བོད་ཀྱི་བང་ཆེན། ཟིན་བྲིས། berijigme གབ་ཚིག་ཚན་པ་བརྒྱད།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2009.01.20 03:24:08
གབ་ཚིག་ཚན་པ་བརྒྱད།

 1

དམར་ཡག་སྟག་གི་དགེ་རྒན།།

ཁྲ་ཡག་གཟིག་གི་ཨ་ཞང༌།།

ཙི་ཙི་རྒྱ་བོའི་ཁྲིམས་དཔོན།།

བང་མཛོད་འགྲམ་གྱི་སྒོ་སྲུང༌།།


  2

ཕྱི་མིའི་ཐོག་ལ་རྫིག་རྫིག་གཏོང་མཁན།།

ནང་མི་ཡོང་དུས་དགའ་བསུ་ཞུ་མཁན།།

སྐེ་ལ་ལྕགས་ཐག་སྔོན་པོ་གོན་མཁན།།

ཉིན་མཚན་དུས་དྲུག་སྒོ་སྲུང་སྡོད་མཁན།།

3

ལུས་ཆུང་ཡང་གླང་ཆེན་ཨ་ཞང་གྲགས།།།

ཟས་བཙོག་ཀྱང་རང་ཤ་རིན་ཐང་ཆེ།།

མཆུ་འཁོར་ལོ་རྣོན་པོས་ས་གཞི་སློག།

གཉིད་ཟ་ཉལ་དགའ་བའི་ཨ་ཕོ་ཧོར།།

4

ཁ་དབང་མེད་ལྕགས་སྒྲོག་དམ་པོས་བཅིངས།།

རྐུབ་དབང་མེད་ལྕག་ཚན་ཚ་བོས་བྲབས།།

འདུག་དབང་མེད་གོམ་འགྲོས་འཁོར་ལོ་བསྐཽར།།

སྐྱེ་ཕོ་ལུས་ལེན་པའི་ལས་ངན་མ།།

5

རྐེད་པ་སྤུ་ཉག།

ལྟོ་བ་སྒྱེ་མོ།།

མིག་མེད་ལོང་བ།།

དཔུང་བསྒྲིགས་ན་སེངྒེའི་བུ་ཡང་ཐུལ།།

6

མགོ་ཨ་ར་ར།།

རྐང་ཨ་ཆུ་ཆུ།།།

སྐེ་ཨ་ཚ་ཚ།།

ཐག་སྣེ་འཛིན་པའི་བུ་ཆུང༌།།

7

ཁྲག་དང་ཆུ་སེར་ལྐོག་འཇིབས་བྱེད།།

ཉམ་ཆུང་ཤིག་ལ་ངན་ཁག་བཀལ།།

ཤ་འཕག་བགོ་འཕག་བྱེད་ནས་རྒྱུག།

དུད་འགྲོ་ཁྱི་ཡི་སྤུ་གསེབ་གབ།།

8

དགོས་པའི་ལུས་ལ་རུས་པ་མེད།།

མི་དགོས་ལུས་ལ་ལག་པ་དྲུག།

སྐྱེ་སའི་ཁྲག་དང་ཆུ་སེར་འཇིབས།།

པགས་ཚག་གསེབ་ཏུ་གནས་ཚང་འཆའ།།

གབ་ལན་ཡོད་པ་ཞུ། 

 




1999.11.29 18:30:00
quest
གཅིག ཁ་སོ་མེད་བསེ་རག་འགྲམ་རྩིད་ཅན༎
མགོ་སྤུ་མེད་པགས་ཞྭ་ཕྱིར་གོན་ཅན༎

གཉིས། ཁང་ཆུང་སྤུ་སུད་རྣམ་དག་ནང༌༎
བན་རྒན་མགོ་རིལ་སྤུ་མེད་བཞུགས༎

གསུམ། ལུང་པ་གསུམ་གྱི་བཞི་མདོ་ན༎
ཤིང་སྡོང་ཡལ་ག་མེད་པ་ཞིག །
ལུང་པ་གསུམ་གྱི་བཞི་མདོ་ན༎
བྲག་ཕུག་ཁ་སྒོ་རྩྭ་ཡིས་བརྒྱན༎

བཞི། སྨན་པ་ནང་དུ་འཛུལ་ཡང༌༎
སྨན་ཁུག་ཕྱི་ལ་ལུས༎

ལྔ། ལྷ་ཁང་ནང་དུ་འཛུལ་བའི་རྗེས༎
སྣབ་རྟུག་གཡུགས་ནས་ཕྱི་ལ་བྲོས༎

གབ་ཚིག་དེ་དག་ལ་ལན་ཡོད་པ་ཞུ།

 
2009.01.20 22:56:55
quest
ha ha very good all know but here havent this word softway sorry,,,,,,,,,

 
2009.01.20 23:12:57
quest
What do you mean by softway.Is it software? if yes then tell us we can send it to you.

 
1999.11.29 18:30:00
quest
གཅིག ཁ་སོ་མེད་བསེ་རག་འགྲམ་རྩིད་ཅན༎
མགོ་སྤུ་མེད་པགས་ཞྭ་ཕྱིར་གོན་ཅན༎

གཉིས། ཁང་ཆུང་སྤུ་སུད་རྣམ་དག་ནང༌༎
བན་རྒན་མགོ་རིལ་སྤུ་མེད་བཞུགས༎

གསུམ། ལུང་པ་གསུམ་གྱི་བཞི་མདོ་ན༎
ཤིང་སྡོང་ཡལ་ག་མེད་པ་ཞིག །
ལུང་པ་གསུམ་གྱི་བཞི་མདོ་ན༎
བྲག་ཕུག་ཁ་སྒོ་རྩྭ་ཡིས་བརྒྱན༎

བཞི། སྨན་པ་ནང་དུ་འཛུལ་ཡང༌༎
སྨན་ཁུག་ཕྱི་ལ་ལུས༎

ལྔ། ལྷ་ཁང་ནང་དུ་འཛུལ་བའི་རྗེས༎
སྣབ་རྟུག་གཡུགས་ནས་ཕྱི་ལ་བྲོས༎

གབ་ཚིག་དེ་དག་ལ་ལན་ཡོད་པ་ཞུ།

 
1999.11.29 18:30:00
quest
གཅིག ཁ་སོ་མེད་བསེ་རག་འགྲམ་རྩིད་ཅན༎
མགོ་སྤུ་མེད་པགས་ཞྭ་ཕྱིར་གོན་ཅན༎

གཉིས། ཁང་ཆུང་སྤུ་སུད་རྣམ་དག་ནང༌༎
བན་རྒན་མགོ་རིལ་སྤུ་མེད་བཞུགས༎

གསུམ། ལུང་པ་གསུམ་གྱི་བཞི་མདོ་ན༎
ཤིང་སྡོང་ཡལ་ག་མེད་པ་ཞིག །
ལུང་པ་གསུམ་གྱི་བཞི་མདོ་ན༎
བྲག་ཕུག་ཁ་སྒོ་རྩྭ་ཡིས་བརྒྱན༎

བཞི། སྨན་པ་ནང་དུ་འཛུལ་ཡང༌༎
སྨན་ཁུག་ཕྱི་ལ་ལུས༎

ལྔ། ལྷ་ཁང་ནང་དུ་འཛུལ་བའི་རྗེས༎
སྣབ་རྟུག་གཡུགས་ནས་ཕྱི་ལ་བྲོས༎

གབ་ཚིག་དེ་དག་ལ་ལན་ཡོད་པ་ཞུ།

 
1999.11.29 18:30:00
quest
གཅིག ཁ་སོ་མེད་བསེ་རག་འགྲམ་རྩིད་ཅན༎
མགོ་སྤུ་མེད་པགས་ཞྭ་ཕྱིར་གོན་ཅན༎

གཉིས། ཁང་ཆུང་སྤུ་སུད་རྣམ་དག་ནང༌༎
བན་རྒན་མགོ་རིལ་སྤུ་མེད་བཞུགས༎

གསུམ། ལུང་པ་གསུམ་གྱི་བཞི་མདོ་ན༎
ཤིང་སྡོང་ཡལ་ག་མེད་པ་ཞིག །
ལུང་པ་གསུམ་གྱི་བཞི་མདོ་ན༎
བྲག་ཕུག་ཁ་སྒོ་རྩྭ་ཡིས་བརྒྱན༎

བཞི། སྨན་པ་ནང་དུ་འཛུལ་ཡང༌༎
སྨན་ཁུག་ཕྱི་ལ་ལུས༎

ལྔ། ལྷ་ཁང་ནང་དུ་འཛུལ་བའི་རྗེས༎
སྣབ་རྟུག་གཡུགས་ནས་ཕྱི་ལ་བྲོས༎

གབ་ཚིག་དེ་དག་ལ་ལན་ཡོད་པ་ཞུ།

 
2009.01.20 14:15:00
གཅིག ཕྱི་ལ།
གཉིས། འདོགས་ཁྱི།
གསུམ། ཕག
བཞི། བོང་བུ།
ལྔ། གྲོག་མ།
དྲུག ལྕགས་ཕུར།
བདུན། འཇུ་བ།
བརྒྱད། ཤིག
འདི་དག་ཡིན་པ་འདྲ། རེད་དམ་དགེ་བཤེས་ལགས། རེ་ཟུང་རེ་ནོར་ཡོད་སྲིད།

 
2009.01.20 14:32:18
གབ་ཚིག་འདི་དག་ལ་ལན་ཡོད་དམ།
གཅིག ཕྱི་ག་ག་གོར་གོར་བདེ་མོ་མ༎ ནང་དམ་པའི་ལྷ་ཆོས་འགྲིག་མོ་མ༎
གཉིས། གཡག་རྒན་རོག་པོ་དུང་གི་སྣ་གཅུ་ཅན༎ སྒལ་ཚིགས་རེ་རེར་གསེར་གྱི་པ་ཏྲས་བརྒྱན༎
གསུམ། རི་མགོ་ན་རྩྭ་སྐྱེ། རི་སྐེད་ན་དམག་རྒྱག རི་ཞོལ་ན་གླུ་ལེན།
བཞི། རི་གསུམ་མགོ་ན་བྱ་ཞིག་བབས༎ བྱ་དེའི་ཁོག་བྱུ་རུས་ཁེངས༎
ལྔ། ཐང་དཀར་དཀར། ལུག་ནག་ནག ལུག་རྫི་གླུ་བ༎
དྲུག རྒྱ་ནག་ཡུལ་ནས་བྱ་གཅིག་འཕུར༎ རྒྱ་མཚོའི་ཆུ་ལ་རྔུབ་གཅིག་འཐུང༌༎ ཨ་ཉག་ཉག་ནས་ངལ་གཅིག་གསོས༎ བྱང་དཀར་ཐང་ནས་འགྲོས་ཤིག་སྦྱངས༎

 
2009.01.21 17:46:15
དང་པོ་དེ་སྤང་ཤ་མའམ་ཤ་མོང༌་དང༌། ལྔ་པ་དེ་ཡི་གེ་འབྲི་བ་མིན་འགྲོ་གཞན་པ་ཤེས་མ་སོང༌།

 
2009.01.20 20:05:47
quest
གཅིག ཁ་སོ་མེད་བསེ་རག་འགྲམ་རྩིད་ཅན༎
མགོ་སྤུ་མེད་པགས་ཞྭ་ཕྱིར་གོན་ཅན༎

གཉིས། ཁང་ཆུང་སྤུ་སུད་རྣམ་དག་ནང༌༎
བན་རྒན་མགོ་རིལ་སྤུ་མེད་བཞུགས༎

གསུམ། ལུང་པ་གསུམ་གྱི་བཞི་མདོ་ན༎
ཤིང་སྡོང་ཡལ་ག་མེད་པ་ཞིག །
ལུང་པ་གསུམ་གྱི་བཞི་མདོ་ན༎
བྲག་ཕུག་ཁ་སྒོ་རྩྭ་ཡིས་བརྒྱན༎

བཞི། སྨན་པ་ནང་དུ་འཛུལ་ཡང༌༎
སྨན་ཁུག་ཕྱི་ལ་ལུས༎

ལྔ། ལྷ་ཁང་ནང་དུ་འཛུལ་བའི་རྗེས༎
སྣབ་རྟུག་གཡུགས་ནས་ཕྱི་ལ་བྲོས༎

གབ་ཚིག་དེ་དག་ལ་ལན་ཡོད་པ་ཞུ།

 
2009.01.20 21:11:00
ལོ་བདུན་བརྒྱད་ཅན་གྱི་བྱིས་པ་འབའ་ཞིག་སླེབས་པ་འདྲ། བྱིས་རྩེད་ལ་མགོ་འཁོར་ནས་འདུག

 
2009.01.20 21:30:28
quest
ཁྱེད་རང་མཁས་པ་ཞིག་ཏུ་རློམ་པའི་ང་རྒྱལ་གྱིས་བྱིས་པའི་རྩེད་མོ་ལྟ་བུ་ཞིག་མཐོང་ཡོད་ཚོད་རེད། འོན་ཀྱང་འདི་ནི་གནའ་བོའི་བོད་མིའི་རིག་རྩལ་ལས་འཁྲུངས་པའི་མེ་ཏོག་ཅིག་རེད། དེ་ལ་མཐོང་ཆུང་ནམ་ཡང་བྱེད་རྒྱུ་མེད་པ་རེད།

 
2009.01.20 21:51:43
དགོངས་དག་བཤད་སྟངས་ནོར་བ་ཡིན་གྱི་རེད། འོན་ཀྱང་ངས་བྱིས་རྩེད་རེད་ཅེས་ལབ་དགོས་དོན་གོང་དུ་མཇེ་དང་སྟུ་གཅིག་པུ་ལས་འཕྲོས་ནས་གབ་ཚིག་མང་པོ་ཞིག་བཞག་འདུག འདི་དག་ལ་བརྟེན་ནས་བརྗོད་པ་ཡིན། བྱིས་པ་ཆུང་ཆུང་ཡིན་དུས། རྐང་ལག་མེད་པར་གྱེན་དུ་ལངས༎ ཁ་མིག་མེད་པར་ཁོང་དུ་འཛུལ། ཅི་ཁེད་ཅེས་མང་པོ་བརྗོད་མྱོང་ཡོད། དེ་དག་དང་གཅིག་པ་རངརེད་མི་འདུག་གམ།

 
2009.01.20 22:07:12
quest
གང་ལྟར་བརྗོད་གཞི་ཡག་བཙོག་གང་ཞིག་ཡིན་རུང༌། བཤད་སྟངས་སྒྱུ་རྩལ་གྱི་ཆ་ནས་ལེགས་ཆ་དང་བློ་སྐྱེད་ལེན་དགོས་པ་ལས། མཇེ་དང་སྟུ་ཡི་སྐོར་རེད་འདུག་ཅེས་སྐྱུག་མེར་ལངས་སོང་མདོག་མདོག་བྱེད་དགོས་མ་རེད།

 
2009.01.21 03:09:55

སྐུ་ངོ་གསེར་རྟ་དངུལ་རྟ་ལགས༎
ང་ཡིས་བྲིས་པའི་གབ་ཚིག་ལན༎
རྟ་དང་བོང་བུ་མ་གཏོགས་པ༎
ཁྱོད་ཀྱིས་གསུང་པ་ཏག་ཏག་རེད༎
གབ་ལན། ༡ ལི་ལི། ༢ སྒོ་ཁྱི། ༣ ཕག ༤ རྟ། ༥ གྲོག་མ། ༦ ཕུར་པ། ༧ ལྗི་བ། ༨ ཤིག
༡༩༩༩།༥།༡༢། ཉིན་འཛིན་བརྒྱད་པའི་ནག་པང་ཐོག་གབ་ཚིག་གི་རྩོམ་དཔེར་བྲིས།