བོད་ཀྱི་བང་ཆེན། ཟིན་བྲིས། 9816387411 རིགས་མཐུན་ཚོར་གློ་བ་ཇེ་ཉེར་འགྲོ་བཞིན་འདུག

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2011.12.31 11:36:41
རིགས་མཐུན་ཚོར་གློ་བ་ཇེ་ཉེར་འགྲོ་བཞིན་འདུག

འདི་ལོར་རྡོ་རྗེ་གདན་དུ་ཕེབས་མཁན་སྤུན་ཟླ་རྣམས་ཀྱིས་རྒྱ་འོག་ཏུ་གོ་རིམ་སྣ་མང་བརྒྱུད་ཕྱི་སྤྱོད་ལག་འཁྱེར་རག་ཐབས་དང།དེའི་སྐོར་གྱི་ཉེན་ཁ་སྣ་ཚོགས་ལ་མ་འཛེམས་པར་ལམ་བར་གྱི་དཀའ་ངལ་ལ་བཟོད་བཞིན་༸གོང་ས་རྒྱལ་བ་རིན་པོ་ཆེའི་དུས་དབང་ལ་བཅར་བཞིན་པའི་བློ་སྟོབས་ལ་བསམ་དུས་རིགས་མཐུན་ཚོར་གློ་བ་ཇེ་ཉེར་འགྲོ་བཞིན་འདུགསྒེར་ངོས་ནས་ཁོང་རྣམ་ལ་ཆེ་ས་ནས་ཕན་ཐབས་གང་ཡང་མེད་པར་བདེན་ཡང་སྐྱ་སེར་ཕོ་མོ་སུ་འདྲ་ཞིག་དང་གདོང་ཐུག་ཚེ་ཁ་ནས་བཀྲ་ཤིས་བདེ་ལེགས་ཅེས་སེམས་ཀྱི་འཚམས་འདྲི་རེ་དབང་མེད་དུ་ཤོར་འགྲི་ཡི་འདུག

 གཞོན་ནུ་ཕ་གིར་ལྟོས་དང།སྤྱང་གྲུང་འཛོམས་པའི་སྒོ་ནས་ཐོག་མར་ས་ཞིག་ལ་འབྱོར་མ་ཐག་མཉམ་འགྲོག་བྱེད་པ་ཚོའི་ཆེད་དུ་སྡོད་ཁང་བརྩལ་རྒྱུ་དང་གནས་བསྐོར་འགྲོ་ལམ་བཅས་སོགས་སྐད་ཆ་འདྲི་བ་དང།ལོ་ན་ཅུང་ཆུང་བ་རྣམས་ཀྱིས་རླངས་འཁོར་ནས་མར་བབས་མ་ཐག་ལམ་སེང་ཁང་པའི་ཕྱི་ནང་དུ་ཐབས་འཚོལ་གྱིས་ཐབ་ཏུ་མེ་འབུད་དེ་རྒན་པ་ཚོར་ཇ་ཚ་པོ་ཕོར་གང་རེར་ཕུལ་ཐབས་གནང་སོང།


ཕར་ལྟས་ཚོད་ལ་ཅུང་རྐམ་ལ་རིད་པའི་ཨ་ཕྱེ་ལགས་དེ་ནད་པ་ཡིན་བཟོ་འདུག་ཁོང་མོས་ཕྱག་གཉིས་ཀྱིས་རང་གི་མགོ་བོ་འཐམ་བཞིན་ངོ་ནས་མི་སྡུག་པའི་བཟོ་ལྟ་ཞིག་མངོན་བྱུང།འོན་ཀྱང་གཞན་གྱིས་ཁོང་མོར་ཉེ་འཁོར་དུ་འབྱོར་མ་ཐག་མུ་མཐུད་གནས་མཇལ་འགྲོའམ་ཡང་ན་ཁང་པའི་ནང་ཏོག་ཙམ་ཉལ་ནས་ངལ་གསོ་དགོས་མིན་འདྲི་དུས་ཁོང་མོས་རང་གི་སེར་རྐྱང་གྱུར་ཚར་བའི་ངོ་གདོང་འཕུར་ཙ མ་འཕུར་ཙམ་གྱིས་སེམས་ཐག་ཆོད་པོའི་སྒོ་ནས་གནས་སྐོར་ལོས་ཀྱང་འགྲོ་ལམ་བར་ནས་ཤིའང་འགྱོད་པ་ཆི་ཡོད།ཅེས་ལན་སྤྲད་སོང།

བོད་གཞིས་ནས་ཕེབས་མཁན་ཚོས་སྦྲང་དཀར་རྩམ་པ་མང་པོ་འཁྱེར་འདུག་པ་མ་ཟད། མར་རྡོག་ཀྱང་འཁྱེར་འདུག

 

ཁོང་རྣམས་རྒན་གཞོན་མེད་པར་མཉམ་གཅིག་ཏུ་སར་གོར་གོར་གྱིས་བསྡད་དེ་ཚ་དམ་ནས་ཇ་ཚ་པོ་རེ་དང་འགྱིག་དམ་ནང་བླུགས་པའི་ཞོ་ཏོག་ཙམ་གྱིས་པགས་གཡོས་ནས་ཞིམ་མདོག་ཁ་པོ་གསོལ་གྱི་འདུག སྐབས་དེར་ངའི་སེམས་ནང་རྒྱུན་དུ་ཟ་ཁང་ཞིག་ཏུ་དུས་ཚོད་རིང་པོ་སྒུག་རྗེས་ཕུང་པོར་གནོན་གཞི་ཆེ་བའི་ཟས་རིགས་ཀྱི་སྨན་སྣ་མང་པོ་རྒྱབ་པའི་ཟས་ཁམ་གང་ལ་ངང་སྒུག་གི་གོ་རིམ་ལ་བསམ་དུས་དངོས་གནས་ཡིན་དེ་ནི་དགོད་བྲོ་བའི་བྱ་བ་ཞིག་ཅི་ལ་མིན་ཨང་ཡང་སྙམ།

དད་ལྡན་རྣམས་རྡོ་རྗེ་གདན་མཆོད་རྟེན་གྱི་བསྐོར་ལམ་མམ་ཕྱོགས་བཞིའི་ས་ནས་ཉིན་ལྟར་སྨོན་ལམ་འཚོགས་པ་དང་དཔེ་ཆ་ཀློག་པ།ཕྱག་འཚལ་ཆོས་འབུལ་ཞུ་བ་བཅས་གནང་བཞིན་འདུག་ལ་བོད་པའི་རབ་བྱུང་གཙོས་མང་ཆེར་

གྱིས་བཀྱང་ཕྱག་འཚལ་མཁན་ཡང་མང་པོ་སྣང།


 མཁུ་མཚུར་ལ་ས་མཐོའི་དམར་མདང་རྒྱས་ཤིང་ལོ་ཆུང་གི་ཨ་མདོ་བའི་གཞོན་ནུ་མ་དེས་བསྐོར་ལམ་གྱི་ས་རྡུལ་ལ་མ་འཛེམས་པར་གོམས་ཞག་རེ་རེ་བཞིན་རྡོ་རྗེ་གདན་གྱི་མཆོད་རྟེན་བསྐོར་ནས་བཀྱག་ཕྱག་འཚལ་བ་དང།གཞན་གྱིས་མོ་ལ་ལྟ་དུས་ཁོང་མོའི་ངོ་ནས་འཛུམ་ཆུང་རེ་མངོན་བཞིན་མུ་མཐུད་བློ་རྩེ་གཅིག་གིས་ཕྱག་འཚལ་བའི་དད་པ་དག་སྣང་དེ་མཐོང་དུས་གྲང་ངར་གྱི་དུས་འདིར་ངའི ་སེམས་ལ་དྲོད་ལྷེམ་མེར་གྱི་སྤྲོ་སྣང་རེ་འཁོར་ཡོང་གི་འདུག


 ","text");" src="/images/idoblog/upload/9816387411/preview/small_img_3231_600px.jpg" alt="" width="229" height="165" />མཆོད་རྟེན་བསྐོར་མཁན་ཁྱུ་ཚོགས་དབུས་སུ་དབུ་ལ་སྟོང་སྐུད་ཀྱིས་སྐྲ་ལོ་སྡོམ་ཞིང།སྐུ་གཟུགས་རིང་ལ་འབུར་དུ་དོད་པའི་ཁམས་པ་ཕོ་རྒོད་དེའི་བརྗིད་ཉམས་མཐོང་དུས་དངོས་གནས་ཡིན་ཕོ་རྒོད་པོ་འདི་དག་གིས་གནམ་ས་

གཉིས་དབར་གྱི་ཀ་ཆེན་ཞིག་གནང་ཐུབ་ས་རེད་སེམས་བྱུང་ལ།མཉམ་དུ་ཕེབས་པའི་རོགས་པའི་དཀྱིལ་དུ་དཀྱེལ་ཡངས་ཀྱི་དགོད་སྒྲ་སེང་སེང་གྲགས་དུས་ངའི་ཡིད་ལའང་ཅི་ཡིན་ཆ་མི་འཚལ་བའི་དགའ་སྣང་ཞིག་རང་བཞིན་གྱིས་སྟེར་འོང་གི་འདུག

ཕར་ལྟས་ཚོད་ལ་གཙང་སྦྲ་དོད་ཅིང་མཉམ་དུ་ཤབ་ཤུབ་རེ་གླེང་རྒྱུ་སྤྲོ་བ་དེ་དག་ནི་ལྷ་སའི་རྨོ་བོ་ལགས་ཡིན་བཟོ་འདུགཁོང་མོ་རྣམས་ཀྱིས་ལམ་བར་ནས་ཁ་རས་ཡག་པོ་རྒྱག་དགོས་པ་དང།རྒྱ་གར་བའི་རྐུན་མ་ལའང་ཡིད་གཟབ་དགོས་ལུགས་ཕན་ཚུན་གླེང་སོང་བ་དང།ཡང་སྐུ་གཟུགས་ཆུང་བའི་རྨོ་བོ་ཞིག་གིས་མཆོད་རྟེན་ནང་གི་སྟོན་པའི་སྐུ་མདུན་དུ་སངས་རྒྱས་ཀྱིས་མཁྱེན།ཡིད་བཞིན་ནོར་བུའི་སྐུ་ཚེའི་ནང་བོད་དུ་ཕེབས་ཐུབ་པ་ཤོག་ཅེས་སྨོན་ལམ་རྩེ་

གཅིག་ཏུ་བཏབས་པར་ཐོས་དུས་ལྷ་ས་དག་པའི་ཞིང་ཁམས་ཀྱི་རྨོ་ལགས་འདི་དག་གི་གོ་རྟོགས་དངོས་གནས་འདྲ་ས་མི་འདུག་ཨང་བསམ་ཡོད།

 

རྒྱབ་ཏུ་སྣོད་ཁུག་ཞིག་ནང་ཇ་དམ་དུ་ཚ་ཇ་དང་མངར་ཇ་འཁྱེར་ནས་བསྐོར་ལམ་ནང་གི་ཇ་མ་རེ་གཉིས་ནི་རྡ་ས་ནས་མཐོང་མྱོང་བའི་ཨ་ཕྱེ་འགའ་རེད།གོ་ཐོས་ལ་མཆོད་རྟེན་ནང་གི་རྒྱ་གར་བསྐོར་སྲུང་བས་འདིར་ཇ་ཚོང་འཇུག་གི་མི་འདུག་ཟེར་བ་དང།གལ་ཏེ་མཐོང་ན་ཚ་དམ་བཅགས་པ་དང་ཉེས་ཆད་བཅད་ཀྱི་ཡོད་ཚོད་རེད་ཀྱང་བུ་མོ་འདི་དག་གིས་མུ་མཐུད་ཡིད་གཟབ་ངང་མུ་མཐུད་རང་ཁ་རང་གསོ་ གནང་སྟངས་འདི་འགྲིག་འདུག་བསམ་པ་བྱུང།དུས་མཚུངས་སུ་ང་ཚོ་ཡུལ་གྱར་བའི་ཕྱོགས་མང་ནས་གཞན་དབང་སྟབས་བསྟུན་གྱི་གནས་སྟངས་སྐྱུར་མོ་འདིར་སྐྱོཉམས་ཏོག་ཙམ་ཡང་བྱུང།

རྡོ་རྗེ་གདན་དུ་བོད་གཞིས་བྱེས་གཉིས་ཀྱི་སྤུན་ཟླ་ཚོས་ཕ་མ་བུ་རྒྱུད་དང་ཤ་ཉེ་ཚོ་ཕན་ཚུན་དུས་རིང་པོའི་རྗེས་ཀྱི་ཐུག་འཕྲད་བྱུང་བ་དང།ས་འདི་ནས་མཉམ་དུ་ཆོས་བསྐོར་ལ་སྤྱོད་པ།ཕ་ཡུལ་གཅིག་པ་རེ་གཉིས་འདི་ནས་འཕྲད་རྗེས་མཉམ་དུ་ཇ་ཚ་པོ་ཕོར་གང་རེ་མཉམ་འཐུང་གིས་ཁ་བརྡ་བྱེད་པ།ལ་ལས་མཆོད་རྟེན་མདུན་ནས་དལ་བུའི་ངང་ནས་བཀྱང་པྱག་འཚལ་བ།མཆོད་རྟེན་མདུན་སྒོ་ས་ནས་མཉམ་དུ་པར་རྒྱབ་སྟེ་དྲན་རྟེན་འཇོག་པ་བཅས་གནང་བཞིན་ཕྱི་

ལོའི་ཚེས་ཤར་ཙམ་༸གོང་ས་རྒྱལ་བ་རིན་པོ་ཆེས་དཔལ་དུས་ཀྱི་དབང་ཆེན་བརྩལ་རྒྱུར་ངང་སྒུག་གནང་བཞིན་འདུག་གོ

 




2011.12.31 06:12:50
ཨ་ཅེ་གངས་ལྷ་ལགས་ལ་སྤྱི་ལོ་གསར་ཚེས་ལ་འཚམས་འདྲི་ཞུ་བ་དང་ཆབ་གཅིག།ཆ་འཔྲིན་ཕོ་ཉ་ཞིག་དུ་སྤྲུལ་ནས་ཡིད་གཟབ་ཀྱིས་གནས་ཚུལ་མྱུལ་བ།ཡིད་གཟབ་ཀྱིས་ལྟས་པས་ཚ་ལྷམ་ལྷམ་གྱི་ཡིད་སེམས་འཁོལ་བའི་སྤྲོ་སེམས་འཕེལ་བ།ཡིད་བཟབ་ཀྱིས་ཉན་པས་གྲང་ཐིང་ཐིང་གི་ཡིད་སེམས་འཁྱག་པ།སྤུན་ཟླའི་བརྩེ་སེམས་ཞགས་པས་དམ་དུ་འཆིང་བས།གཟི་བརྗིད་དང་ལྡན་པར་མཐོང་ན་དཔའ་བའི་འདུ་ཤེས།ཉམ་ང་བའི་གནས་སྟངས་མཐོང་ན་སྐྱོ་ལྷང་གི་འདུ་ཤེས་འབྱུང་བ་ནི་མི་རིགས་ཤིག་ལ་བའི་བརྩེ་སེམས་འདུད་པ་ཟེར་བ་དེ་རེད།མི་རིགས་ཤིག་ལ་བརྩེ་སེམས་ལྡན་ཚེ་འདི་འབྱང་ངེས་པ་རེད་ཡ་ཡ་ཆ་འཕྲིན་ཕོ་ཉ་ཞིག་སྤྲུལ་ནས་འཔུར་བ་དགའ་བསུ་ཞུ་དང་ལྷན་དུ་བྲག་གཡབ་ཡུལ་ནས་མི་ག་ཚོད་ཙམ་ཡོད་ས་རེད་ཤེས་ཨེ་ཐལ།