The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2009.01.18 03:44:28
ཀ་འཕྲོས།

པ་ཕ་ཨ་མ་མེད་པའི་ད་ཕྲུག་ཚོ།།

ཕ་ཡུལ་བོད་ལ་ཤ་ཚ་ཡོད་གྱུར་ན།།

བ་གླང་བཞིན་དུ་བཟའ་བཏུང་ཁོ་ན་ལ།།

མ་གཡེངས་བོད་དང་བོད་མིའི་དོན་ལ་འབུངས།།


ཙ་རི་ལ་སོགས་གནས་ཆེན་མང་པོ་རུ།།

ཚ་གྲང་ཁྱད་བསད་སྒོམ་ཆེན་ཆོས་པ་རྣམས།།

ཛ་དྲག་མེད་པར་ཞི་དུལ་བབ་ཕེབས་ཀྱིས།།

ཝ་ཡེ་དེ་འདྲར་གྱུར་བའི་སྨོན་ལམ་འཐོབ།།

 

ཞ་སེར་བསྟན་པའི་མཛེས་རྒྱན་བསྟན་འཛིན་གྱི་སྐྱེ་བུ།།

ཟ་འདྲེ་བསམ་མེད་ཀླ་ཀློ་རྒྱ་དམར་གྱིས།།

འ་རེ་འུ་རེས་རྒྱལ་སྤྱིའི་ཁྲིམས་ལུགས་ཀུན།།

ཡ་མེད་བརྡལ་བཤིགས་ད་དུང་མཚམས་མ་ཆོད།།

 

ར་བ་གངས་ཀྱིས་བསྐོར་བའི་ཞིང་ཁམས་སུ།།

ལ་བ་རལ་པོ་གྱོན་པའི་བོད་མི་ཚོས།།

ཤ་ཟད་རུས་ལ་ཐུག་ཀྱང་མ་ཞུམས་པར།།

ས་དེར་སྐྱེས་པའི་དགོས་དོན་ཚང་བར་བྱོལ།།

 

ཧ་ལམ་བྱམས་བརྩེའི་ཡ་རབས་ལུགས་སྲོལ་དང༌།།

ཨ་དོན་སྐྱོན་མེད་ནང་ཆོས་སྙིང་པོ་རྣམས།།

ཧ་ལམ་བོད་ལས་ཚང་བ་མེད་ངེས་ན།།

ཨ་མའི་བུ་ཚོས་སྙིང་ནོར་སྙིང་ལ་མཆོངས།།


བྱང་བུ།:




1999.11.29 18:30:00
quest
སོ་སོས་སྐྱོན་ཤེས་བཞིན་དུ་དོན་མེད་འཆོལ་གཏམ་སྨྲ་བ་ནི་རང་ཉིད་ཇབ་ཆུང་རེད།

 
1999.11.29 18:30:00
quest
སོ་སོས་སྐྱོན་ཤེས་བཞིན་དུ་དོན་མེད་འཆོལ་གཏམ་སྨྲ་བ་ནི་རང་ཉིད་ཇབ་ཆུང་རེད།

 
2009.01.17 23:15:39
bon
བརྗོད་བྱ་ཡག་གི

 
2009.01.17 23:22:09
ཡག་གི་ཟེར་བའི་གོ་དོན་གང་ཡིན་ནམ། དངོས་གནས་རང་ཡོད་པ་ནས་མེད་པར་བཟོ་འདོད་པ་མ་ཡིན་ནམ།

 
2009.01.17 23:58:18
bon
ཐུགས་རྒྱལ་མ་བཞེངས། ཡག་རྒྱུ་མེད་ནོ་རིག་རིག་ལ་ཡག་གི་ཅེས་བཤད་ན་བརྙས་བཅོས་རེད། ཡིན་ནའང་། བརྗོད་བྱ་འགྲིག་འདུག་བསམ་ནས་བརྗོད་བྱ་ཡག་གི་ཅེས་བཤད་པ་ལས་ཕྱོགས་གང་ཐད་ནས་ཡག་གི་ཅེས་བཤད་མེད། ཡང་གསལ་བཤད་ཅིག་ལ་བརྙས་བཅོས་བྱས་པའང་གཏན་ནས་མིན། རྩོམ་འབྲི་བ་དག་ལ་ང་སེམས་གཏིང་ནས་དགའ། ང་ཚོ་ཚང་མ་དཔུང་རྡང་སྦྲེལ་ནས་འགྲོ་དགོས། དེའི་ཕྱིརརྗེས་ཕྱོགས་ནས་མུ་མཐུད་བསམ་བློ་བརྗེ་རེས་བྱེད། འགྲིག་གམ།

 
2009.01.18 00:21:02
quest
མ་གཞི་ནས་ཡག་གི་ཟེར་བའི་གི་སྒྲ་དེ་གང་ཡིན་ངས་མ་ཤེས་སོང་བས་ནན་འདྲི་ཞུ་བཞིན་ཡོད།

 
2009.01.18 04:22:14
bon
གི་སྒྲ་དེ་མི་ཤེས་ན་དུས་བབ་སྟག་སྨྱོན་ཟིན་བྲིས་ནང་ལ་སོང་དང་དེ་ན་གསལ།

 
2009.01.18 17:16:01
quest
ཨ་ལས་ང་ཤེས་མིན་འདུག་དེ་ཕལ་ཆེར་ཨ་མདོའི་འབྲོག་སྐད་ཡིན་ས་རེད། ངོ་མ་ཡག་པོ་མིན་འདུག དེ་འདྲའི་འཕྲད་བརྫུན་བཟོ་བྱས་ཏེ་བོད་ཡིག་ལ་གྱོང་སྤྲོད་འདོད་པ་མ་ཡིན་ནམ།

 
2009.01.18 00:10:41
བརྗོད་བྱ་ཡག་བཙོག་གང་ཤེས། རྩོམ་འདི་ངའི་གློག་ྐླད་ལས་མཐོང་ཡང་ཐུབ་ཀྱིན་མི་འདུག གྲུ་བཞི་ནར་མོ་ཤ་སྟག་རེད། ཡིག་གཟུགས་གང་ཞིག་བེད་སྤྱད་པ་ཡིན་ནམ།

 
2009.01.18 00:18:06
quest
ཚང་མར་ཤར་ཐུབ་པར་ཉིད་ཀྱི་གློག་ཀླད་དུ་འཆར་མི་ཐུབ་པ་ནི་རང་ཉིད་ཀྱི་གློག་ཀླད་ཞར་བ་ཉར་བས་ཡིན་རྒྱུ་རེད། ངས་ཧི་གཟུགས་བེད་སྤྱད་ནས་ཡོད།

 
2009.01.18 00:26:23
ཨོ་དགོང་དག ཁྱོད་ཀྱིས་བཤད་པ་ལྟར་མ་རེད་ཟེར་ག་ལ་ཐུབ། ང་སྤྲང་པོ་ཞིག་ལ་གློག་ྐླད་འདི་འདྲ་ཞིག་ལས་གང་ཡོད། ངའི་གློག་ྐླད་འདི་ལ་སྐྱོན་མང་པོ་ཡོད།

 
2009.01.18 02:15:03
quest
ལྷ་སའི་བསངས་དུད། སྐྱག་པའི་ལྷ་སའི་བསངས་དུད།
མྱི་ངན་གཅིག་གིས་ལུང་པའི་ཕུ་འདབ་བཀྲུགས༎
ཟས་ངན་གཅིག་གིས་གཟུགས་པོའི་སྟོད་སྨད་བཀྲུགས༎
ལྟས་ངན་གཅིག་གིས་དྲ་ངོས་བཙོག་པ་བྱེད༎
དུ་ངན་གཅིག་གིས་ཀུན་གྱི་ཁ་སྣ་ཚ༎

མྱི་ངན་ག་འགྲོ་དུ་ངན། འདིའི་རིགས་དེ་དྲ་ངོས་ནས་ཕྱིར་འབུད་གཏོང་དགོས་ཀྱི་འདུག སྟབས་ཉེས་ལ་ཞིག་ལ་ད་ལྟར་ཕྲན་གྱི་འགྲམ་དུ་དྲ་རྒྱའི་མཐུན་རྐྱེན་ལྷུག་པོ་མེད། གང་མགྱོགས་ཀྱིས་གྲ་སྒྲིག་བྱེད་རྩིས་ཡོད། དེ་ནས་དྲ་ངོས་འདི་ནས་བློ་བསྐྱེད་དང་བསམ་བློ་བརྗེ་རེས་གང་ནུས་ཞུ་བ་དང་ཆབས་གཅིག མྱི་ངན་འདིའི་གྲས་ལ་ཁ་བརྡ་བསླབ་བྱ་གཅིག་རྒྱབ་ཁོ་ཐག་ཡིན།

 
2009.01.18 02:12:23
quest
མིསྐྱོན་ཅན། བསམ་བློ་སྐྱོན་ཅན། ཀུན་སློང་སྐྱོན་ཅན། གློག་ཀླད་སྐྱོན་ཅས། སྐྱོན་ཅན་འདིའི་གྲས་ཀྱིས། དྲ་རྒྱ་སྐྱོན་ཅན། དྲ་གྲོགས་སྐྱོན་ཅན། དྲ་ཀློག་སྐྱོན་ཅན། གོ་དོན་སྐྱོན། བཅས་མི་བཟོ་བའི་ངེས་པ་ག་ལ་ཡོད། ཚང་མས་གཟབ་གཟབ་གནང་དགོས།

 
2009.01.18 17:20:33
quest
སོ་སོས་སྐྱོན་ཤེས་བཞིན་དུ་དོན་མེད་འཆོལ་གཏམ་སྨྲ་བ་ནི་རང་ཉིད་ཇབ་ཆུང་རེད།

 
2009.01.18 20:31:46
ཨ་མའི་བུ་ཚོས་སྙིང་ནོར་སྙིང་ལ་མཆོངས་ཟེར་བ་དེའི་དོན་གོ་མ་སོང༌།

 
2009.01.18 21:43:56
quest
དགོངས་དག དོན་དེ་མ་གོ་བས་བསྟན་སྲིད་ཀྱི་བྱ་བར་འཐུས་ཤོར་འགྲོ་སྲིད་ཀྱི་མ་རེད། དེ་ལས་ནོར་འཁྲུལ་ཡོད་ཚེ་འཐེར་འདོན་བྱས་ན་ཕན་ངེས་རེད།

 
2009.01.18 21:34:33
དེང་སང་འདི་འདྲ་རེད། གཅིག་བྱས་ན་གོ་རྒྱུ་ཁེ་མཚར་དེ་འདྲ་ཡོས་ཤས་ཆེ།

 
2009.01.18 22:18:27
ངས་གང་བྲིས་པར་ནོར་འཁྲུལ་མེད་པ་ངའི་རེ་བ་མིན་འོན་ཀྱང་རང་གི་ཁྱད་མཚར་བྲིས་ཏེ་གཞན་ལ་ཁེ་མཚར་ཟེར་བ་དང་། ཡོད་ཤས་ལ་ཡོས་ཤས་བྲིས་ཏེ་རང་ཉིད་ཧང་བསངས་དགོས་པ་འཁྲེལ་མེད་རང་རེད།