བོད་ཀྱི་བང་ཆེན། ཟིན་བྲིས། sonamtsering རྒྱལ་རོང་བོད་རིགས་ཡུལ་སྡེའི་དུས་སྟོན།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2011.10.27 20:29:06
རྒྱལ་རོང་བོད་རིགས་ཡུལ་སྡེའི་དུས་སྟོན།

      ཟླ་འདིའི་ཚེས ༢༥ ནས་ཚེས ༢༨ བར་རྒྱལ་རོང་བོད་རིགས་ཡུལ་སྡེའི་དུས་སྟོན་ཞིག་བྱས་ཡོད་པ་དང་། དེ་ཡང་འགོ་རྩོམ་མཛད་སྒོ་དེ་རྒྱལ་རོང་རིག་གནས་ཀྱི་ཁྱད་ཆོས་དོད་པོ་ལྡན་པའི་ཡུལ་སྡེ་ཁག་ཏུ་སྤེལ་ནས།


ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་ཡུལ་སྡེ་རུ་བསྐྱོད་པ་ཞེས་པའི་བརྗོད་བྱ་དམིགས་སུ་བཟུང་སྟེ།  རྒྱལ་རོང་རང་བྱུང་གླུ་གར་དང་། མཛེས་འདེམ་འགྲན་བསྡུར། རྒྱལ་རོང་བུད་མེད་ནར་སོན་པའི་ཆོ་ག་སོགས་གཙོ་བོར་སྤེལ་ཏེ།  ཡུལ་སྡེ་མི་རིགས་ཀྱི་རིག་གནས་རྣམ་པ་ལེགས་པོར་བཏོད་ཅིང་རྒྱལ་རོང་བོད་རིགས་ཀྱི་རིག་གནས་ཉིང་བཅུད་ཐོན་རྫས་སྔོག་འདོན་དང་རྒྱུན་འཛིན་བྱེད་པ་རེད་ཅེས་བརྒྱུད་ལམ་དུ་བསྒྲགས།

tashi_delek_Gyalrung_2

ཐེངས་འདིའི་དུས་སྟོན་འདི་བདེ་བླག་ངང་སྤེལ་པར། བསྟན་པ་རྫོང་གིས་གྲ་སྒྲིག་བྱ་བ་ཡོངས་སུ་སྒྲུབ་ཅིང་།  བྱ་བའི་ཚན་ཆུང་དྲུག་རྩ་འཛུགས་གནང་སྟེ་སོ་སོས་ཁྱབ་བསྒྲགས་གསར་འགོད་དང་། ཁོར་ཡུག་སྲུང་སྐྱོབ། གཞུང་ལམ་འགྲིམ་འགྲུལ།  ཚོང་ར་ལྟ་སྐུལ། བདེ་འཇགས་ལྟ་སྐུལ་སོགས་ཀྱི་བྱ་འགན་བཞེས་ལ།  དེ་དང་ཆབས་ཅིག་ཏུ་རྫོང་ཡོངས་འབྲེལ་ཡོད་འགན་ལེན་ལས་ཁུངས་ཀྱིས་འོས་འགན་གསལ་སྟོན་དང་དོན་འཁྱོལ་སྒོས་བྱ་འགུལ་ལེགས་འགྲུབ་འབྱུང་ཐུབ་པར་བྱེད་ཅིང་། ད་བར་གྲ་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་གྱི་ཡོད་པ་རེད་ཅེས་གསར་ལམ་དུ་སྤེལ།

“སི་ཁྲོན་རོང་བྲག་རྒྱལ་རོང་བོད་རིགས་ཡུལ་སྲོལ་གོམས་འདྲིས་དུས་ཆེན”ཟེར་བ་དེ་ནི་ལོ་རེར་ཐེངས་གཅིག་རེར་ཚོགས་བཞིན་པའི་དུས་སྟོན་ཞིག་ཡིན་པ་རེད་འདུག རོང་བྲག་རྫོང་ནི་རྒྱལ་རོང་བོད་རིགས་ཀྱི་ཡུལ་སྲོལ་རིག་གནས་ཀྱི་རྫོངས་ཧ་ཅང་སྟུག་པོའི་ཡུལ་ཁྱད་དུ་འཕགས་པ་ཞིག་ཡིན་ཞིང་། ཡུལ་དེའི་དམངས་སྲོལ་དུས་སྟོན་ཆེན་མོ་སྟེ་རྒྱལ་རོང་བོད་རིགས་ཡུལ་སྲོལ་གོམས་འདྲིས་དུས་ཆེན་ནི་བྱད་གཟུགས་འགྲན་པ་དང་། གླུ་གར་འཁྲབ་སྟོན། རྒྱན་གོས་འཁྲབ་སྟོན་བཅས་གཅིག་ཏུ་འདུས་པའི་དུས་ཆེན་ཞིག་ཡིན་པ་མ་ཟད།  རོང་བྲག་རྒྱལ་རོང་ཡུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པའི་སྐར་ཁུང་ལྟ་བུར་གྲུབ་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། རོང་བྲག་རྒྱལ་རོང་བོད་རིགས་ཡུལ་སྲོལ་གོམས་འདྲིས་དུས་ཆེན་ཐེངས་འགར་ཚོགས་པར་བརྒྱུད་ནས“སི་ཁྲོན་གྱི་དུས་སྟོན་ཆེན་མོ་བཅུ”དང་། རིག་གནས་པུའུ་ཡིས་གནང་བའི་རྒྱལ་ཡོངས་ཀྱི་སྐབས་བཅོ་ལྔ་བའི“མང་ཚོགས་སྒྱུ་རྩལ་གྱི་ཕུལ་བྱུང་བྱ་དགའི”རྣམ་གྲངས། “ཀྲུང་གོའི་མི་རིགས་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པའི་དུས་ཆེན”བཅས་ཀྱི་མཚན་སྙན་ཐོབ། ༢༠༡༠ ལོ་ནས་བཟུང་རོང་བྲག་རྒྱལ་རོང་བོད་རིགས་ཡུལ་སྲོལ་གོམས་འདྲིས་དུས་ཆེན་ཚོགས་པའི་དུས་ཚོད་ཁྲིམས་བཀོད་ཅན་དུ་བསྒྱུར་ནས་ལོ་རེའི་ཟླ ༡༠ བའི་ཚེས ༢༦ ཉིན་ནས་ཚེས ༢༨ བར་དུ་ཚོགས་པའི་གཏན་ཁེལ་བྱས་པ་རེད་འདུག

གསར་འགྱུར་ཡོང་ཁུངས། མཚོ་སྔོན་པོ་དྲ་བ།