དེ་རིང་ངས་བོད་ཀྱི་དུས་བབ་ཀྱི་ཟླ་བ་གཞོན་ནུའི་ཟིན་བྲིས་ལས་ལག་ཐོགས་ཁ་པར་ལས་བོད་ཡིག་གི་དྲྭ་ཚུགས་ཁག་ཀློག་ཐབས་ཀྱི་གསལ་འགྱུར་དེ་མཐོང་བ་དང་། ལམ་སང་འབྲེལ་དྲྭ་སྒོ་ཕྱེ་ནས་ google ལས་(opera mini)ཞེས་པའི་མཉེན་ཆས་ཕབ་ལེན་བྱས་ཀྱང་ཁར་པར་ནང་ཡར་འཇུག་བྱེད་མ་ཐུབ་པར་བརྟེན་གཞིས་གྲོང་དང་པོའི་སྲིད་ཐར་ཀྱི་ཚོང་ཁང་དུ་སོང་།
སྲིད་ཐར་ལ་ (opera mini) ཞེས་པའི་མཉེན་ཆས་ལག་འཕྲིན་དུ་ཡར་འཇུག་དགོས་པར་བརྗོད་ནས། ཁོས་ལམ་སང་ངའི་འདོད་པ་བསྐོང་ཐབས་བྱས་སོང་། དེ་མ་ཐག་ཟླ་བ་གཞོན་ནུའི་ལམ་སྟོན་ལྟར་མཉེན་ཆས་དེའི་ནང་གི་དྲྭ་བྱང་(འཛམ་གླིང་དྲ་བ།www)འབྲི་སའི་ནང་གི་(www)བསུབས་ནས། (opera:config) ཞེས་པ་འདི་བྲིས་པ་ཡིན། དེ་ནས་ (yes) མང་པོ་ཞིག་དང་། (no) གཉིས་ཡོད་པའི་དྲ་ངོས་ཞིག་ཤར་བ་ལས། (no)གཉིས་པོ་དེ་(yes)་ལ་བསྒྱུར་རྗེས་མཇུག་གི་ (save) ལ་མནན་ནས་གསོག་ཉར་བྱས་པ་ཡིན། དེ་ནས་བསྐྱར་དུ་ (opera mini) འབྲེལ་དྲྭ་དང་མཐུད་དེ་བོད་ཡིག་གི་དྲྭ་ཚུགས་ཁག་ལ་ཅི་དགར་ལྟ་ཆོག་པར་གྱུར་བས་སེམས་པ་སྤྲོ་བོ་བྱུང་། དོ་སྣང་དགོས་པ་ཞིག་ལ། གོང་དུ་(no)གཉིས་པོ་དེ་(yes)་ལ་བསྒྱུར་རྗེས་མཇུག་གི་ (save) ལ་མནན་ནས་གསོག་ཉར་བྱས་རྗེས་ད་དུང་དྲྭ་ངོས་དེ་རང་འཇགས་སྡོད་པ་ལས་འགྱུར་བ་འགྲོ་ཡི་མི་འདུག ད་ནི་སྤྱིར་བཏང་གི་ལག་ཐོག་ཁ་པར་ལས་ཀྱང་བོད་ཡིག་གི་དྲྭ་ཚུགས་ཀློག་ཐུབ་ཀྱི་ཡོད་པས་བོད་སྐད་ལ་དགའ་ཞིང་བོད་ཡིག་ལ་དུང་བའི་བོད་པ་ཞིག་ཡིན་ཕྱིན་སེམས་པ་མི་སྤྲོ་མཁན་སུ་ཞིག་ཡོད་དམ། ངའི་ལག་ཐོགས་ཁ་པར་ནི་ SAMSUNG རྟགས་ཅན་ཡིན་པ་དང་། གོ་ཐོས་ལ་(opera mini) སྙི་ཆས་སྤྱོད་རུང་བའི་ལག་འཕྲིན་ཚང་མར་བོད་ཡིག་གི་དྲྭ་ཚུགས་ལ་ལྟ་ཐུབ་ཀྱི་ཡོད་ཚོད་འདུག་པས། ཉིད་ཀྱིས་ཀྱང་བརྟགས་དཔྱད་ཅིག་བྱས་ན་མི་ལེགས་སམ། གནས་ཚུལ་འདི་ངས་གྲོགས་པོ་ཁག་ལ་བཤད་རྗེས་ཁོང་ཚོས་དགའ་པོ་བྱེད་ཀྱི་འདུག མ་ཚད་སྤྱིར་བཏང་གི་ལག་ཐོགས་ཁ་པར་ལས་བོད་ཡིག་བྲིས་ནས་འཕྲིན་ཐུང་གཏོང་བ་དང་། ངོ་དེབ་སོགས་ལས་དྲྭ་མོལ་བྱེད་ཐུབ་མིན་སོགས་མང་པོ་དྲིས་ཡོང་གི་འདུག་མོད། ང་ནི་འདི་འདྲའི་རིགས་ལ་མྱོང་བ་ཞན་རྐྱེན་མ་ཤེས་མ་ཤེས་ཟེར་བ་ལས་ཁོང་རྣམས་ཀྱི་འདོད་པ་བསྐང་ཐུབ་པའི་ལན་ཞིག་འདེབས་རྒྱུ་རག་མ་སོང་། གལ་ཏེ་ཁྱེད་དྲྭ་མཛའ་སུ་ཞིག་གིས་གོང་གི་དྲི་བ་དག་ལ་ལན་གསལ་པོ་རེ་རྙེད་ན་ངའི་ཟིན་བྲིས་ཀྱི་མཇུག་ཏུ་མཆན་རེ་འཇོག་རྒྱུ་མ་བརྗེད་པ་གནང་རོགས།
|
|



10:01:07