བོད་ཀྱི་བང་ཆེན། ཟིན་བྲིས། berijigme མན་ཇུག་ཊི་ལའི་མཐོང་ཐོས།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2009.01.18 20:31:25
མན་ཇུག་ཊི་ལའི་མཐོང་ཐོས།

ཆང་ཁང༌།

རྒུན་ཆང་མངར་མོའི་བྲོ་བ་རེ་རེས་ཕྱོགས་མེད་མགྲོན་པོའི་འགྲམ་ཆུ་ལྡང༌།

ཆང་ཁང་རེ་རེའི་སྒོ་ཡི་འགྲམ་ན་བསླུ་བྲིད་མཁས་པའི་ཆང་མ་རེ།།

རོ་དྲུག་འདུས་པའི་ཆང་གིས་མྱོས་པའི་མི་རིགས་འདྲ་མིན་སྣ་ཚོགས་ཀྱིས།།

དགའ་སྐྱོ་འདྲེས་མའི་སྨྱོ་ལབ་གཏཾ་གྱིས་ཁོར་ཡུག་ཟླུམ་པོའི་ལྷིང་འཇཌ་འཕྲོག།


གཞང་ཁང༌།

དཀྱུས་རིང་མིག་གི་བསླུ་ཞགས་རེ་རེས་ཕོ་གཞོན་དར་མའི་སེམས་ཁམས་འཆིང༌།།

བརླ་དང་ནུ་མ་རྗེན་པར་བསྟན་པས་འཇིག་རྟེན་གསུམ་གྱི་བརྟན་པ་འཕྲོག།

གཞང་ཁང་བུ་མོའི་འདོད་བརྩེ་འཕྲུལ་གྱིས་ཕྱོཊ་སྐྱོད་མགྲོན་པོའི་དངུལ་ལོར་དང༌།།

རྩ་ཁམས་དྭངས་མའི་རྒྱུན་དང་ལྷན་ཅིག་ཉིན་མཚན་ཁྱད་པར་མེད་པར་འཇིབས།

སྦག་ཁང༌།

ཁྲག་དང་རྔུལ་ཆུས་བསགས་པའི་དངུལ་དངོས་ཐོབ་ཤོར་རྩོད་པའི་སྡིངས་ཆའི་འགྲམ།།

ལྗན་ལྗིན་ཁྲོད་ན་སྐྱག་སྦྲང་བཞིན་དུ་རྒན་བྱིས་དར་མས་འཚང་ཀ་བྱེད།།

ཁྲི་དང་འབུམ་གྱི་ཐོབ་ཤོར་སྣེ་ནས་རྡོ་དང་རྒྱུག་པའི་འཁྲུག་འཛིངས་ཀྱིས།།

ང་དང་ཁྱོད་ཅེས་རྩོད་པའི་རྦ་རླབས་རྒྱུན་མར་འཕྱུར་བའི་སྦག་ཁང་མང༌།།

ནག་ཚོང་ཁང༌།

སྟག་གཟིག་དོམ་གྱི་ལྤགས་དང་རུས་པ་གླ་རྩི་ཉལ་ཐ་ཌོར་ལ་དང༌།།

ལི་མ་གཏེར་མའི་གསེར་སྐུུ་རྩ་ཆེན་ཞལ་ཐང་རྙིང་པའི་ཚོང་འགྲེམས་ཀྱིས།།

སྒོ་དང་སྒེའུ་ཁུང་ལྕགས་དྲས་བསྐོར་བའི་མདོ་སྦུག་གསུམ་ལྡན་ཁང་བའི་ནང༌།།

དམར་ཆུང་སྲོག་དང་ཁེ་ཚོང་བསྡོས་ཏེ་མུན་པའི་འཇིག་རྟེན་ཉུལ་བའི་ཞིང༌།།

                ༡༩༩༩།༡༠།པའི་༼ནོར་ལྡེ་༽ཐོག་བཀོད།

 




2009.02.05 01:38:37
quest
དགེ་བཤེས་ལགས་ཀྱིས་སྙན་ངག་དེ་ཞེ་དྲག་སྙན་པོ་ཞིག་བྲིས་འདུག མུ་མཐུད་འབྲི་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་དང༌། དེ་དང་ཆབས་ཅིག་དགེ་བཤེས་ལགས་གཞང་ཁང་དུ་ག་དུས་གཟིགས་པར་ཕྱིན་པ་ཡིན།

 
2009.02.05 14:55:10
དེང་སང་གི་སྙན་ནག་པ་ཡིན་ཟེར་མཁན་ཚོས་རང་རང་ལ་ཉམས་མྱོང་ཡོད་པ་དེ་རིགས་འབྲི་མི་ཐུབ་པ་ཉམས་མྱོང་མེད་ས་ཞིག་གཞན་ལ་ལད་ཟློས་བྱས་ནས་འབྲི་ཁུལ་བྱ་རྒྱུར་ཧ་ཅང་དགའ་བ་འདྲ། གལ་སྲིད་བེར་འཇིགས་ཀྱིས་གཞང་ཁང་གི་མཐོང་ཐོས་དངོས་སུ་བྲིས་པ་ཡིན་ནམ་དེ་འདྲ་ཞིག་མིན་ནམ་སྙམ་པ་ཚོད་དཔག་གིས་བྲིས་པ་རེད། བེར་འཇིགས་གཞང་ཁང་ལ་དངོས་སུ་ཕེབས་ཡོད་ན་བེར་འཇིགས་གྲྭ་བ་མ་ཡིན་པར་འགྱུར་ལ་དངོས་སུ་མ་མཐོང་ཡང་རྫུན་འབྲི་བྱས་ཡོད་ན་སྙན་ངག་དེ་ཡང་སེམས་གཏིང་གི་སྙན་ངག་ཅིག་མ་ཡིན་སྟབས་བེར་འཇིགས་རྫུན་ཤོད་མཁན་གྱི་སྙན་ངག་པ་ཞིག་ཏུ་འགྱུར་དགོས་པས་གང་ལྟར་སྙན་ངག་འདི་རིགས་ཀྱིས་བེར་འཇིགས་རང་ལ་ཡིད་ཆེས་མེད་པ་བཟོ་སྤྱད་ཅིག་ལས་རིན་ཐང་གང་ཡང་མི་འདུག

 
2009.02.05 15:12:19
quest
ཧ་གོ་ཡི་མ་རེད། དེང་སང་གི་དགེ་བཤེས་ཚོའི་ནང་ན་འདྲ་མི་འདྲ་ཡོད་རེད། སུས་བཤད་ཐུབ། གཞང་ཁང་ནང་དགེ་བཤེས་དང་དགེ་རྒན་ཚོས་ཆས་རྫན་གོན་ནས་ཡོད་པའི་སྐད་ཡོད་བ་རེད་ད།

 
2009.02.06 18:17:33
སྤྱིར་བཏང་གཞང་ཁང་དུ་འགྲོ་བ་དེ་ལ་ན་ཚ་འགོས་པ་དང་མཚན་མཐོང་ལ་གནོད་པའི་སྐྱོན་ཡོད་ངེས་ཀྱང་། གླ་ཆ་གང་བབ་སྤྲད་ན་ལོག་གཡེམ་གྱི་གྲས་སུ་མི་འགྲོ་སྟབས་དེ་ཙམ་སྡུག་པོ་རང་རེད་མི་འདུག བཙན་གཡེམ་དང་ལོག་གཡེམ་སོགས་དང་བསྡུར་ན་གཞང་ཁང་དུ་འགྲོ་བ་དེ་ཆོས་སྲིད་ཀྱི་ཁྲིམས་དང་མཐུན་པ་རེད་འདུག་ག ང་ལ་མཚོན་ན་དགེ་བཤེས་ཤིག་གིས་བྱིས་པ་ལ་ལོག་གཡེམ་བྱེད་པ་ཐོས་ན་དད་ལོག་ངེས་པར་བྱེད་ངེས་ཀྱང་གཞང་ཁང་དུ་ཕེབས་པ་ཐོས་ཀྱང་དེ་ཙམ་གྱི་དད་པ་ལོག་མདོག་ཁ་པོ་མ་རེད། དངོས་གནས་ཡིན།