དྲ་འདྲེ
|
| རྒྱ་གཞུང་དང་གཞུང་སྐུལ་རྩོམ་པ་པོས་བོད་མིའི་རང་ལུས་མེར་བསྲེག་ཐད་འཆལ་གཏམ་སྤྲོས་ཚུལ་ལ་རྒོལ་བ། |
| 2011.12.08 22:20:57 | |
|
ཧུང་ཕིང་གིས་བརྩམས། ལིའི་ཏིང་ཁྲིན་གྱི་རྩོམ་ཡིག་ལ་རྒོལ་ལན་སློག་རིན་མེད། ནང་པ་སངས་རྒྱས་པའི་ལོ་རྒྱུས་ནང་།དགེ་འདུན་པ་མི་ཉུང་བ་ཞིག་གིས་རང་ལུས་མེར་ བསྲེག་གི་བྱེད་ཐབས་ལ་བརྟེན་ནས་བསྟན་སྲུང་གི་ཆེད་དུ་རང་སྲོག་འདོར་མྱོང་།༡༩༦༦ ལོར་རིག་གསར་ཐོག་མར་ཚུགས་སྐབས། རྒྱལ་ཡོངས་ཀྱི་ས་ཁུལ་ཁག་“རྙིང་བཞི”་གཏོར་རྒོལ་ཁྲོད་ཡོད་ཅིང་། ལྷ་ཁང་དང་དགོན་པ་ཚང་མར་གཏོར་བཤིག་ཚད་མེད་ཐེབས། སྤྱི་ཟླ་༧པའི་ཚེས༡༢ཉིན། སློབ་འབྲིང་སློབ་མ་བརྒྱ་ཕྲག་ཅིག་ནང་པའི་གདན་ས་(ཧྥ་མེང་)དགོན་དུ་འཛུལ་ཏེ་གང་ བྱུང་གཏོར་བརླག་གཏོང་སྐབས། དགོན་པའི་གཙོ་སྐྱོང་མཁན་པོ་ལེང་ཆིང་གིས་བསྟན་སྲུང་གི་ཆེད་དུ་རང་ལུས་མེར་ བསྲེག་ཏེ་སྐུ་གཤེགས་པ་དང་།བསྟན་དང་འགྲོ་བའི་དོན་དུ་རང་སྲོག་བློས་བཏང་བ་རེད། རྒྱལ་ནང་གི་<<པེ་ཏོས་པེ་ཁི>>ནང་དུའང་མཁན་པོ་ལེང་ཆིང་ལ་“སྙན་ གྲགས་ཅན་གྱི་ནང་བསྟན་ཆེད་སྐུ་གཤེགས་པ”ཞེས་འབོད་པ་དང་།<<ལྒོས་ ལྒིལ>ནང་“མཁན་པོ་ལེང་ཆིང་”འཚོལ་བཤེར་བྱས་ན། གྲངས་5,610,000ཐོན་ པ་དང་།བལྟས་ཡོང་སྐབས། བསྟོད་བསྔགས་དང་དད་གུས་མཚོན་པའི་ཚིག་ཤ་སྟག་རེད་འདུག ལིའི་ཏིང་ཁྲིན་གྱིས་འདི་ལ་ཁས་མི་ལེན་ཟེར་ཕོད་དམ། འདི་ནག་བསུབ་བཏང་ནུས་སམ། ཏན་ཏན་རེད། ནང་པ་སངས་རྒྱས་པས་སྲོག་གཅོད་ལ་ངོ་རྒོལ་དང་། རང་སྲོག་གཅོད་པར་མོས་མཐུན་མེད། འོན་ཀྱང་། འདིའི་ནང་དུ་ཆོས་དད་རང་དབང་གི་དོན་དུ་རང་དབང་བཙན་གནོན་ལ་ངོ་རྒོལ་གྱིས་རང་ སྲོག་འདོར་བ་ཚུད་མེད། ཐེའེ་ཝན་གྱི་མཁན་པོ་ཞིའི་ཡུང་གིས་ཆེད་དུ་རྩོག་ཡིག་བྲིས་ཏེ་གནད་དོན་འདིའི་ སྐོར་འགྲེལ་བརྗོད་གནང་ཡོད། མཁན་པོ་ཞིའི་ཡུང་གིས་གསུངས་དོན།“རང་སྲོག་གཅོད་པ་ཀུན་སྤྱོད་དང་མི་མཐུན་མོད། ཡིན་ན་ཡང་ཚིག་གཅིག་གིས་ཐག་བཅད་ཐུབ་པ་ཞིག་མིན། དཔེར་ན། སྐྱེས་བུ་དམ་པ་མང་པོས་སྲོག་གཅོད་ཏེ་བྱང་སེམས་ཀྱི་སར་གཤེགས་པ་དང་། བདེན་དོན་གྱི་ཆེད་དུ་རང་སྲོག་འདོར་བ། རྒྱལ་ཁབ་དང་འགྲོ་བ་མིའི་རིགས་ཀྱི་ཁེ་ཕན་གྱི་དོན་དུ་རང་ཉིད་བློས་བཏང་བ་འདི། ཁྱོད་ཀྱིས་རླབས་ཆེན་གྱི་སྤྱོད་པ་མ་རེད་ཅེས་བཤད་ཕོད་དམ། གལ་ཏེ་མི་གཅིག་བསད་པ་ཐམས་ཅད་ཀུན་སྤྱོད་དང་མི་མཐུན་པའི་དོན་ཡིན་ན། ཁྲིམས་དཔོན་གྱིས་སྲོག་ཁྲིམས་གཅོད་པ་འདི་ཡང་སྙིང་སྤྱོད་ལམ་དང་མི་མཐུན་པ་ཡིན་ ནམ། ཁྲིམས་དཔོན་གྱིས་ཉེས་ཅན་པར་སྲོག་ཁྲིམས་གཅོད་པའི་དམིགས་ཡུལ་ཀྱང་སྤྱི་ཚོགས་ ཀྱི་བདེ་འཇགས་སྲུང་སྐྱོབ་དང་།སྤྱི་ཕན་དང་དྲང་བདེན་གྱི་ཆེད་རེད། ཁྱོད་ཀྱིས་འདི་ཀུན་སྤྱོད་དང་མི་མཐུན་པའི་བྱ་སྤྱོད་རེད་ཅེས་བཤད་ནུས་སམ། ཡང་རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་ལྟ་བུར་ཆ་བཞག་ན། དམག་འཁྲུག་ལངས་མ་ཐག་མི་བསད་ཁྲག་སྦྱོར་བྱས་པ་དང་། ནང་པས་སྲོག་གཅོད་པར་གནང་བ་མེད། དགྲ་གསོད་ཀྱང་འདུལ་ཁྲིམས་དང་འགལ་བ་ཡིན། དམག་འཁྲུག་སྐབས་དགྲ་བསད་པ་འདི་ཀུན་སྤྱོད་དང་མཐུན་ནམ།”མཁན་པོ་ཞིའི་ཡུང་གིས་ གསུངས་དོན།“གལ་ཏེ་གནོད་སེམས་འཆང་ནས་མི་གསོད་ན། ཀུན་སྤྱོད་དང་མི་མཐུན་པ་ལོས་ཡིན། འོན་ཏེ། སྙིང་རྗེའི་ཀུན་ནས་སླངས་ཏེ་རང་སྲོག་གཅོད་དེ་གཞན་སྲོག་སྐྱོབ་ན། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རེད།” མཁན་པོ་ཞིའི་ཡུང་གིས་མཚན་ཉིད་རིག་པ་བ་ཁྲིང་ལིའི་སྐད་ཆ་ལུང་འདྲེན་དོན། “རྒྱལ་ཁབ་གཅིག་གི་གསང་མྱུལ་བ་ཞིག་གིས་གལ་ཏེ་གསང་བ་ཧ་ཅང་ཆེན་པོ་ཞིག་སྲུང་ སྐྱོབ་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་ཀྱང་།དེ་ནི་རང་སྲོག་གཅོད་པར་མི་ བརྩི། རྒྱུ་མཚན་ཡང་འདི་ལྟ་བུའི་བྱ་སྤྱོད་དེ་རང་ཉིད་སྒེར་དོན་ལ་བརྟེན་ནས་བྱུང་པ་ མིན་པར།རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ཀྱི་ཆེད་དང་།རྒྱལ་ཁབ་ཀྱི་བདེ་འཇགས་ ཕྱིར་དུ་རེད།“འདིའི་རིགས་ནི་མཆོག་ཏུ་གྱུར་པའི་དམིགས་འདུན་གང་རུང་ཞིག་གི་ དོན་དུ་རང་ཉིད་ཀྱི་ཚེ་སྲོག་ཆུང་ངུ་མཇུག་བསྡུས་པའི་བྱ་སྤྱོད་ཅིག་རེད། རང་སྲོག་གཅོད་པ་མ་རེད།” “བློས་བཏང་ལེགས་སྐྱེས”ཤིག་རེད། ༡༩༦༣ལོའི་ཟླ༦པའི་ཚེས་༡༡ཉིན། ཝིན་ཐི་ནཱམ་གྱི་དགེ་འདུན་པ། དགུང་ལོ་༦༦སོན་པ་བླ་ཆེན་ཧྲིན་ཀུང་ཏིང་གིས་ཝུང་ཐིང་ཡཱེ་སྲིད་གཞུང་གིས་ནང་ པའི་རྗེས་འཇུག་པར་གནོད་འཚེ་གཏོང་བར་ངོ་རྒོལ་ཆེད། ཞྭིའི་ཀུང་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་ཀྱིས་རྐྱེན་འདས་སུ་སོང་ཡོད། མཁན་པོ་ཞིའི་ཡུང་གིས་སྐབས་དེར་བྲིས་པའི་རྩོམ་ཡིག་ནང་འདི་ལྟར་གསུངས་ཡོད།“ནང་ པའི་རབ་བྱུང་བར་མཚོན་ཆ་མེད་ལ་སྔར་ནས་མཚོན་ཆ་བཀོལ་མྱོང་མེད། འོན་ཀྱང་། ནང་པའི་སློབ་མར་མཚོན་ཆ་ལས་ཀྱང་སྟོབས་ཆེ་བའི་ཡིད་ཆེས་དང་གདེང་ཚོད་ཡོད་ལ། རང་ཉིད་བློས་བཏང་གི་བསམ་བློའི་སྙིང་སྟོབས་ལྡན།” དེ་ལས་ཤེས་ཐུབ་པ་ནི། རང་ལུས་མེར་བསྲེག་དྲག་པོའི་ལས་མ་རེད་ལ། མཚོན་ཆའང་མ་རེད། རང་ཉིད་བློས་བཏང་རེད། མཁན་པོ་ཞིའི་ཡུང་གིས་ཁ་གསལ་ངང་གསུང་དོན།“ང་ ཚོ་ཐེངས་འདིའི་ཝན་ཐི་ནཱམ་ནང་པའི་དགེ་འདུན་པའི་འཐབ་རྩོད་ལ། གཟི་བརྗིད་ལྡན་པའི་དད་འདུན་རང་ཤུགས་སུ་སྐྱེས་ཤིང་།རང་དབང་མེད་པར་སྐད་གསང་ མཐོ་པོས།“སྟོན་པའི་རླབས་ཆེན་གྱི་གསུང་རབ་ལ་བསྟོད་ཕྱག་འབུལ། ཝན་ཐི་ནཱམ་ནང་པའི་དགེ་འདུན་པའི་བསྟན་སྲུང་གི་བརྩེ་སེམས་ལ་བསྟོད་ཕྱག་འབུལ། དེ་བས་ཀྱང་བླ་ཆེན་ཀུང་ཏིའི་བློས་བཏང་སྙིང་སྟོབས་ལ་བསྟོད་ཕྱག་འབུལ།” མཁན་པོ་ཞིའི་ཡུང་གིས་ཧྲིན་ཀུང་ཏི་ལ་བསྟོད་བསྔགས་ཕུལ་ཡོད་པ་དང་། ཁོང་ལ་“རླབས་ཆེན་གྱི་འཕགས་པ”་ཞེས་འབོད་ཡོད་པ་རེད།“ཁོང་གི་ཚེ་གཅིག་བསྟན་པར་ ཕུལ་ཡོད། ཐ་ན་ཆེས་མཐའ་མཇུག་གི་ཚེ་སྲོག་ཀྱང་རྒྱལ་བསྟན་ལ་ཕུལ་བ་མ་ཟད། ཕུལ་སྟངས་ནི་ཧ་ཅང་ཚ་ཚ་འུར་འུར་རེད། ནང་བསྟན་སྲུང་སྐྱོབ་བྱེད་པའི་ཆེད་དུ། ཁོང་མེ་ལྕེ་དམར་པོའི་ཁྲོད་ཆུ་ཚོད་ཕྱེད་ཀའི་རིང་འབར་ཡོད་ཀྱང་། སྨིན་པ་ཙམ་ཡང་བསྡུས་མེད་ལ། ཁ་ལྕེ་ཙམ་ཡང་འགུལ་མེད། ཁོང་གི་བག་ལྷོད་དང་ཞི་འཇམ། ཁོང་གི་རེ་འདུན་དང་ཡིད་ཆེས་ཀྱིས། འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་རིགས་ཀྱི་གདུང་སེམས་ཐོབ་ཡོད། ང་ཚོས་ཚོད་དཔག་ཐུབ་པ་ནི། སྲིད་འཛིན་ཝིང་ཐིང་ཡཱེ་ལ་མེ་སྒྱོགས་དང་མེ་མདའ། དམག་མི་དང་དྲག་མཚོན་སོགས་ཡོད་ཀྱང་། ཁོས་ཝིན་ཐི་ནཱམ་གྱི་རབ་བྱུང་བའི་བློས་བཏང་སྙིང་སྟོབས་ལ་རྒྱལ་ཁ་ནམ་ཡང་ཐོབ་ མྱོང་མེད། ང་ཚོ་ནང་པ་སངས་རྒྱས་པའི་ལོ་རྒྱུས་ནང་། ད་ལྟའི་བར་སུ་ལའང་རྩོད་པ་མེད་ཀྱང་།དམ་པའི་ཆོས་ཀྱི་དར་རྒུད་ཆེད། སྙིང་རྗེའི་སེམས་བསྐྱེད་དེ་རང་ཉིད་བློས་བཏང་གི་བསམ་བློ་དང་། ཁ་གཏད་གསལ་འདོན་གྱི་ཆེད། ཧྲིན་ཀུང་ཏི་ཡི་བློས་བཏང་གི་སྐོར་ལ། ང་ཚོས་ལག་གཉིས་ཐལ་མོ་སྦྱར་ཏེ་མགོ་བོ་དགུང་དུ་གཏད་ན། འདི་ནི་དགའ་འོས་པའམ་སྐྱོ་དགོས་པ་གང་ཡང་བཤད་མི་ཐུབ། ང་ཚོར་སྐྱོ་སྣང་སྐྱེས་ཤིང་གཟི་བརྗིད་ཀྱང་ཚོར།” རྩོམ་ཡིག་གི་མཇུག་ཏུ། མཁན་པོ་ཞིའི་ཡུང་གིས་འཛམ་གླིང་ཡོངས་ཀྱི་ནང་པ་སངས་རྒྱས་པ་རྣམས་ལ་འབོད་སྐུལ་ ཞུས་དོན། ཁོང་གིས་“སློབ་དཔོན་ཧྲིན་ཀུང་ཏི་ཡི་བློས་བཏང་། རི་བོ་ལས་ལྟོས་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ། འཛམ་གླིང་ཡོངས་ཀྱི་ནང་པའི་རྗེས་འཇུག་པ་རྣམས་ཀྱིས། འཕགས་པ་འདིའི་ཆེད་དུ་མྱ་ངན་དང་གུས་འདུད་ཞུ་འོས། དེ་ལས་ཀྱང་ཁོང་གིས་བསྟན་པའི་དོན་དུ་རང་སྲོག་བློས་བཏང་གི་སྙིང་སྟོབས་ལ་ བསྟོད་གླུ་འབུལ་དགོས། ང་ཚོས་ཁོང་གི་རླབས་ཆེན་གྱི་མཛད་པ་རྣམ་ཐར་བྲིས་ཏེ། འགྱུར་མེད་ཀྱི་བསླབ་བྱ་འདི་མ་འོངས་པའི་ནང་པའི་རྗེས་འཇུག་པ་རྣམས་ཀྱི་བསམ་ བློའི་ཀློག་དེབ་ཏུ་འཇོག་འོས།” རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཧུང་ལིན་གྱིས་བོད་མིའི་རང་ལུས་མེར་བསྲེག་ དོན་རྐྱེན་སྐོར་བཤད་སྐབས། བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་དང་།བོད་མི་སྒྲིག་འཛུགས་ཀྱིས་རང་ལུས་ མེར་བསྲེག་ལ“སྐྱོན་བརྗོད་མི་བྱས་པ་མ་ཟད་མཛེས་རྒྱན་སྤྲས་པ་དང་།གཡོས་སྦྱོར་ བྱས་པ། ཐ་ན་མི་གཞན་གྱི་བཀག་འགོག་ལ་ཟིང་ཆ་སློང་བ་རེད།”ད་དུང་ཐ་ན་བཤད་རྒྱུར། “བོད་མིའི་སྒྲིག་འཛུགས་ཀྱིས་བྱེད་སྟངས་ནི་“འགྲོ་བ་མིའི་རིགས་ཀྱི་བྱམས་བརྩེ་ དང་ཀུན་སྤྱོད་གསང་ཐིག་ལ་འགྲན་སློང་བ་དང་། གནམ་འོག་ན་འདི་ལས་ལྷག་པའི་ཁུངས་ལུང་མེད་པའི་རྒོལ་རྡུང་དང་བདེན་རྫུན་གོ་ ལྡོག་ཅིག་མེད།” རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པའི་བཤད་སྟངས་ལ་གཞིགས་ན།མཁན་པོ་ཞིའི་ཡུང་གིས་ ཧྲིན་ཀུང་ཏི་ཡི་རང་ལུས་མེར་བསྲེག་ལ་བསྔགས་བརྗོད་དང་བསྟོད་གླུ་ཕུལ་བ་དེ། ལྡབ་འགྱུར་གྱིས་“འགྲོ་བ་མིའི་རིགས་ཀྱི་བྱམས་བརྩེ་དང་ཀུན་སྤྱོད་གསང་ཐིག་ལ་ འགྲན་སློང་བ་”ཞིག་མ་རེད་དམ། << པེ་ཏུང་པེ་ ཁི>>་ནི་རྒྱ་ནག་སྐམ་ས་རང་ཉིད་ཀྱི་འཚོལ་བཤེར་སྒེའུ་ཁུང་ཞིག་རེད། མཁན་པོ་ཞིའི་ཡུང་ནི་རྒྱ་གཞུང་གིས་གྲོགས་པོར་བརྩིས་པའི་ཆོས་ལུགས་ཁྲིད་ཅིག་ རེད། གོང་དུ་ངས་ཁོང་ཚོའི་ཡི་གེ་ལུང་འདྲེན་བྱེད་པ་དེ། རྒྱ་གཞུང་དང་གཞུང་སྐུལ་རྩོམ་པ་པོས་འདི་ལ་འགྲེལ་བརྗོད་ཅི་ལྟར་རྒྱག་མིན་བལྟ་ རྒྱུའི་ཆེད་ཡིན། དེ་རིང་གི་རྒྱ་ནག་ལ་རང་སྲོག་གཅོད་པའི་རྒྱལ་ཁབ་ཅེས་འབོད་རུང་སྟེ། རང་སྲོག་བཅད་མཁན་གྱི་གྲངས་ཚད་འཛམ་གླིང་གི་ཨང་དང་པོ་ཡིན་པར་ཐེ་ཚོམ་མེད། གཤིབ་བསྡུར་གྱི་དཔེ་མཚོན་ཞིག་བཀོད་ཀྱང་མདུན་དུ་སླེབས་ངེས། རྒྱ་ནག་ནི་རང་ལུས་མེར་བསྲེག་གི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན། ཉེ་ཆར་གྱི་དུས་ཚོད་ཐུང་ངུ་ཞིག་གི་ནང་།བོད་ཀྱི་གྲྭ་བཙུན་གྱི་རང་ལུས་མེར་ བསྲེག གནས་སྤོས་ཁྱིམ་བདག་གི་རང་ལུས་མེར་བསྲེག གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་རང་ལུས་མེར་བསྲེག མི་རྣམས་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ། ལྷག་པར་དོ་སྣང་བྱ་རིན་ཡོད་པ་ཞིག་ནི། རྒྱ་ནག་གི་རང་སྲོག་གཅོད་པ་དང་རང་ལུས་མེར་བསྲེག་གི་དོན་རྐྱེན་དཔེ་མཚོན་ནང་། ངོ་རྒོལ་ཐོབ་ཐང་ལ་གནོན་ཤུགས་ཀྱི་ལྗིད་ཚད་ཧ་ཅང་མཐོ་པོ་ཟིན་ཡོད་པ་དང་། དོན་དངོས་སུ། རང་ལུས་མེར་བསྲེགས་ཐམས་ཅད་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱས་པ་རེད། རྒྱ་གཞུང་རང་ཉིད་ཀྱི་སེམས་ལ་ཧ་ཅང་གསལ་པོ་ཡོད། དེའི་ཕྱིར་མཐའ་གཅིག་ཏུ་རྒོལ་རྒྱག་བྱེད་པ་རེད། ད་དུང་རང་ལུས་མེར་བསྲེག་མཁན་དང་རང་ལུས་མེར་བསྲེག་ལ་གདུང་སེམས་འཛིན་མཁན་ ཕྱོགས་ལ་ཉེས་མིང་སྣ་ཚོགས་འདོགས་ཏེ། གཙང་ཆུ་རྙོག་པོར་དཀྲུག་ཐབས་བྱེད་པ་རེད། མི་དམངས་རེ་ཟུང་གནད་དོན་འདིའི་རིགས་ལ་རྒྱུས་མངའ་དང་ཤེས་རྟོགས་མེད་པའི་ རྐྱེན་ཀྱིས་མགོ་རྨོངས་སྲིད་ཅིང་། རང་ལུས་མེར་བསྲེག་གི་ངོ་རྒོལ་གྱི་དོན་སྙིང་ལ་གོ་བ་ལོག་སྒྲུབ་བྱ་སྲིད། རྒྱུ་མཚན་དེར་བརྟེན།ང་ཚོས་ངེས་པར་དུ་རང་ལུས་མེར་བསྲེག་ཚུད་པའི་ངོ་རྒོལ་རང་ བཞིན་གྱི་རང་སྲོག་གཅོད་པར་རྒྱ་ཆེ་གཏིང་ཟབ་ཀྱི་རྒྱས་བཤད་དང་འགྲེལ་བརྗོད་གསལ་ པོ་རྒྱག་དགོས། མ་རྩོམ་ཡོང་ཁུངས་http://biweekly.hrichina.org/article/1295
བྱང་བུ།: རང་ཉིད་སངས་རྒྱས་པར་གྱུར་ཅིག
|
|