ཁྱེད་ཁོ་ནས་ཁྱིམ་གཞི་ཡིན།

མ་ཧེ་ནི་ནམ་ཡང་བྱེས་གནས་པ་ཡིན་ལ།

ནོར་གཡག་ནི་གཏན་གྱི་གཞིས་སྡོད་པའོ།།

དྲ་ཐོག་གཡག་དཀར་པོ་ཞིག་གིས་པར་མཐོང་རྗེས་ཤེལ་མར་སྤེལ་ཏེ་facebookཐོག་སྤེལ་བ་སླར་འདིར་ཡང་བཀོད་པའོ།།༢༠༡༡༡༠༡༨

 

 




2011.10.18 13:16:37
མཆན་བསུབ་ཟིན།