བོད་ཀྱི་བང་ཆེན། ཟིན་བྲིས། སྨོན་ལམ་མཐར་ཕྱིན། རོང་ཚ་བསྟན་འཛིན་ཕུན་ཚོགས་ཀྱི་ཁ་ཆེམས།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2011.12.10 00:23:55
རོང་ཚ་བསྟན་འཛིན་ཕུན་ཚོགས་ཀྱི་ཁ་ཆེམས།

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་པར་ལེའུ་ཚན་གཙོ་སྐྱོང་བ་ཚེ་བརྟན་སྒྲོལ་དཀར་ལགས་ཀྱི་འཕྲུལ་སྒྲའི་(twitter)ནང་འཁོད་གསལ།

བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ཞལ་ཆེམས་ནང་བོད་ཁམསསྤྱི་དང་ད་ལོ་ཀརྨ་དགོན་པའི་སྡུག་བསྔལ་འདི་བསམ་ཚེ་བདག་འཇིག་རྟེན་འདིར་བསྡད་ན་ཚེ་འགྲོ་ཐབས་མི་འདུག་ཅེས་བྲིས།

ཁོང་གི་ཞལ་ཆེམས་ལྟ་བུར་གྱུར་བའི་ཡི་གེ་ཁག་ཅིག་འདུག་པའི་ནང་གཅིག་ནི། ཡིག་ཆའི་ཕྱི་སྐོགས་ལ། ཀརྨ་དགོན་པའི་སྒོ་ཆེན་ལ་སྦྱར་རོགས་ཅེས་བྲིས་ཡོད་འདུག

ཡི་གེའི་ནང་དུ། བོད་ཀྱི་ཁྱད་ཆོས་ནང་པ་སངས་རྒྱས་ཆོས་ལུགས་ཡང་དག་པའི་ལྟ་བ་མ་ནོར་བར་ལེགས་པར་འཛིན་སྐྱོང་བྱེད་པའི་ཀརྨ་དགོན་མཁན་བློ་གྲོས་རབ་གསལ་དང༌། རྣམ་སྲས་བསོད་ནམས་གྲྭ་བཙུན་ཐམས་ཅད་བཙོན་བཟུང་རྡུང་རྡེག་འདི་འདྲ་བཟོས་ན་ངེད་ཀརྨ་དགོན་མཁན་སློབ་འབྲེལ་ཡོད་ཐམས་ཅད་སྡུག་བསྔལ་གྱི་ཤི་ན་དགའ་འདུག ཅེས་ཕྲན་ལ་རྒྱ་འཛིན་པའི་ཐ་ཤལ་པ་བསྟན་འཛིན་ཕུན་ཚོགས་ནས་བྲིས། སྤུན་ཟླ་ཚོ། སེམས་མ་ཕམ། དཔའ་མ་ཞུམ། ཞེས་བཀོད་ཡོད་འདུག

ད་དུང་ཁོང་གིས་བཞག་པའི་ཡི་གེ་གཞན་ཞིག་ནང་། བདག་གཞན་བརྗེ་བའི་ཆོས་གྲོགས་ཚོ། བསྟན་པ་འཛིན་པའི་མཁན་པོ་རྣམ་གཉིས་དང༌། གྲྭ་བཙུན་ཚོ་ལ་བསམ་མནོ་ཞིག་གཏོང་དང།   ཆོས་ལུགས་སྤེལ་མི་ཆོག་པའི་དབང་འདུས་ལ་ཡིད་ཆེས་འདུག་ལགས་སམ། བསྟན་འཛིན་ཕུན་ཚོགས་ནས་བྲིས། ཞེས་བཀོད་ཡོད་གནས་ཐོན་འདུག




2011.12.10 14:54:30
གལ་སྲིད་འདས་པོའི་ཞལ་ཆེམས་དེ་འདྲ་ཞིག་ཡོད་ན་ཡོངས་གྲགས་ཀྱི་གསར་འགྱུར་རྒྱུད་ལམ་ཁག་ལ་མི་སྤེལ་བ་twitterགཅིག་པུ་ལ་སྤེལ་དོན་ཅི་ཡིན་ནམ། གཏམ་གླེང་ཞལ་པར་གྱི་ལེའུ་ཚན་གཙོ་སྐྱོང་བ་སྒྲོལ་དཀར་ཞེས་པ་རིགས་ཞེན་ལ་རྒྱལ་ཅན་ཞིག་གོ་མྱོང་ཀྱང་ཚེ་བརྟན་སྒྲོལ་དཀར་ཞེས་པ་གོ་མ་མྱོང་སུ་ཡིན་མི་ཤེས།

 
2011.12.11 13:19:50
བཀྲ་རྣམ་ལགས། གསར་འགྱུར་འདི་ཕྱི་ལོ་ ༢༠༡༡།༡༢།༡༠ འགྲོ་བ་མི་ཡི་ཐོབ་ཐང་གི་ཉིན་མོར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་པར་བརྒྱུད་སྙན་སྒྲོན་གནང་འདུག་ཅིང། ཞིབ་ཕྲ་གཤམ་གསལ་ལྟར་རེད་འདུག

ཁོང་གི་ཁ་ཆེམས་ལྟ་བུར་གྱུར་བའི་ཡི་གེ་ཁག་བཞི་ཡོད་འདུག་པའི་ནང་གཅིག་གི་ཕྱི་སྐོགས་ལ། ཀརྨ་དགོན་པའི་རྒྱ་སྒོ་ལ་སྦྱར་རོགས་ཞེས་བྲིས་ཡོད་འདུག

༡༽ བོད་ཀྱི་ཁྱད་ཆོས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡང་དག་པའི་ལྟ་བ་མ་ནོར་བར་ལེགས་པར་འཛིན་སྐྱོང་བྱེད་པའི་ཀརྨ་དགོན་མཁན་བློ་གྲོས་རབ་གསལ་དང༌། རྣམ་སྲས་བསོད་ནམས། གྲྭ་བཙུན་ཐམས་ཅད་བཙོན་བཟུང་རྡུང་རྡེག་འདི་འདྲ་བཟོས་ན་ངེད་ཀརྨ་དགོན་མཁན་སློབ་འབྲེལ་ཡོད་ཐམས་ཅད་སྡུག་བསྔལ་གྱིས་ཤི་ན་དགའ་འདུག ཅེས་ཕྲན་ལ་རྒྱ་འཛིན་པའི་ཐ་ཤལ་པ་བསྟན་འཛིན་ཕུན་ཚོགས་ནས་བྲིས། སྤུན་ཟླ་ཚོ། སེམས་མ་ཕམ། དཔའ་མ་ཞུམ།
༢༽ བདག་གཞན་བརྗེ་བའི་ཆོས་གྲོགས་ཚོ། བསྟན་པ་འཛིན་པའི་མཁན་པོ་རྣམ་གཉིས་དང༌། གྲྭ་བཙུན་ཚོ་ལ་བསམ་མནོ་ཞིག་གཏང་དང། ཆོས་ལུགས་སྤེལ་མི་ཆོག་པའི་དབང་བསྡུས་ལ་ཡིད་ཆེས་འདུག་ལགས་སམ། བསྟན་འཛིན་ཕུན་ཚོགས་ནས་བྲིས།
༣༽ ཀརྨ་དགོན་ཆོས་གྲོགས་ཚོ། བསླབ་གསུམ་གྱི་མཁན་པོ་དང་གྲྭ་བཙུན་དེ་ཚོ་ལ་བསམ་ན་བསྡད་ན་ཅི་ཕན། ཡར་ལ་ལོངས་ཤོག རྙེད་བཀུར་ཆོས་བརྒྱད་གྲགས་པའི་རོ་རྣམས་ལ།། རི་དྭགས་དགྲ་ལ་འཇིགས་བཞིན་རབ་ཏུ་འབྲོས།། མནོག་ཆུང་ཚེ་འདིས་བསླུ་བ་མ་ནུས་པའི།། སངས་རྒྱས་མཉན་པའི་ཞབས་ལ་གསོལ་བ་འདེབས།། སྡུག་བསྔལ་གྱིས་ཁེངས་པའི་ཐ་ཤལ་བསྟན་འཛིན་ཕུན་ཚོགས་ནས་བྲིས།
༤༽ བོད་ཁམས་སྤྱི་དང་ད་ལོ་ཀརྨ་དགོན་པའི་སྡུག་བསྔལ་འདི་བསམ་ཚེ་བདག་འཇིག་རྟེན་འདིར་བསྡད་ན་ཚེ་འགྲོ་ཐབས་མི་འདུག
http://www.rfa.org/tibetan/tamlenggiletsen/tamlengzhalpar/%20discussion-on-human-rights-in-tibet-12102011121024.html

 
2011.12.12 12:37:52
སྤྱི་འཐུས་དགེ་བཤེས་ལགས་ཀྱིས་ལྗག་ལན་རྒྱས་པོ་གནངས་བར་སྙིང་ནས་བཀའ་དྲིན་ཆེ་ཞུ།