བོད་ཀྱི་བང་ཆེན།
ཟིན་བྲིས།
Norbu Wodsal Pasang
test
The Tibet Express
སྐད་ཡིག་འདེམས་ས།
ནང་འཛུལ།
སྤྱོད་མཁན་གྱི་མིང༌།
གསང་ཡིག
གསང་ཡིག་བརླག་སོང་ངམ།
སྤྱོད་མིང༌བརླག་སོང་ངམ།
དེབ་སྐྱེལ་བྱེད་ཡུལ།
སྤྱོད་མཁན་གྱི་མིང༌།:
*
སྤྱོད་མཁན་གྱི་མིང༌།:
*
གློག་འཕྲིན།:
*
གསང་ཡིག:
*
གསང་ཨང་སྐྱར་ཞིབ།:
*
Fields marked with an asterisk (*) are required.
དེབ་སྐྱེལ་བྱེད་ཡུལ།
འཚོལ་བ།
གསར་འགྱུར།
བོད་ནང་གི་གསར་འགྱུར།
བཙན་བྱོལ་གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར།
ཡ་མཚན་དངོས་བྱུང་།
རྩེད་རིགས།
གསལ་བསྒྲགས།
ང་ཚོའི་སྐོར།
ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་།
ལས་འཆར་ཁག
ཐུགས་རྗེ་ཆེ།
བསམ་ཚུལ།
ཆེད་བརྗོད།
བཅར་འདྲི།
རྩོམ་ཡིག
འཕྲིན་ཡིག
མི་རབས་གསར་པའི་གླེང་སྟེགས།
སློབ་གསོ།
བོད་ཀྱི་ལོ་རྒྱུས།
འཛམ་གླིང་ལོ་རྒྱུས།
ནང་ཆོས་ངོ་སྤྲོད།
བོད་ཀྱི་སྐད་ཡིག
འཕྲོད་བསྟེན་ཤེས་བྱ།
ལེགས་བཤད་གཅེས་བསྡུས།
རྩོམ་རིགས།
སྙན་ངག
རང་མོས་སྙན་ངག
བསམ་ཚུལ།
སྒྲུང་གཏམ།
དཔེ་དེབ་ངོ་སྤྲོད།
གླེང་སྟེགས།
པར་མཛོད།
ཟིན་བྲིས།
འབྲེལ་གཏུགས།
Skip to content
Norbu Wodsal Pasang ཟིན་བྲིས།
ངོ་སྤྲོད་མདོར་སྡུས།
བོད། ལྷ་ཀླུ་གཉན ཟིན་བྲིས།
ངོ་སྤྲོད་མདོར་སྡུས།
ལྷ་སའི་བསང་དུད། ཟིན་བྲིས།
ངོ་སྤྲོད་མདོར་སྡུས།
2009.01.13
03:57:03
test
Norbu Wodsal Pasang
test
བྱང་བུ།:
2009.01.13
03:59:04
བོད། ལྷ་ཀླུ་གཉན
ཁ་སང་བླ་མ་ཙོང་བ་ཚང་གི་མཚན་ལ་ཨ་མདོའི་བླ་རྒན་ཟེར་ནས་བཤད་སོང་། དེ་རིང་ཡོང་མ་ཐག་རྗེ་ཙོང་བ་ཚང་གི་སྐུ་དཔར་གཤམ་འདུག ད་དངོས་ནས་དགོད་བྲོ་བ་ཞིག་མ་རེད་དམ། ཨ་ལ་ཀུ་རེ་ཡིན། ཟིན་བྲིས་སྒོ་འབྱེད་གནང་བ་ལ་དགའ་བསུ་ཞུ། ཟིན་བྲིས་མང་བོ་ཞིག་སྤེལ་རོགས་ཞུ་རྒྱུ་ཡིན།
2009.01.13
20:27:50
quest
དྲྭ་གྲོགས་ལྷ་ཀླུ་གཉན་ལགས།
ཁ་སང་རྗེ་ཙོང་ཁ་པ་ལ་ཨ་མདོ་བླ་རྒན་ཟེར་མཁན་བསང་དུད་ལགས་ཡིན་པས་ཁྱེད་ཀྱི་བསྐྱར་ཞིབ་ཡོང་བ་དང་། རྗེ་ཙོང་ཁ་པའི་སྐུ་དཔར་མདུན་དུ་བླུགས་པ་དེ་ལ་ཡང་མཚོན་དོན་ཞིག་ཡོད་པས་དཔྱད་པ་ཞུ། མ་ཚད་མདུན་དུ་སྙན་རྩོམ་ཞིག་བླུགས་རྩིས་བྱས་ཀྱང་བླུགས་ཐུབ་མིན་ལ་དགོངས་སེལ་ཞུ་རྒྱུ་བཅས།
2009.01.13
23:38:38
བོད། ལྷ་ཀླུ་གཉན
དགོངས་དག་ཞུ། བཤད་ས་ནོར་བ་དེར་ངོས་ལེན་ཞུ་རྒྱུ་ཡིན། རྗེས་ཕྱོགས་གཟབ་གཟབ་བྱེད་ངེས་ཡིན། ཁྱེད་རང་གི་ར་སྤྲོད་བྱས་པ་དེར་ཐུགས་རྗེ་ཆེ་ཞུ།
2009.01.15
05:53:41
quest
ངའི་མིང་ལ་བདེ་སྐྱིད་ལྷ་མོ་ཟེར་གྱི་ཡོད། ད་ལོ་ང་ལོ་ངོ་ 26་སླེབས་ཀྱི་ཡོད།
འཛིན་གྲྭ་12་ཐོན་ཞིང་མཐོ་སློབ་ལ་འགྲོ་རྒྱུའི་གོ་སྐབས་ཐོབ་མ་སོང་། ད་སྐབས་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གི་ལས་ཀ་བྱེད་ཀྱི་ཡོད། ངའི་ནང་དུ་ང་ལ་རོགས་ཁྱི་ཕྲུག་ཞིག་ལས་གཞན་གང་ཡང་མེད། ཕ་མ་གཉིས་ཆུང་དུས་ནས་འདས་ཟིན་པ་དང་གཅེན་པོ་ཞིག་ཡོད་པ་ནི་ཨ་རིར་ལ་གནས་སྡོད་བྱེད་བཞིན་ཁོ་མོར་འདི་ཕྱོགས་ལ་སྙིང་ཉེ་བའི་སྤུན་གྲོགས་གཅིག་ཀྱང་མེད། སྤྱི་སྟངས་ཁོ་མོར་བོུ་གཞན་ལ་མེད་པའི་ཁྱད་ཆོས་དམིགས་བསལ་ཞིག་མེད་ཀྱང་།
གཟུགས་པྱད་དང་རྣམ་པ་སོགས་གང་ཐད་མི་དམན་པ་འགྲོ་རྒྱུག་འཕེར་ངོས་ཤེས་པ་ཡོད། དམིགས་བསལ་ཁྱད་ཆོས་ནི། རང་ཉིད་ནང་ལས་མཁས་ཞིང་ལྷག་པར་ཞལ་ལག་ཐད་ཡུལ་གྲུ་གང་སའི་ཞལ་ལག་རོ་བཅུད་དང་ལྡན་པ་བཟོ་ཤེས་ཀྱི་ཡོད། ད་བར་ཁོ་མོར་དགའ་ཉེ་བློ་དཀར་མང་དག་ཞིག་བྱུང་ཡང་བློ་འཁེལ་ཆོག་པའི་མི་ཚེ་གཅིག་གི་གཏན་གྲོགས་ཞིག་མ་ཐུག དེ་རིང་དྲྭ་རྒྱ་འདི་བརྒྱུད་ང་ལ་གྲོགས་པོ་བཟོ་འདོད་ཡོད་པ་རྣམས་གཟའ་འཁོར་འདིའི་རེས་གཟའ་སྤེན་པའི་ཉིན་དགུང་ཚོུད་གསུམ་པའི་ཐོག་རྡ་ས་མིག་ལོར་གྷན་ཇི་T.C.V ཇ་ཁང་དུ་ཕེབས་གནང་ཡོང་བ་ཞུ། ཆ་རྐྱེན་རང་ལོ་35་ལས་མ་བརྒལ་བ། སློབ་སྦྱང་དེ་ཙམ་མེད་ཀྱང་མཐོང་འདོད་པོ་དང་ཡན་ལག་སོགས་དབང་པོ་སྐྱོན་ཅན་མ་ཡིན་པ་མ་འོང་མི་ཚེ་ནང་སྐྱིད་སྡུག་གང་ཐུག་ཀྱང་བྱམས་པོ་གནང་མཁན་ཞིག་བྱུང་ན་ཁོ་མོའི་བློ་ཡིད་ཚེམ་ངེས་ཡིན་པ་བཅས།
2009.01.15
20:54:28
quest
མི་ཁོག་སྟོང༌། གཏམ་ཁོག་སྟོང༌། དྲ་མིག་ཁོག་སྟོང༌། ཁོག་སྟོང་གསུམ་འདི་ཁྱོད་ཀྱི་ལུས་ངག་ཡིད་གསུམ་རེད༎ རྒྱ་གར་གྱི་སཱ་རྡུ་སྦ་སྦ་ཤཱཀྱ་ཐུབ་པ་དང༌། བོད་ཀྱི་ཨ་མདོ་བླ་རྒན་བློ་བཟང་གྲགས་པ། ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེ་གསུམ་ལ་སྨ་འབེབས་བྱེད་པ་ནི་ཁྱོད་ཀྱི་རག་ལུགས་རེད། ཁྱོད་ཀྱི་ལྷ་འབག་འདྲེ་འབག་ག་རེ་གྱོན་ནའང་འདྲ། ལྷ་བསངས་ཀླུ་བསངས་ག་རེ་བཏང་ནའང་འདྲ། ཁྱོད་རང་གི་མདོག་ཆ་དང་དྲི་ངན་གང་སར་ཁྱབ་ངེས་རེད།
2009.01.16
09:22:50
བོད། ལྷ་ཀླུ་གཉན
ཁོག་སྟོང་གསུམ་ལ་ཁྱེད་ཀྱིས་ག་རེ་བཤད་འདོད་ཡོད་ན་ཐད་གར་གསུང་ན་འགྲིག་གི་རེད། གང་ཡིན་ཟེར་ན་ང་རང་ནི་བོད་རིགས་ཀྱི་ལས་དབང་ཆེད་དུ་ཕན་ཚུན་གྲོས་མོལ་དང་བསམ་ཚུལ་གླེང་རེའི་བྱེད་རྒྱུར་དགའ་བ་ལས་རང་གི་མེས་པོ་གོང་མ་ཚོ་ལ་དམའ་འབེབས་བྱེད་རྒྱུར་དགའ་བས་ཁྱེད་རང་གི་གཤིས་ཀ་དེ་འདྲ་ང་རང་ལ་མེད་ལ། ང་རང་ལ་དེ་འདྲའི་རིགས་ལ་མོས་པ་ཡང་མེད། རྗེས་ཕྱོགས་ཁྱེད་རང་གི་མི་རིགས་གཞན་པ་དག་གིས་རང་རང་གི་མེས་པོ་དག་ལ་དགའ་ཞེན་དང་གུས་བརྩི་བྱེད་ལུགས་ཀྱི་གཞུང་ལུགས་ཁ་ཤས་ཤིག་ལ་སློབ་སྤྱོང་བྱེད་ཐུབ་པ་ཡིན་ན་ཡག་པོ་ཡོད་ས་རེད། ང་རང་ནི་ཁྱེད་ཀྱི་གསུང་བ་ལྟར་ཁོག་སྟོང་གསུམ་ཡིན་ན་ཡང་། ཁོག་སྟོང་གསུམ་མ་ཡིན་པའི་དྲ་གྲོགས་ཤིག་ལ་ཁྱེད་རང་གི་གླེང་མོལ་བྱེད་ཕྱོགས་ལ་ཕྲན་བུ་འགྱུར་བ་བཏང་ནས་ཁ་བརྡ་རེ་བྱོས་དང་། དེ་ནས་ཁྱེད་རང་གི་བོད་ཟེར་བའི་སྐྱིད་སྡུག་ལ་སྙིང་གཏམ་རེ་བཤད་ཐུབ་ངེས་རེད།
2009.01.16
20:29:38
quest
ལྷ་ཀླུ་གཉན་ལགས་ཀྱི་བཀའ་མོལ་ལ་100%ཐམ་པ་རྒྱབ་སྐྱོར་ཡོད། ང་རང་ཡང་བོད་མི་རིགས་ཀྱི་ལས་དབང་ཆེད་ཕན་ཚུན་གྲོས་མོལ་དང་བསམ་ཚུལ་གླེང་རེའི་བྱེད་རྒྱུར་དགའ་བ་ལས་རང་གི་མེས་པོ་གོང་མ་ཚོ་ལ་དམའ་འབེབས་བྱེད་རྒྱུའི་རིགས་ལ་མི་དགའ་མཁན་གྱི་མི་ཞིག་ཡིན་པ་མ་ཚད་སྔར་རྗེས་བར་གསུམ་དུ་དགག་ལན་ཡང་མང་དག་རྒྱབ་མྱོང་མཁན་གྱི་མི་ཞིག་ཡིན།
ས་པཎ་གྱིས།
ཡོན་ཏན་མེད་པའི་སྐྱེ་བོ་རྣམས།
ཡོན་ཏན་ཅན་ལ་ལྷག་པར་སྡང་།
གངས་ཀྱི་ཡུལ་དུ་དགུན་སྐྱེས་པའི།
ལོ་ཏོག་ལྟས་ངན་ཡིན་ཞེས་སྒྲོགས།
ཞེས་གསུང་པ་བཞིན་མི་ཁ་ཤས་ཞིག་གི་དུས་རྟག་ཏུ་ཡོན་ཏན་ཅན་དང་མེས་པོ་གོང་མ་རྣམས་ལ་དམའ་འབེབས་ལྟར་བུ་བྱེད་ཀྱི་འདུག་པ་ནི་རང་ཉིད་ཀྱི་སྦྱངས་པའི་ཡོན་ཏན་དེ་ཡང་དག་་པ་ཞིག་མ་ཡིན་པ་འམ་ཡང་ན་
ས་པཎ་གྱིས།
ཡོན་ཏན་ལོག་པར་སྦྱངས་པ་འགའ།
ལེགས་པར་སྦྱངས་པ་ཁྱད་དུ་གསོད།
ལྦ་བ་མེད་ན་གླིང་ཕྲན་འགར།
ཡན་ལག་ཉམས་པའི་སྐྱོན་དུ་བྱེད།
ཅེས་གསུང་པ་བཞིན་རང་ཉིད་ཀྱི་རྨོངས་འཆར་ཕྱིར་སྟོན་པ་ཞིག་མིན་འགྲོ་བསམ་གྱི་ཡོད།
2009.01.17
00:15:40
ལྷ་སའི་བསང་དུད།
ག་རེ། མེས་པོ་གོང་མ་ལ་ཁ་གཏོང་མི་རུང་ཨེ། ང་ནི་བདེན་རྫུན་ལ་བལྟས་ནས་དགག་སྒྲུབ་བྱེད་པར་འབད་བརྩོན་བགྱིད་པ་ལས་རང་གི་ཕ་མེས་རེད་ཟེར་ནས་ཨ་ཕའི་ཁ་ཕོར་གཙང་ཞེན་བྱེད་པའི་གོམས་སྲོལ་འདོར་ཨེ་ཐུབ་ལ་འབད་བཞིན་ཡོད། མ་གཞི་ཙོང་ཁ་པ་ལ་ཨ་མདོའི་བླ་རྒན་ལབ་ན་ག་རེ་མ་འགྲིགས་པ་རེད། ས་སྐྱའི་མཁས་པ་ཞིག་གིས་དྲུང་བློ་བ་འདི་ལ་རིགས་ལམ་པ་གསར་བུ་བ་ཞིག་གི་རྣམ་དཔྱོད་ཀྱང་མེད་ཚུལ་སོགས་གསུངས་ནས་འགལ་བའི་ཁུར་ཆེན་བཅོ་བརྒྱད་ཡིན་ནམ་ཅིག་དང་ལྟ་ངན་དྲུག་ཅུ་ཡིན་ནམ་ཅིག་གི་སྐྱོན་སོགས་ཀྱང་འགེལ་ཆོག་ས་ནས་ངས་ཨ་མདོའི་བླ་རྒན་ལབ་ན་དེ་འདྲའི་ནག་ཉེས་ཤིག་ཏུ་འགྱུར་དོན་གང་ཡིན་ནམ། མ་གཞི་ང་ཚོའི་མི་རབས་གོང་མ་ཚོས་ནོར་འཁྲུལ་གྱི་ལས་བསག་བསག་པའི་རྒྱུ་ལས་ཆག་ཆེ་ཉམ་ང་འདི་ལྟ་བུ་ཞིག་ང་ཚོའི་མགོ་ཐོག་ཏུ་ལྷུང་ཚུལ་ལ་ཡང་བསམ་གཞིག་རེ་གྱིས་དང་།
2009.01.17
03:05:31
quest
སྐུ་ཞབས་བསང་དུད་ལགས།
གྱང་ན་ནིང་རློག་ནས། ཐལ་འཚུབ་ད་ལོ་རྒྱབ་ཟེར་བས་དཔེ་ལྟར་དགག་བཞག་གོང་དུ་བྱས་སྐབས་ཁྱོད་ཀྱི་དུས་ཚོད་མེད་ལུགས་གསུང་གི་འདུག་པ་དང་། ད་ཆ་ཡང་དུས་ཚོད་ཞིག་ག་ནས་བྱུང་། འགལ་བའི་ཁུར་ཆེན་བཅོ་བརྒྱད་དང་ལྟ་ངན་དྲུག་ཅུ་སོགས་ཀྱི་བྱེད་མཁན་གྱི་མཁས་པས་རྗེས་སུ་རྗེ་བླ་མའི་མཛད་པའི་ལེགས་བཤད་རིན་པོ་ཆེ་གསེར་གྱི་འཕྲེང་བ་དེ་ཉིད་མཇལ་ནས་མཁས་པའི་མཁས་པ་ཞེས་ཆེ་བསྟོད་གང་འདྲ་བྱས་ཡོད་མེད་ཁྱོད་ཀྱི་ད་དུང་མ་མཐོང་ངམ། ངས་རེ་བ་ལ་ཁྱོད་ཀྱང་གོང་མཚུངས་དེ་འདྲ་ཞིག་ཡོང་བ་ཤོག ངས་ལྷ་ཀླུ་གཉན་ལ་རྒྱབ་སྐྱོར་བྱས་པ་ནི་དངོས་པོའི་གནས་ལུགས་བཤད་པ་ཙམ་ལས། དམིགས་བསལ་ཁྱོད་ལ་དགག་བཞག་བྱས་པ་ཞིག་མིན་པས་མཁྱེན་གནང་ཡོང་བ་ཞུ།
2009.01.18
00:08:19
ལྷ་སའི་བསང་དུད།
ནོར་བུ་འོད་གསལ་ལགས། ངས་མི་ཚེ་འདིའི་སྟེང་དུ་དུས་ཚོད་མེད་ཅེས་བརྗོད་མྱོང་བ་དངོས་གནས་དྲན་གྱིན་མི་འདུག ང་ལ་གནམ་གྱི་ལྷའི་བཀའ་དྲིན་ལས་དུས་ཚོད་ཕངས་མེད་འདི་འདྲ་ཞིག་ཐོབ་པ་འདི་ཡང་མི་ཚེ་འདིའི་བསོད་ནམས་ཤིག་ལ་བརྩི་ཆོག་ངེས་རེད། ཡིན་ན་ཡང་ཐབས་སྐྱོ་བ་ཞིག་ལ་དུས་ཚོད་ཕངས་མེད་འདི་ཡོད་རུང་འཇོན་ཐང་མེད་སྟབས་གྲུབ་འབྲས་གང་ཡང་ལེན་ཐུབ་མ་མྱོང་།
ལེགས་བཤད་གསེར་ཕྲེང་འདི་ཙོང་ཁ་པས་བརྩམས་པ་མ་རེད་ཟེར་མཁན་འདུག དེའི་ནང་དུ་ཙོང་ཁ་པ་རང་གི་འདོད་ཚུལ་དང་མི་མཐུན་པར་དབུ་མ་སྔ་རབས་པའི་བཞེད་སྲོལ་དང་མཐུན་པ་མང་པོ་བྲིས་ཡོད་རེད་ཟེར་བ་ཐོས། ཁྱེད་ལ་དེ་ཙོང་ཁ་པས་བརྩམས་པ་ཡིན་པའི་ཁུངས་སྐྱེལ་འདྲ་ཡོད་དམ། མ་གཞི་ཙོང་ཁ་པ་མི་གཅིག་གི་མི་ཚེ་གཅིག་གི་རིང་དུ་འདོད་ཚུལ་ལ་འགྱུར་བ་འགྲོ་དགོས་དོན་མེད་པ་འདྲ་བས་ད་ཡོད་ཙོང་ཁ་པའི་བརྩམས་ཆོས་དེའི་ནང་དུ་ཙོང་ཁ་པས་བརྩམས་པ་ཡིན་མིན་རིགས་གཉིས་ཡོད་པ་འདྲ།
ཁྱེད་ཀྱིས་ཅིག་ཅིག་ཅིག་གིས་ཙོང་ཁ་པ་ལ་བསྟོད་པ་བྱས་ཡོད་སྟབས་དེའི་ཙོང་ཁ་པ་ཡག་པོ་ཡིན་པར་བསྒྲུབ་ཐུབ་ཟེར་བ་སྙིང་པོ་མ་མཐོང་། སྐབས་སྐབས་སུ་མི་ལ་གནོན་ཤུགས་ལ་བརྟེན་ནས་མི་ལ་ལ་ལ་བསྟོད་པ་བྱེད་དགོས་བྱུང་བ་མང་པོ་ཡོད་རེད། དཔེར་ན། རྒྱལ་བ་རིན་པོ་ཆེས་མོའོ་ཙེ་ཏུང་ལ་བསྟོད་པ་ཞིག་བརྩམས་ཡོད་པ་རེད། ཆོས་ཀྱི་རྒྱལ་པོ་ཡིན་ཚུལ་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་འདྲ་མཚུངས་སྦྱར་ནས་བསྟོད་པ་ཕུལ་ཡོད་རེད། ཡིན་ན་ཡང་དེ་ལ་བརྟེན་ནས་མོའོ་ཙེ་ཏུང་ཆོས་ཀྱི་རྒྱལ་པོ་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་པར་བསྒྲུབ་ག་ལ་ཐུབ།
IDOBlog - blog for joomla 1.5
ཟིན་བྲིས།
ཟིན་བྲིས་སྤེལ།
ཁྱེད་རང་གི་ཟིན་བྲིས།
ཟིན་བྲིས་རྣམས་ལ་གཟིཌ།
ངོ་སྤྲོད་བཟོ་བཅོས།
ཐོ་འགོད།
འབྲེལ་གཏུགས།
མཆན་གསར་པ།
འུན་ཡ་་་་་་་་་ད་རྫོང་ཀར་ཡ
9816387411
| 2012.05.17 18:31
ཞོག་པ་བདེ་ལེགས། བརྗོད་བྱའ
བཀྲ་རྣམམ།
| 2012.05.17 17:46
བདེན་གཏམ་གསེར་གྱི་འཁར་རྔ་
བོད་ཀྱི་བྱ་གླག
| 2012.05.17 16:58
འོ་ན་སྐྱོན་འཐུ་རས་བྱེད་ན་
9816387411
| 2012.05.17 16:56
བུད་མེད་ཀྱི་དབང་ཆའི་སྐོར་
བཀྲ་རྣམམ།
| 2012.05.17 13:49