བོད་ཀྱི་བང་ཆེན། ཟིན་བྲིས། tag: བདག་གཞན་འདྲ་མཉམ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

Tag: བདག་གཞན་འདྲ་མཉམ།

2011.08.27 08:02:15

གནད་དོན་འདིའི་ཐོག་ནས་སློབ་གྲྭའི་འཛིན་སྐྱོང་ལ་ནོར་འཁྲུལ་དང་ཉེས་པ་མེད་པར་འདོད་པ་ནི་དོན་དང་མི་གནས་པའི་བསམ་ཚུལ་ཞིག་ཏུ་མཐོང་། དཔེར་ན་ཕྱི་ལོ་༢༠༠༣ ལོར་རྒྱ་ནག་ཏུ་སཱར་སི་(SARS)ན་ཚ་ཁྱབ་གདལ་སོང་བ་དང་། དུས་ཐོག་སྨན་བཅོས་དང་སྔོན་འགོག་མ་ཐུབ་པར་བརྟེན་རྒྱ་ནག་དབུས་གཞུང་འཕྲོད་བསྟེན་བློན་ཆེན་ལས་གནས་ནས་རྩ་དགོངས་ཞུ་དགོས་བྱུང་བ་རེད། མང་གཙོ་མེད་པའི་སྤྱི་ཚོགས་ཤིག་ནས་འདི་ལྟར་བྱེད་མྱོང་ཡོད་པ་དང་། མང་གཙོའི་སྤྱི་ཚོགས་ནས་ལས་འཛོལ་འདི་ལྟ་བུའི་སྐབས་སུ་འགན་གཙོ་བོ་ཁུར་མཁན་ལ་ནོར་འཁྲུལ་དང་ནག་ཉེས་ཡོད་པ་ནི་སྨྲོས་མི་དགོས་པ་རེད། ད་ལན་གྱི་དོན་རྐྱེན་འདི་ལ་བརྟེན་ནས་སློབ་གྲྭའི་ངོས་ནས་ནོར་བ་དང་འགན་ཚུལ་བཞིན་མ་འགྲུབ་པའི་ལྟ་ཚུལ་བྱུང་བ་ཁག་གཤམ་དུ་འབྲི་རྒྱུ་ཡིན།





2011.08.22 09:51:24

ཕྱི་ལོ་༡༩༩༨ ལོ་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་རང་ལུས་མེ་སྲེག་བཏང་ནས་བོད་དོན་ཞི་བའི་ལས་འགུལ་སྤེལ་ཡོད་དང་། ཕྱི་ལོ་༢༠༠༩ ལོར་རྔ་པ་ཀིརྟི་དགོན་པའི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་(སྲོག་སྐྱོན་མ་བྱུང་ཙམ་བྱུང་ཡང་དབང་པོ་སྐྱོན་ཅན་དུ་གྱུར་ཡོད) ཕྱི་ལོ་༢༠༡༡ ལོའི་ཕྱི་ཟླ་༣ ཚེས་༡༦ ཉིན་སླར་ཡང་ཀིརྟི་དགོན་པའི་གྲྭ་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེ་སྲེག་གིས་ཞི་རྒོལ་བྱས་ནས་རང་སྲོག་བློས་གཏོང་གནང་བ་རེད། ཉེ་ཆར་ཕྱི་ཟླ་༨ ཚེས་༡༥ རྒྱ་གར་རང་བཙན་དུས་ཆེན་ཉིན་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་ནས་ཞི་བའི་ངོ་རྒོལ་བྱས་ནས་རང་སྲོག་བློས་གཏོང་གནང་ཡོད་པ་དང་། དེ་བཞིན་རང་སྲོག་མ་ཤོར་ཙམ་བྱུང་ཡང་རྩ་དོན་ཆེད་རང་ལུས་མེ་སྲེག་གཏོང་མཁན་ཁག་ཅིག་སྔ་རྗེས་སུ་བྱུང་ཡོད།





2011.08.11 22:44:50

ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་མཚན་མོ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་མཁྱེན་རབ་ཀྱིས་ཐ་མག་འཐེན་མི་ཆོག་པའི་སྒྲིག་ལམ་དང་འགལ་བ་དང་། དེ་ལ་བརྟེན་ནས་འབྲེལ་ཡོད་རྒན་བདག་གཉིས་ཀྱིས་ཉེས་ཆད་གཏོང་བའི་སྐབས་སློབ་ཕྲུག་དེས་དང་ལེན་ཚུལ་བཞིན་མ་བྱས་པར་བརྟེན། མཐར་རྒན་བདག་གཉིས་ཀྱིས་སློབ་ཕྲུག་དེ་ལ་ཉེས་རྡུང་ཚབས་ཆེན་བཏང་ནས་རྐྱེན་ལམ་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད།





2011.08.08 23:56:10

ངའི་མེས་པོ་ཚོའི་དུར་ཐང་དུ

བཅར་གྱིན བཅར་གྱིན

དཀྲོལ་ཟིན་པའི་རོལ་དབྱངས་དེ

རླུང་བུ་དང་ལྷན་དུ་སྡིང་ཞིང་རླུང་བུ་དང་ལྷན་དུ་བཞུད

རོལ་དབྱངས་དེའི་སྔ་གཞུག་ཏུ





2011.07.23 05:01:01

༼ ཞབས་བྲོ་འཁྲབ་སྟངས་དང་རོལ་ཆས་དཀྲོལ་སྟངས༽

===========ངོ་གདོང་རུ་བཤད་འདོད་པའི་སྐད་ཆ་འགའ།

གནས་ལུགས་ཤིག་ལ་འགྲེལ་བཤད་སྐྱོན་དུས་བློ་སྙིང་ཡོད་ཚད་ཟུར་ནས་མཐོང་།།

གོ་ལའི་སྒང་ནས་རྒྱང་མཇལ་བྱེད་ཚེ་འཛམ་གླིང་ཁྱོན་པོ་སྒོར་སྒོར་མཐོང་།།

གསང་མིང་བར་ནས་མི་ཚད་འཇལ་དུས་གྲོགས་པོ་རྙིང་པའི་སྣང་བརྙན་མཐོང་།།

བདེན་དོན་འོག་ནས་མཐོང་ཚུལ་འདི་དག་རྒྱུ་འབྲས་བློ་མིག་མིན་པར་མཐོང་།།





2011.07.15 00:57:38

༄༅། །རེས་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤོན་ཌོན་གྱི་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་དང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོའི་དབར་གཞོན་ནུའི་ཚོང་ཁང་དང་འབྲེལ་བའི་གནས་ཚུལ་བྱུང་སྐོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་ལྷན་ཚོཌ་གནང་བའི་ཐད། དུས་དབང་གྲ་སྒྲིག་ཚོགས་ཆུང་གི་གསལ་བཤད་རགས་ཙམ་ཞུ་རྒྱུར།





2011.07.13 22:01:18

དེ་རིང་ཞོགས་པ་འབྲེལ་ཡོད་ཅིག་གི་ཁ་པར་བརྒྱུད་ནས་གནས་ཚུལ་མི་སྙན་པ་ཞིག་ཐོས་སོང་། དེར་བརྟེན་རང་གི་སེམས་ཚོར་ངོ་མ་དེ་ཟིན་བྲིས་སུ་མི་སྤེལ་ཀ་མེད་བྱུང། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཟབ་མོ་སྩོལ་བཞིན་པའི་སྐབས་འདིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ཏུ་བཀུར་བར་འོས་པ་ཚེ་དབང་རིག་འཛིན་ལགས་ཀྱིས་བོད་དོན་དྲིལ་བསྒྲགས་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔལ་འབྱོར་འདུ་འགོད་ཆེད་བོད་དོན་ཁྱབ་བསྒྲགས་ཀྱི་འབོད་ཚིག་འཁོད་པའི་སྟོད་གོས་སོགས་ཚོང་འགྲེམས་གནང་བཞིན་ཡོད་པ་དང། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོར་འབོད་པ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་ལྡན་བློ་གྲོས་ཟེར་བས་སྟོད་གོས་སྟེང་དུ་“བཙན་བྱོལ་བོད་གཞུང་”ཞེས་པ་དེ་འཁོད་ཡོད་སྟབས་ཁྲོམ་སྟོན་མི་ཆོག་ཅེས་ཁ་སང་བཙན་གྱིས་ཕྱིར་འཕུད་བྱས་ནས་ཁྲོམ་སྟོན་བཅུག་མི་འདུག





2011.07.09 06:29:49

us_congress_1

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༧ ཚེས་༧ ཉིན་ཨ་རིའི་མི་སེར་རྒྱལ་ཁབ་ཀྱི་གཞུང་འཛིན་མང་གཙོ་ཚོགས་པ་དང་། ཕྱོགས་འགལ་སྤྱི་མཐུན་ཚོགས་པ་ཐུན་མོང་གི་ཚབ་ཞུས་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་རྗོན་ཨེ་ནར་མཆོག་གིས་གདན་ཞུས་ལྟར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གནད་ཡོད་མང་པོ་ཞིག་དང་མཇལ་འཕྲད་གནང་འདུག





2011.06.23 22:26:48

ཕྱི་ཟླ་༦ པའི་ཚེས་༦ ནས་ཕྱི་ཟླ་༦ པའི་ཚེས་༢༠ བར།

ཕྱི་ལོ་༢༠༡༡ ཟླ་༦ ཚེས་༦ ཉིན་ནས་བཟུང་ད་བར་ཁམས་དཀར་མཛེས་རྫོང་ཁོངས་ནས་གྲྭ་པ་དང་བཙུན་མ་མི་སྐྱ་ཁག་ཅིག་བཅས་ཀྱིས་མུ་མཐུད་བོད་དོན་ཆེད་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད། གྲྭ་པ་དང་བཙུན་མ་སོགས་ངོ་རྒོལ་བ་ཚོས་ངོ་རྒོལ་བྱེད་དགོས་དོན་རྒྱ་དམར་གཞུང་གི་བཙན་གནོན་འོག་ཏུ་བོད་ལ་རང་དབང་མེད་པ་དང་། བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། སྤང་རི་སྣ་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་པ་སོགས་ཀྱི་དགོས་འདུན་བཏོན་ནས་ཡིག་ཆ་འགྲེམས་སྤེལ་དང་ངོ་རྒོལ་སྐད་འབོད་བྱས་པའི་འབོད་ཚིག་གཅིག་གྱུར་ཡིན་པས་གཤམ་དུ་རེ་རེ་བཞིན་བཀོད་མེད།





2011.05.19 11:45:58

སྤྱིར་གླིང་གེ་སར་གྱི་སྒྲུང་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་སྤྱི་དང་ལྷག་པར་མདོ་ཁམས་ཕྱོགས་སུ་ཤུགས་རྐྱེན་བཟང་ཕྱོགས་ནས་ཐེབས་པ་ཧ་ཅང་མང་ལ། དཔེར་ན་བོད་ཡིག་ཀློག་འདོན་ཤེས་ལ་མ་ཤེས་ཙམ་ནས་གླིང་གེ་སར་གྱི་སྒྲུང་ཀློག་ནའང་དོན་གོ་བ་དང་། དེའི་ནང་དོན་ཚང་མ་བོད་པ་རང་གི་བསམ་བློ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ནས་བྱུང་བ་ཤ་སྟག་ཡིན་པས་སྐད་ཡིག་གཞན་ལས་བསྒྱུར་བ་དང་མི་འདྲ་བར། བོད་པ་རང་ཉིད་ཀྱི་རྩམ་དྲི་དང་མར་དྲི་འཐུལ་ལེར་ཡོད་པས་གླིང་སྒྲུང་དེ་དག་གི་ནུས་ཤུགས་ནི་བོད་པའི་སྤྱི་ཚོགས་ལ་ཧ་ཅང་ཆེན་པོ་རེད། འོན་ཀྱང་བོད་མདོ་སྟོད་སྨད་གཉིས་དང་ལྷག་པར་དུ་ཁམས་ཕྱོགས་ལ་གླིང་སྒྲུང་གིས་ཤུགས་རྐྱེན་ངན་ཕྱོགས་ནས་ཆེན་པོ་ཐེབས་ཡོད་པའི་སྐོར་ཡང་ཡོད་པས་གཤམ་དུ་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།





2011.04.02 04:28:13

འདི་ག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་རྩོམ་སྒྲིག་གཙོ་གཉེར་བྱེད་བཞིན་པའི་བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་དང་དྲ་རྒྱའི་ཆེད། གསར་འགོད་པ་གཅིག་དགོས་པས་གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་པ་རྣམས་ཀྱིས་ཕྱི་ལོ་༢༠༡ཟླ་ ཚེས་༢༠ ནང་ཚུད་འདི་ག་སྲི་ཞུ་ཁང་དུ་ཡིག་ཐོག་སྙན་ཞུ་འབྱོར་དགོས་པ་དང། དེའི་རྗེས་སུ་འབྱོར་རིགས་རྣམས་རྩིས་མེད་ཡིན། སྙན་ཞུ་འབྱོར་མཁན་རྣམས་ལས་དབྱིན་བོད་གཉིས་ཀྱི་ཤེས་ཚད་རྒྱུགས་སྤྲོད་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ཡིན་ཞིང་། འདེམས་སྒྲུག་ཟིན་རྗེས་དགོས་མཁོའི་མཐུན་རྐྱེན་རྣམས་སྲི་ཞུ་ཁང་གི་སྒྲིག་གཞིའི་ནང་གསལ་ལས་བྱེད་སྤྱི་མཚུངས་ལྟར་འཐོབ་རྒྱུ་ཡིན་པ་བཅས་དེ་ལུགས་དགོངས་འཇགས་ཞུ།

 




2011.03.01 06:42:45

མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་རྩོམ་པོད་བཞི་རིན་མེད་འགྲེམས་སྤེལ་བྱེད་འཆར།

གསེར་རྟ་བླ་རུང་ཆོས་སྒར་ཆེན་མོའི་མཁན་པོ་གནའ་དེང་རིག་པའི་གནས་ལ་མཁས་པའི་དབང་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་སྔ་ཕྱིར་བརྩམས་གནང་བའི་གསུང་རྩོམ་ཁག་པོད་བཞི་བྱས་ནས་ཕྱོགས་བསྒྲིགས་ཀྱིས། ཐེ་ཝན་དུ་རྟེན་གཞི་བྱས་པའི་ཆོས་ཚོགས་བླ་རུང་ཐེག་གསུམ་ཆོས་གླིང་གི་དབུ་འཛིན་མགོ་ལོག་དབང་སྟོད་པ་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་མཆོག་གིས་གཙོ་འགན་འོག ཐེ་ཝན་ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས་ནས་པར་སྐྲུན་ཞུས་ཡོད་པ་དང། གསུང་རྩོམ་དེ་དག་ནང་དོན་གྱི་ཆ་ནས་འཛམ་གླིང་ཤར་ནུབ་ཀྱི་རིག་པའི་རྣམ་གཞག་དང་བླ་ན་མེད་པའི་མཁྱེན་རབ་ཀྱིས་བསྐྲུན་པའི་ཡ་རབས་དྲང་བདེན་གྱི་ལྟ་བའི་རྨང་གཞིའི་སྟེང་ནས་དེང་རབས་རིག་པའི་གཞུང་ལུགས་ལ་སྦྱང་བརྩོན་བྱེད་ཚུལ།





2010.11.05 00:33:54

ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་མཛད།

རྒྱལ་སྲིད་རིན་ཆེན་སྣ་བདུན་གླུའི་ཟོལ་དུ་སྣང་བ་དྲི་ཟའི་བུ་མོའི་རྒྱུད་སྟོང་ཞེས་བྱ་བ་བཞུགས་སོ། །

 

དབུས་ལྷ་ས་ཆོས་ཀྱི་ཕོ་བྲང་ན། །

ཆོས་ཀུན་རིག་བགྲོ་གླེང་བྱེད་གི་ཡོད། །

བན་ཆུང་ཆུང་ཆོས་གོས་ཆབ་རིལ་ཅན། །

ཆོས་ཞུ་འདོད་ཡོད་ན་མཉམ་འགྲོ་བྱེད། །

ཆོས་ཐེག་དགུ་ཤེས་ན་སྐྱིད་རབས་ཡོད། །





2010.11.05 00:24:33

ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་མཛད།

གཏན་གྱི་སྐྱབས་གཅིག་པདྨ་ཐོད་ཕྲེང་རྩལ། །

སྐལ་དམན་བདག་ལ་ཐུགས་རྗེས་ལྷག་པར་དགོངས། །

མགོན་ཁྱོད་རྔ་ཡབ་པདྨའི་ཕོ་བྲང་དུ། །

རིག་འཛིན་མཁའ་འགྲོའི་ཚོགས་ལ་ཟབ་ཆོས་ཀྱི། །

གདམས་པ་སྟོན་བཞིན་ད་ལྟ་བཞུགས་ཞེས་ཐོས།།





2010.11.03 07:52:10

ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་མཛད།

རབ་འབྱམས་སྲས་བཅས་རྒྱལ་བའི་གསང་གསུམ་ཀུན། །

གཅིག་བསྡུས་མཚན་དཔེའི་གཟུགས་སུ་སྨིན་པའི་སྐུ། །

གཞོན་ནུ་སྨྲ་བའི་ཉི་མ་གང་དེ་ཡིས། །

ཁྱོད་བློ་བྱང་ཆུབ་ལམ་དུ་སྒྱུར་བར་མཛོད། །





2010.11.02 02:29:56
ཐུགས་སྟོབས་གོ་ཆ་བཙན་པོ་ཕྲག་ཏུ་བཞེས་ནས།།
དགྲ་དང་གཉེན་ལ་བྱམས་བརྩེ་ཉེ་རིང་མེད་པར།།
མ་ཡི་བུ་ལྟར་བརྩེ་བའི་ཕྱག་ན་པདྨོ།།
འདི་ཕྱི་ཀུན་ཏུ་འབྲལ་མེད་རྗེས་སུ་ཟུངས་ཤིག།




2010.11.01 21:14:11

ཕྱི་ལོ་༢༠༡༠ ཟླ་༡༡ ཚེས་༡ ཁ་སང་མཚན་མོ་ཕྲན་དུས་རྒྱུན་བཞིན་དྲ་ཐོག་གིས་གྲོགས་པོ་རྣམས་དང་བགྲོ་གླེང་བྱས་པ་དང། སྐབས་དེར་དུས་རྒྱུན་འོད་ཟེར་ལགས་དང་དྲ་ཐོག་ནས་བགྲོ་གླེང་གནང་མཁན་ངའི་གྲོགས་པོ་ཞིག་དང་དྲ་ལམ་ནས་ཐུག་པས་བགྲོ་གླེང་གནང་བ་ཡིན། ཁོང་གིས་བློ་ཕམ་གྱི་ཐོག་ནས་འོད་ཟེར་ལགས་ལ་ལྷ་སའི་ཉེན་རྟོག་པས་ཉེན་རྟོགས་ལས་ཁུངས་སུ་ཡོང་དགོས་ཞེས་ཁ་པར་ཞིག་སླེབས་འདུག་པ་དང།  ཁོང་གི་ twitter གྱི་ནང་དུ་འཛུལ་ཐུབ་ཀྱི་མི་འདུག་ཅེས། དེའི་སྐོར་མོ་རང་གི་པོད་ཁུག་ཏུ་འཕྲིན་ཞིག་བཞག་འདུག





2010.10.11 06:07:15

རང་གི་ཕ་ཡུལ་ལུང་བའི་རྒན་པོ་དག་གི་ངག་ལམ་ནས་བསྡུས་པའི་ཤོ་འབོད་དམ་དུམ།
དང་པོ་ཤོ་རྩེད་པ་ལ་མི་མགོ་དུ་མ་ཞིག་གིས་རྩེད་ཆོག་གི་འདུག་ལ། དེང་སྐབས་ཤོ་རྡེལ་མི་བཀོལ་བར་ཤོ་ཤིང་མཛོ་མོ་བཀོལ། ཤོ་གདན་གཞི་རྒྱ་ཆེ་བ་དངོས་བདེ་བ་ཞིག་དང་། རྩེད་མཁན་མི་རེ་རེ་ལ་ཤོ་ཁྱི་འམ་ཤོ་རྟ་ཞེས་པའི་ཤིང་ཐུར་དགུ་རེ་དགོས་པ་དང་། གཞན་ཐོབ་གྲངས་གཞལ་བྱེད་རྡེའུ་ཅི་མང་རེ་གྲ་སྒྲིག་གྲུབ་དགོས། དང་པོ། ཤོ་གདན་ཤར་ཕྱོགས་ནས་ཤོ་བ་བཟང་ཤོས་སམ་ཤོ་འཕེན་རྒྱུར་བྱང་གང་ཆེ་བ་ཞིག་གིས་མགོ་འཛུག་དགོས་པས།





2010.10.03 10:06:21

དེ་རིང་བཙན་བྱོལ་བོད་མིའི་ས་གནས་གང་ས་ནས་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང། བཀའ་བློན་ཁྲི་པ་སྐབས་གསུམ་པའི་སྔོན་འགྲོའི་འོས་བསྡུའི་དུས་ཚོད་ཡིན་ཞིང། བོད་པ་སྐྱབས་བཅོལ་བ་རྣམས་ཀྱིས་ཀྱང་ཐུགས་སྣང་ཆེན་པོ་ཐོག་ནས་ཆ་ཤས་གང་ཐུབ་ཀྱིས་ལེན་བཞིན་ཡོད་པ་རེད། འོན་ཀྱང་བློ་ཕམ་པ་ཞིག་ལ་བལ་ཡུལ་མཆོད་རྟེན་ཁུལ་དང་། འཕགས་པ་ཤིང་ཀུན་དང་རྒྱལ་ས་ཁུལ་གྱི་འོས་ཤོག་བླུག་ཟིན་པའི་འོས་སྒམ་དེ་བལ་ཡུལ་གཞུང་གི་ཉེན་རྟོག་པས་བཙན་འཕྲོགས་བྱས་འདུག གནད་དོན་དེ་ཕྱོགས་གང་ནས་བལྟས་ཀྱང་བློ་ཕམ་དགོས་པ་དང་། གནད་དོན་འདིའི་རིགས་ནི་མང་གཙོའི་སྤྱི་ཚོགས་ཤིག་གི་ནང་དུ་ལྷགས་མི་དགོས་པའི་གནད་དོན་ཞིག་ཏུ་གྱུར་འདུག





2010.10.01 09:51:41
ད་ལྟ་བཀའ་ཁྲིའི་འོས་གཞི་ཧ་ཅང་མང་བ་དང་། སྤྱི་འཐུས་ཀྱི་འོས་གཞི་དེ་བས་ཀྱང་མང་བར་བརྟེན། མི་མང་པོ་ཞིག་སྔོན་འགྲོ་ལ་འོས་ཤོག་བླུག་ཤེས་ས་མ་རེད། དེ་བས་དངོས་གཞི་ལ་མི་མང་པོ་མེད་པས་དེ་དུས་འོས་ཤོག་བླུག་པ་ཡིན་ན་ཏག་ཏག་ཡོད་པའི་བསམ་ཚུལ་འཛིན་མཁན་ཡོད་ཚུལ་འདུག དོན་དངོས་བཀའ་བློན་ཁྲི་པ་ཡིན་ནའང་འདྲ། སྤྱི་འཐུས་ཡིན་ནའང་འདྲ། སྔོན་འགྲོའི་སྐབས་འོས་ཤོག་མ་རག་ན་དངོས་གཞིའི་ནང་ཡོང་ཐུབ་ཐབས་གཏན་ནས་མེད་པས་སྔོན་འགྲོའི་འོས་འཕེན་སྐབས་དངོས་གཞིའི་འོས་འགྲན་དུ་འགྲོ་ཐུབ་པ་ཞིག་དགོས་པ་དེ་གལ་ཆེན་པོ་རེད།



2010.10.01 00:16:36

འདི་ག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་རྩོམ་སྒྲིག་གཙོ་གཉེར་བྱེད་བཞིན་པའི་བོད་ཀྱི་བང་ཆེན་དྲ་རྒྱའི་ཆེད། རྒྱ་ཡིག་གི་གསར་འགོད་པ་ཞིག་དགོས་པས་གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་པ་རྣམས་ཀྱིས་ཕྱི་ལོ་༢༠༡༠ ཟླ་༡༠ ཚེས་༡༥ ནང་ཚུད་འདི་ག་སྲི་ཞུ་ཁང་དུ་ཡིག་ཐོག་སྙན་ཞུ་འབྱོར་དགོས་པ་དང། དེའི་རྗེས་སུ་འབྱོར་རིགས་རྣམས་རྩིས་མེད་ཡིན། སྙན་ཞུ་འབྱོར་མཁན་རྣམས་རྒྱུགས་སྤྲོད་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ཡིན་ཞིང་། འདེམས་སྒྲུག་ཟིན་རྗེས་དགོས་མཁོའི་མཐུན་རྐྱེན་རྣམས་སྲི་ཞུ་ཁང་གི་སྒྲིག་གཞིའི་ནང་གསལ་ལས་བྱེད་སྤྱི་མཚུངས་ལྟར་འཐོབ་རྒྱུ་ཡིན་པ་བཅས་དེ་ལུགས་དགོངས་འཇགས་ཞུ།

གཤམ་གསལ་དགོས་མཁོའི་ཆ་རྐྱེན་ཁག





2010.08.30 04:34:07

ནམ་རྒྱུན་ལྟར་གཟའ་ཉི་མའི་དགོང་དྲོར་དམ་བཅའ་ཡོད་པ་བཅའ་ཁྲིམས་མངའ་བདག་མཆོག་གིས་ཉིན་དགུང་ཚོགས་ལ་གསུངས་གནང་སོང་ དེ་སྔོན་གྱི་གཟའ་འཁོར་འགའ་ཤས་ཞིག་དམ་བཅའ་མེད་པ་ནི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་བློ་རྒྱུགས་གྱི་སློབ་ཚན་ཟིན་མ་ཚར་བ་རྣམས་ལ་གོ་སྐབས་ཕུལ་བ་རེད་ལ་སྤྱིར་ན་གུས་ཚོའི་བློ་རྒྱུགས་ཀྱི་ལེ་ཚན་གདན་ས་གཞན་དང་ཐུན་མིན་གྱི་ད་ལོ་དང་ན་ནིང་གི་རྩོད་གཞུང་རྣམས་རྒྱུགས་འབུལ་རྒྱུ་ཡིན་པས་དཀའ་ངལ་ཆེ་ཙམ་དང་དམངས་ཡོངས་ནས་ཚགས་ཚུགས་ཡོང་བའི་ཆེད་དེའི་སྐབས་གོང་རིམ་རྣམས་པས་ཐུགས་འཁུར་ཆེན་པོ་གནང་གི་ཡོད་ དེ་རིང་ནས་བཟུང་ཉིན་གསུམ་བཞིའི་རྗེས་རྒྱུགས་སྤྲོད་ཀྱི་ཉིན་མོ་འཁེལ་བས་འདུས་དམངས་ནས་གྲ་སྒྲིག་ཨང་གསར་གྱི་དངོས་གཞིའི་བྱ་བ་ལ་འཇུག་རྒྱུའི་སྐབས་སྒུག་བཞིན་ཡོད་





2010.08.21 23:30:26

ཁ་སང་དགོང་མོ་ཆུ་ཆུ་ཚོད་༨ སྐར་མ་༥༠ ཐོག་ལྡི་ལི་ནས་ཐོན་ཏེ་ད་ལྟའི་ཆར་ནག་པུར་མེ་འཁོར་འབབ་ཚིགས་སུ་སླེབས་སོང་། སང་ཉིན་ཞོགས་པ་ཆུ་ཚོད་༦ པ་དང་༧ པ་ཞིག་ལ་བྷེང་ལོར་དུ་སླེབས་ས་རེད། ངས་མཉམ་འཁྱེར་དྲ་ལམ་TATA Photon གྱིས་ཀྱང་ལས་ཀ་ཡག་པོ་བྱེད་ཀྱི་འདུག འོན་ཀྱང་གཏམ་གསར་པ་གང་ཡང་བཤད་ཀྱི་མེད། རྗེས་མ་མཇལ་ཡོང་། གསེར་རྟ་ཚུལ་ཁྲིམས་ཀྱིས་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༢༢ ཀྱི་སྔ་དྲོ་ཆུ་ཚོད་༡༠ དང་སྐར་མ་༣༠ ཐོག་བྲིས།





2010.08.16 23:17:18

ད་ལྟའི་ཆར་བོད་ཡིག་གི་དྲ་རྒྱ་ཁག་དང་ཤོག་ཐོག་ཏུ་པར་སྐྲུན་བྱས་པའི་ཚགས་དེབ་སོགས་ཡིག་ནོར་ཧ་ཅང་མང་པོ་ཡོང་གི་ཡོད་པ་ནི། སྐད་ཡིག་ཉམས་ཞན་གྱི་གནས་སྟངས་གསལ་པོ་མངོན་པ་ཞིག་རེད། ལྷག་བསམ་ཡངས་པ་གང་ཉིད་ཀྱིས་སྐད་ཡིག་ཁྲིམས་ཞིབ་ཁང་གི་མིང་ཐོག་ནས་འདི་གའི་ཟིན་བྲིས་ཁག་གི་ཡིག་ནོར་དག་བཅོས་ཀྱི་ཁུར་འགན་བཞེས་པ་ནི་ཧ་ཅང་བསྔགས་བརྗོད་དང་དགའ་གུས་ཀྱི་རང་བཞིན་ཞིག་ཏུ་གྱུར་ཡོད་པས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། དེ་དང་ཆབས་གཅིག་ཏུ་དག་བཅོས་གནང་སྟངས་ཀྱི་སྐོར་ལ་འབོད་སྐུལ་རེ་ཟུང་ཞིག་གཤམ་དུ་ཞུ་རྒྱུ་ཡིན།





2010.08.14 20:50:54

གསེར་རྟ་བླ་རུང་ཆོས་སྒར་གྱིས་ཡུལ་ཤུལ་འདས་གསོན་རྣམས་ལ་དངུལ་དང་ཅ་ལག་གནང་བའི་བསྡོམས་གྲངས།

ཐེངས་དང་པོ་སྒོར་ཁྲི་༣༥༠ ཐེངས་གཉིས་པ་སྒོར་ཁྲི་༥༤ ཐེངས་གསུམ་པར་སྒོར་ཁྲི་༣༡༡ ཚེ་འདས་རྐྱང་པའི་དགེ་རྩར་སྒོར་ཁྲི་༣༥༢ སྨན་ཁང་སོ་སོའི་ནང་དུ་ཡོད་པའི་ནད་པ་རྣམས་ལ་སྒོར་ཁྲི་༩༦ བསྡོམས་སྒོར་ཁྲི་༡༡༦༣ དང་། གཞན་ཅ་དངོས་སྣ་ཚོགས་ཟོག་འཁོར་༢༦ ལྷག་ཙམ་གྱིས་བྱམས་རྩེའི་ཐུགས་ཁུར་རོགས་སྐྱོར་རྒྱ་ཆེར་གནང་བའི་གསེར་རྟ་བླ་རུང་ཆོས་སྒར་ལ་ངེད་ཡུལ་ཤུལ་མི་དམངས་ཀྱིས་ཁ་ཞེ་མེད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། དད་སེམས་ཀྱི་དུང་བ་ཟབ་མོ་ནམ་ཡང་བརྗེད་པ་ག་ལ་སྲིད།





2010.07.31 05:21:55

རྟའུ་ཆོས་མཛད་ཕུན་ཚོགས་དབང་འདུས་ལགས། ཕྲན་ལ་ཉིན་ཤས་རིང་བྲེལ་བ་ཆེན་པོ་བྱུང་བས་ཁྱེད་ལ་གསལ་བཤད་ཞུ་རྒྱུའི་དུས་ཁོམ་མ་བྱུང་བར་དགོངས་འགལ་མེད་པ་ཞུ་རྒྱུ་དང། དེ་རིང་ངས་ཁྱེད་ལ་ཁྲག་འཐུང་བདུད་འཇོམས་གླིང་པའི་འཁྲུངས་ཡུལ་དང། ཁོང་གི་མི་རྒྱུད་གང་ནས་ཆད་པ་སོགས་ཁོང་གི་རང་རྣམ། <<ཆོས་ཉིད་སྒྱུ་མར་རོལ་པའི་སྣང་ལམ་གསང་བ་ཉམས་བྱུང་གི་རྟོགས་བརྗོད་གསལ་བའི་མེ་ལོང་>>དུ་ཇི་ལྟར་གསལ་བ་བཞིན་ལུང་འདྲེན་དང་། དེའི་རྒྱབ་ལྗོངས་ཀྱི་འགྲེལ་བཤད་ཚིག་རེ་ཟུང་ཞིག་ཞུས་ཡོད་པ་གཤམ་དུ་གསལ་བས་དེར་གཟིགས་རོགས།





2010.07.24 07:45:24

chrome-205_noshadowདྲི་མེད་རྒྱལ་མཚན་ལགས། ངེད་གཉིས་ཀྱི་དྲི་བ་དང་ལན་འདེབས་དེས་བོད་ཀྱི་བང་ཆེན་དྲ་རྒྱ་གཟིགས་མཁན་རྣམས་ཀྱི་ནང་དུ་དྲ་འབྱེད་མཉེན་ཆས་ཀྱི་ཐོག་ནས་དཀའ་ངལ་འཕྲད་མཁན་མང་པོ་ཡོད་སྲིད་པས་ཁོང་རྣམས་ལ་ཕན་དུ་རེ་ནས་བསྐྱར་དུ་གསལ་བཤད་རེ་ཟུང་ཞིག་ཞུ་རྒྱུ་ཡིན། ངས་དྲ་འབྱེད་མཉེན་ཆས་ཡག་ཤོས་ཡིན་མིན་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ནས་བལྟས་པ་ཞིག་མིན་ལ། འོན་ཀྱང་Google Chrome དེ་རྒྱལ་སྤྱིའི་ཐོག་ནས་ཡག་ཤོས་མ་རེད་ཅེས་བཤད་པའང་མིན། དོན་དངོས་རྒྱལ་སྤྱིའི་སྟེང་ནས་ཀྱང་ཡག་ཤོས་རེད།





2010.05.30 23:00:34

བཀྲ་རྣམ་ལགས་བཀྲ་ཤིས་བདེ་ལེགས། སྐུ་ཉིད་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། ཁྱེད་ཀྱིས་གསུངས་པའི་དཀའ་ངལ་དེ་དག་དངོས་ཡོད་གནས་ཚུལ་རེད། དེ་དག་གི་དཀའ་ངལ་སེལ་ཆེད་དུ་གློག་ཀླད་རེ་རེ་བཞིན་ཐབས་ཤེས་བྱས་ན་དཀའ་ངལ་སེལ་མི་ཐུབ་པ་ཞིག་མ་རེད་དེ། དེ་ལྟར་བྱེད་པར་འདི་ནས་ནུས་པའི་འདེང་ཐབས་ཡོད་པ་ཞིག་གཏན་ནས་མ་རེད། འོན་ཀྱང་ཡོངས་རྫོགས་ཀྱི་དཀའ་ངལ་དྲ་རྒྱའི་ངོས་ནས་སེལ་ཐུབ་རྒྱུ་ཅུང་ཁག་ཙམ་རེད་འདུག ཐོག་མ་འདི་ནས་དྲ་བའི་མཉེན་ཆས་དེ་དག་འདེམས་པའི་སྐབས་གང་ཐུབ་ཐུབ་ཀྱིས་གསར་ཤོས་དང་སྔ་འདོན་བྱས་པ་རྣམས་བདམ་པའི་ཁུལ་རེད། ང་ཚོའི་རེ་བ་ལ་༢༠༡༡ གི་རྗེས་ནས་དཀའ་ངལ་དེ་དག་འཕྲད་མཁན་སུ་གཅིག་མེད་པའི་རེ་བ་རྒྱག་གི་ཡོད།




2010.05.21 03:47:11

 

དྲ་གྲོགས་ཁག་ཅིག་གི་དགོངས་ཚུལ་གསུངས་པ་བཞིན། འདི་ནས་གསར་འགྱུར་ཁག་ཅིག་ལ་བགྲོ་གླེང་བྱེད་ཡུལ་བཞག་ཡོད། མ་འོངས་པར་མུ་མཐུད་ནས་གསར་འགྱུར་ཁག་ལ་བགྲོ་གླེང་བྱེད་ཡུལ་འཇོག་ཆོག་པ་དང། གསར་འགྱུར་རེ་ཟུང་ལ་སྐབས་རེ་བགྲོ་གླེང་བྱེད་ཡུལ་འཇོག་རྒྱུ་འཚེམ་ལུས་སུ་འགྱུར་སྲིད་པ་ཡིན་པས། དྲ་གྲོགས་རྣམ་པས་གུ་ཡངས་གནང་རོགས།

 





2010.05.16 23:51:27

གསར་དུ་ཞུགས་པའི་སྐུ་མགྲོན་རྣམས་ལ་ཐོག་མ་ཟིན་བྲིས་སུ་ཞུགས་པའི་སྐབས་གཤམ་གྱི་གོ་རིམ་འདི་དག་ངེས་པར་དུ་བརྒྱུད་དགོས།

༡༽ དྲ་རྒྱའི་ཐོག་ཏུ་ཡོད་པའི་ནང་འཛུལ་དང་དེབ་སྐྱེལ་བྱེད་ཡུལ་ཞེས་གཉིས་ཡོད་པའི་ནང་ནས་དེབ་སྐྱེལ་བྱེད་ཡུལ་ཞེས་པ་དེར་མདའ་རྟགས་ཀྱིས་གནོན་དགོས

༢༽ དེ་མནན་ཟིན་པའི་རྗེས་སུ་གཤམ་གྱི་དཔེ་རིས་སུ་འཁོད་པ་བཞིན། འཆར་ཡོང་བས་བར་སྟོང་དེ་དག་ཆད་ལུས་མེད་པར་འགེང་དགོས།





2010.05.15 10:46:03

བཀྲ་རྣམ་ལགས་སོགས་ཟིན་བྲིས་བདག་པོ་རྣམས་ཀྱིས་རང་ཉིད་ཀྱི་ཟིན་བྲིས་སུ་འདྲ་པར་འགོད་འདོད་ཡོད་ན་གཤམ་གྱི་གསལ་བཤད་འདིར་གཟིགས་དང། དཀའ་ངལ་གང་ཡང་མེད་པར་འདྲ་པར་འགོད་ཐུབ། ཁྱེད་ཀྱིས་གལ་སྲིད་འདྲ་པར་འགོད་པའི་ཚེ། ཐོག་མ་ནང་འཛུལ་བྱས་པའི་རྗེས་སུ་དྲ་རྒྱའི་གཡོན་ཕྱོགས་དང་རང་ཉིད་ཀྱི་ལག་པའི་གཡས་ཕྱོགས་སུ་ཐུར་དུ་བསྟར་འཕྲེང་བསྒྲིགས་པའི་མགོ་བརྗོད་དུ་ཟིན་བྲིས་ཞེས་བྲིས་པ་དེའི་ནང་ནས་ཨང་བཞི་པ། ངོ་སྤྲོད་བཟོ་བཅོས། ཞེས་པ་དེར་མདའ་མགོས་གནོན་ཙམ་གྱིས་དང་། རང་ཉིད་ཀྱི་མིང་གི་ཟུར་དུ་(ངོ་སྤྲོད་བཟོ་བཅོས།)ཞེས་པ་ཤར་ཡོང། དེའི་སྟེང་མདའ་མགོས་གནོན་ཙམ་བྱས་ན། སྐོར། ངོ་སྤྲོད་བཟོ་བཅོས། འདྲ་པར། ཞེས་འཕྲེད་དུ་བསྟར་འཕྲེང་བསྒྲིགས་ནས་ཤར་ཡོང། དེའི་ནང་ནས་མཐའ་མ། འདྲ་པར་ཞེས་པ་དེའི་ཐོག་མདའ་མགོས་གནོན་ཙམ་གྱིས་དང། Choose File ཞེས་པའི་དབྱིན་ཡིག་ཅིག་ཤར་ཡོད་པ་དེའི་ཐོག་མདའ་མགོས་མནན་ནས་རང་ཉིད་ཀྱི་འདྲ་པར་འདེམས་དགོས་པ་དང། འདྲ་པར་བདམ་ཟིན་པའི་རྗེས་སུ། ཡར་འཇུག་ཅེས་པ་དེར་མདའ་མགོས་ནོན་དང། འདྲ་པར་ཡར་འཇུག་བྱས་ནས་པར་ཚབ་ཀྱི་ཤུལ་དུ་ཁྱེད་ཀྱི་འདྲ་པར་འཆར་ཐུབ། དེ་ནས་གསོག་ཉར་ཞེས་པ་དེར་མདའ་མགོས་ནོན་དང། ཁྱེད་ཀྱི་འདྲ་པར་འགོད་རྒྱུ་ལེགས་གྲུབ་ཟིན་པ་ཡིན། གསལ་བཤད་འདི་ལ་གཟིགས་ནས་གོ་རིམ་མ་འཆོལ་བ་གནང་ན་འདྲ་པར་འགོད་རྒྱུར་དཀའ་ངལ་གང་ཡང་མེད་ཅེས། ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་རྩོམ་སྒྲིག་པས་བྲིས།





2010.05.12 22:16:05

དེ་རིང་ངས་ཟིན་བྲིས་ཀྱི་མདུན་ངོས་སུ་གསལ་བ་ཚང་མའི་ཡིག་གཟུགས་ལ་སྙོམས་སྒྲིག་ཐེངས་གཅིག་བྱས་པ་ཡིན། སྐབས་རེ་ཡིག་གཟུགས་ཆེ་དྲགས་པ་དང་། སྐབས་རེ་ཆུང་དྲགས་པ་སོགས་ཀྱི་དཀའ་ངལ་ཡོང་གི་འདུག ངའི་བསམ་ཚུལ་ལྟར་བྱས་ན་ཟིན་བྲིས་སྤེལ་མཁན་ཚང་མས་ད་ནས་བཟུང་ཡིག་གཟུགས་ཨང་༡༨ བདམ་ན་ཅུང་ལྟ་བདེ་བ་དང་། གཅིག་གྱུར་ཡོང་བ་ལ་ཕན་ཐོགས་འདུག དེ་བཞིན་ནགས་ཕྲན་པ་བསོད་ནམས་ཚེ་རིང་སོགས་རེ་ཟུང་ཞིག་གིས་ཟིན་བྲིས་ཚང་མ་སྨོན་ལམ་བོད་ཡིག་གིས་སྤེལ་བཞིན་ཡོད་པ་འདྲ། སྐབས་རེ་སྨོན་ལམ་ཡིག་གཟུགས་ཀྱི་དབུ་མེད་དུ་འགྱུར་བ་སོགས་ཡོང་གི་འདུག དེར་བརྟེན་དང་པོ་འབྲི་སྐབས་སྨོན་ལམ་བོད་ཡིག་གི་ཐོག་ནས་བྲིས་ཀྱང་མཐར་ཐུག་ཟིན་བྲིས་སུ་འགོད་རན་སྐབས་ཧི་མ་ལ་ཡའི་ཡིག་གཟུགས་སུ་བསྒྱུར་ནས་འགོད་ཐུབ་ན་ལེགས་པར་མཐོང་བས་གནད་དོན་འདི་འབྲེལ་ཡོད་མཚན་སྨྲོས་པ་གང་དང་།





2010.03.30 02:37:33

བཀའ་བློན་ཁྲི་པའི་འོས་མིར་འདེབས་ཕྱོགས་ཐད་ཆོལ་ཁའི་འཐེན་འཁྱེར་མེད་པ་དངོས་ཡོད་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལམ་ལུགས་ཚད་ལྡན་ཕྱོགས་སུ་འགྲོ་ནུས་པ་མ་ཚད་མ་འོངས་བོད་གཞིས་བྱེས་གཉིས་ཀྱི་བདེ་སྡུག་ལ་ཐུགས་བསམ་བཞེད་ཐུབ་པ་ཅིག་དགོས་པ་སོགས་དེང་སྐབས་ཆབ་སྲིད་ཚོགས་པ་དང་ཆབ་སྲིད་པ་མང་པོའི་ཞལ་ནས་ཐོན་སྡོད་ཀྱང་ད་རིང་ཨ་མདོ་རྒྱུན་ལས་ནས་འོས་མི་༡༣་སྟོན་པའི་ནང་འོས་མི་བཞི་ལས་དེ་མིན་ཨ་མདོ་བ་རེད་འདུག།





2010.01.14 18:49:55

ཉེ་བའི་བདུན་ཕྲག་གཅིག་གཉིས་ཙམ་ནས་རྒྱ་གར་ནང་མེ་འཁོར་རྗེས་ལུས་ཐེབས་ནས་འགྲུལ་བཞུད་པ་རྣམས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་འདུག་ཀྱང་། རྒྱ་གར་གྱི་མེ་འཁོར་ལས་བྱེད་པ་དང། མེ་འཁོར་འབབ་ཚིགས་ཀྱི་ལས་བྱེད་རྣམས་ལ་མཚོན་ན་སྣང་མེད་ལྟ་བུར་གྱུར་འདུག ང་ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་དགོང་མོ་ཆུ་ཚོད་༧ པ་ཙམ་ལ་གནས་མཆོག་རྡོ་རྗེ་གདན་ནས་གྷ་ཡ་མེ་འཁོར་འབབ་ཚིགས་སུ་བལ་ཡུལ་ནས་ཕེབས་པ་ངའི་གྲོགས་པོ་སྐུ་ཞབས་འོད་ཟེར་ལགས་དང་མཉམ་དུ་སོང་བ་ཡིན།




2010.01.14 09:02:15

གཞིས་གྲོང་བཞི་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དུ་ཡོད། ཅུང་ཙམ་ནས་༧གོང་ས་མཆོག་ཐད་འཕུར་གནམ་གྲུ་བརྒྱུད་ནས་ཨོ་རི་ས་མངའ་སྡེའི་གྲོང་ཁྱེར་ལྟེ་བ་བྷོམ་བྷ་ནི་ཤི་ཝར་དུ་ཆིབས་བསྒྱུར་གནང་སོང།





2009.12.11 01:43:21

 

འཁྲབ་དགོས་པ་ཚང་མ་འཁྲབ་སོང་ཡང། ཆད་མི་རུང་བ་གཅིག་ཆད་སོང།

ཟླ་འདིའི་ཕྱི་ཚེས་༡༠ དགོང་མོ་ཆུ་ཚོད་དྲུག་དང་ཕྱེད་ཀྱི་ཐོག་བོད་གཞུང་ཟློས་གར་ཚོགས་ཁང་དུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་གཏམ་བརྗོད་ཅིག་འཁྲབ་སྟོན་བྱ་རྒྱུ་ཡིན་ཚུལ་གྱི་མགྲོན་བརྡ་ཞིག་འབྱོར་འདུག ཕྲན་ལ་མཚོན་ན་དྷ་སར་སླེབས་ནས་ལོ་བཅུ་གཅིག་ཧྲིལ་པོ་སོང་ཟིན་ནའང་བོད་གཞུང་ཟློས་གར་དུ་ལྟད་མོ་ལྟ་བར་བསྐྱོད་པའི་གྲངས་ཀ་ནི་གསུམ་བཞི་ཞིག་ལས་བགྲང་རྒྱུ་མེད། ཕྲན་ནི་བཙན་བྱོལ་དུ་འབྱོར་བ་ནས་བཟུང་གླུ་གར་འཁྲབ་སྟོན་སོགས་ལ་དོ་དབྱིངས་ཆེན་པོ་མེད་པར་གྱུར་འདུག་ཀྱང། མགྲོན་བརྡ་དེ་ལ་ཞིབ་བལྟ་ཐེངས་གཅིག་བྱས་པ་བརྒྱུད། མགྲོན་བརྡ་དེའི་མཇུག་ཏུ་གཞིས་བྱེས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ངེས་པར་དུ་ཕེབས་གནང་ཡོང་བ་ཞེས་བྲིས་འདུག་པས། མ་བཅར་ཐབས་མེད་ཆགས་སོང་ལ། ལྷག་པར་དུ་འཁྲབ་སྟོན་པ་མང་ཆེ་བའང་༢༠༠༨ ལོའི་ཞི་རྒོལ་ནང་ཞུགས་མྱོང་མཁན་རེད་འདུག་པས་དམིགས་བསལ་གྱིས་བྲོ་བ་གསོན་པོ་ཞིག་ཡོད་ངེས་རེད་བསམས་ནས་བཅར་བ་ཡིན།





2009.12.04 10:57:13

རྒྱལ་ཐང་བཀྲ་ཤིས་ཚེ་རིང་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནས་རེད། སྤྱི་ལོ་༡༩༨༩ལོར་ཆིན་ཧྭ་སློབ་གྲྭ་ཆེན་མོ་ནས་བཟོ་སྐྲུན་ཆེད་ལས་ཀྱི་དངོས་གཞིའི་འཛིན་ཡིག་ཐོབ། སྤྱི་ལོ་༢༠༠༡ལོར་ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱལ་སྤྱིའི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་ཐོབ་ནས་སྤྱི་ལོ་༢༠༠༤ལོར་བེར་ཇི་ནེ་ཡ་༼ UVA




2009.09.28 19:53:29

མཆོག་ཏུ་བཀུར་བར་འོས་པའི་དྲ་མགྲོན་རྣམ་པར་གསལ་བསྒྲགས་ཞུ་རྒྱུར། བར་ལམ་བོད་ཀྱི་བང་ཆེན་དྲ་རྒྱའི་ནང་གི་མ་ལག་ཁག་ཅིག་གསར་པ་བརྗེ་བསྒྱུར་བྱེད་པའི་སྐབས་དེ་ལས་མང་ངམ། རྩོམ་ཡིག་གི་འཕྲོས་ཚང་མ་རྒྱབ་ལོགས་སུ་གཏོང་རྒྱུའི་མ་ལག་དེ་བེད་སྤྱོད་མེད་པར་གྱུར་ནས་ད་བར་བདུན་ཕྲག་གསུམ་ཙམ་སོང་བ་དང་། ད་ལྟའི་ཆར་དེ་ལས་མང་བེད་སྤྱོད་བྱེད་ཐུབ་པ་མ་ཟད། འདྲ་པར་འགོད་སྟངས་ཀྱང་སྔར་དང་མི་འདྲ་བར་མ་ལག་གསར་པ་མང་པོ་ཞིག་བསྐྱར་དུ་ཁ་སྐོང་བྱས་ཡོད། རྩོམ་ཡིག་འགོད་པའི་སྐབས་འཕྲོས་རྒྱབ་ལོགས་སུ་གཏོང་སྟངས་སྔོན་དང་ཅུང་མི་འདྲབསདྲ་གྲོགས་རྣམས་ལ་དཔེ་རིས་ཀྱི་སྟེང་ནས་ངོ་སྤྲོད་བྱས་ཡོད་པས་དེར་གཟིགས་རོགས། གོང་གི་པར་རིས་དེའི་གཤམ་གྱི་བསྟར་ཕྲེང་གི་ནང་དུ་ཡོད་པ་གཤམ་ནས་ཡར་བརྩིས་པའི་གཉིས་པ་འོག་ཏུ་དམར་རྟགས་གོར་ཐིག་བརྒྱབ་པ་དང༌། ཟུར་དུ་བོད་ཡིག་གིས་དེ་ལས་མང་ཞེས་གསལ་བཤད་བྲིས་པ་དེའི་ཐོག་ཏུ་མནན་ན་སྔོན་མའི་དེ་ལས་མང་ཞེས་པ་དང་གཅིག་མཚུངས་ཡིན་པས་དེ་ལུགས་དགོངས་མངའ་ཡོང་བ་དང་།

000123 abc





2009.08.28 01:16:00

བོད་ཀྱི་བང་ཆེན་དྲ་རྒྱ་གཟིགས་མཁན་རྣམས་ལ་གསལ་བསྒྲགས།

བོད་ཀྱི་བང་ཆེན་གྱི་དྲ་རྒྱ་འདི་ཉིད་ཡར་རྒྱས་དང་། ལྟ་ཀློག་བྱེད་མཁན་ཉིན་རེ་ནས་ཉིན་རེ་བཞིན་མང་དུ་འགྲོ་བའི་སྐབས་སུ་ཡོད་མོད། ཕྱི་ཚེས་༢༥ རེས་གཟའ་མིག་དམར་གྱི་དགོང་མོ་ཆུ་ཚོད་དྲུག་པའི་ཐོག་གློ་བུར་དུ་སྒོ་ཕྱེ་མི་ཐུབ་པ་ཆགས་པ་དང་།





2009.07.22 06:16:32

ཟིན་བྲིས་སུ་གསར་དུ་ཞུགས་སྟངས་ལམ་སྟོན།

གསར་དུ་ཞུགས་པའི་སྐུ་མགྲོན་རྣམས་ལ་ཐོག་མ་ཟིན་བྲིས་སུ་ཞུགས་པའི་སྐབས་གཤམ་གྱི་གོ་རིམ་འདི་དག་ངེས་པར་དུ་བརྒྱུད་དགོས།

 

༡༽ དྲ་རྒྱའི་ཐོག་ཏུ་ཡོད་པའི་ནང་འཛུལ་ཞེས་པ་དེར་འགྲོ་དགོས་ལ།

༢༽ གཤམ་གྱི་དཔེ་རིས་སུ་འཁོད་པ་བཞིན། ཐོ་འགོད་ཅེས་དམར་རྟགས་འཁོད་པ་དེར་གནོན་དགོས།

༣༽ དེའི་རྗེས་གཤམ་གྱི་དཔེ་རིས་སུ་འཁོད་པ་བཞིན། ཐོ་འགོད་བྱེད་ཡུལ་ཤར་ཡོང་བ་དང། རེའུ་མིག་དང་པོ་མིང་དང། རེའུ་མིག་གཉིས་པ་སྤྱོད་མཁན་གྱི་མིང་གཉིས་ཀ་བོད་ཡིག་གིས་འབྲི་ཆོག རྗེས་མ་བེད་སྤྱོད་བྱེད་པའི་སྐབས་སྤྱོད་མཁན་གྱི་མིང་ཞེས་པ་དེ་ཕྱི་ལོགས་སུ་ཤར་ཡོང་བ་དང། མིང་ཞེས་པ་དེ་དུས་རྒྱུན་ནང་འཛུལ་བྱེད་པའི་མིང་དེ་རེད། རེའུ་མིག་གསུམ་པ་གློག་འཕྲིན་ནང། ཁྱེད་ཀྱིས་རྒྱུན་སྤྱོད་ཨིས་མེལ་ཁ་བྱང་བེད་སྤྱོད་པ་ཡོད་པ་ཞིག་འབྲི་དགོས། རེའུ་མིག་གསུམ་པར་གསང་ཨང་ཞེས་གསང་བའི་རྟགས་ཡི་གེའམ་ཨང་གྲངས་གང་རུང་འབྲི་དགོས་ལ། རེའུ་མིག་བཞི་པར་ཡང་གོང་དུ་བཀོད་པའི་གསང་ཨང་དེ་མ་ནོར་བར་བསྐྱར་འགོད་བྱེད་དགོས།

༤༽ དེ་དག་གྲུབ་རྗེས་གཤམ་གྱི་ཐོ་འགོད་ཅེས་པ་དེར་གནོན་ཙམ་གནང་ན་ཁྱེད་ཀྱི་དེབ་འགོད་ཆ་ཚང་གྲུབ་པ་རེད།

༥༽ རྗེས་སུ་རང་ཉིད་ཀྱིས་བརྗོད་གཞི་གསར་པ་ཞིག་སྤེལ་བའམ། ཡང་ན་གཞན་གྱིས་སྤེལ་བའི་བརྗོད་གཞི་ལ་བགྲོ་གླེང་བྱེད་པ་གང་ཡིན་རུང་ནང་འཛུལ་བྱེད་དགོས། ནང་འཛུལ་བྱས་པའི་རྗེས་སུ་ཁྱེད་ཀྱིས་ག་རེ་འབྲི་དགོས་ཀྱང་དཀའ་ཁག་མེད།





2009.07.20 20:17:20

གསལ་བཤད་འདི་དྲར་ཞུགས་སྐུ་མགྲོན་ཞིག་གིས་དགོངས་འཆར་གནང་བར་ལན་འདེབས་ཞུས་པ་ཞིག་ཡིན་ཡང་། དྲར་ཞུགས་སྐུ་མགྲོན་གང་མང་ཞིག་ལ་དྲ་རྒྱ་འདི་ཉིད་གཟིགས་པའི་སྐབས་དྲ་འབྱེད་མཉེན་ཆས་ཀྱི་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད་པས། གསལ་བཤད་དེ་ཟུར་དུ་བསྐྱར་འགོད་བྱས་པ་ཡིན།

ཕྱི་ལོ་ཉིས་ཁྲི་བཅུའི་༼༢༠༠༡༠༽ལོའི་མཛེས་མ་ལགས། དགོངས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང། གང་ཐུབ་ཀྱིས་འབད་བརྩོན་བྱེད་ངེས་ཡིན། འོན་ཀྱང་ང་ཚོའི་དྲ་རྒྱའི་མདུན་ངོས་ཀྱི་བཟོ་འགོད་དེ་བོད་ཀྱི་དུས་བབ་དང་འདྲ་པོ་བཟོ་དགོས་མིན་ལ་བསམ་བློ་གཏོང་གི་ཡིན། སྤྱིར་དྲ་ཚིགས་རེར་བཟོ་དབྱིབས་མི་འདྲ་བ་རེ་ཡོད་དགོས་པ་ལྟ་བུ་ལས་གཅིག་མཚུངས་ཡིན་ན་མི་ལེགས་པའི་དགོངས་ཚུལ་འདོན་མཁན་ཡང་འདུག གཞན་ཡང་དྲ་རྒྱ་ཀློག་མཁན་མང་པོ་ཞིག་གི་གློག་ཀླད་ནང་དྲ་འབྱེད་མཉེན་ཆས་༼Internet Explorer 7༽བདུན་པའམ་ ༼Internet Explorer 8༽བརྒྱད་པ་དང། དྲ་འབྱེད་མཉེན་ཆས་མེ་ཝ་ ༣.༠.༤ རྟགས་ཅན་༼Firefox Setup 3.0.4༽འདི་གཉིས་མེད་པས། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ལ་གཟིགས་པའི་སྐབས་ཡི་གེ་འཕྲེད་དུ་རིང་པོ་ཆགས་པ་དང། དྲ་རྒྱའི་སྟོད་ཕྱོགས་ཀྱི་གནས་ཚུལ་ཚང་མ་སྨད་དུ་ཤོར་འགྲོ་བ་སོགས་ཀྱི་གནས་ཚུལ་ཡོང་གི་ཡོད་པ་རེད། དཀའ་ངལ་དེ་སེལ་ཆེད་གོང་དུ་བཀོད་པ་བཞིན་དྲ་འབྱེད་མཉེན་ཆས་༼Internet Explorer 7༽བདུན་པའམ་ ༼Internet Explorer 8༽བརྒྱད་པ་དང། དྲ་འབྱེད་མཉེན་ཆས་མེ་ཝ་ ༣.༠.༤ རྟགས་ཅན་༼Firefox Setup 3.0.4༽འདི་གཉིས་ཀྱི་གང་རུང་བེད་སྤྱོད་བྱས་ན་བདེ་བླག་ཏུ་གཟིགས་ཐུབ། དེ་བཞིན་ལོ་གཅིག་གི་རྗེས་སུ་ཀློག་གླད་ནང་གི་མཉེན་ཆས་མང་པོ་ཞིག་རྙིང་པ་ཆགས་ངེས་དང་། སྐབས་དེ་དུས་གོང་གི་དཀའ་ངལ་དེ་དག་ཀྱང་རང་བཞིན་གྱིས་སེལ་ངེས་ཡིན། གོང་གི་གསལ་བཤད་འདི་དག་ལ་ཀློག་མཁན་རྣམས་ཀྱིས་གཟིགས་ནས་དེ་ལུགས་ལག་ལེན་དུ་བསྟར་ཐུབ་པའི་རེ་བ་ཡོད། ཐུགས་སྣང་ཆེན་པོའི་ཐོག་ནས་དགོངས་ཚུལ་གནང་མཁན་ལའང་་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།





2009.05.09 21:02:28

གསར་དུ་དྲ་བར་ཕེབས་པའི་སྐུ་མགྲོན་ yeshi thinleyy ལགས་ཀྱིས་གཙོས་གསར་ཞུགས་སྐུ་མགྲོན་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང༌།  ཐོག་མ་ཐོ་འགོད་བྱེད་པའི་སྐབས་དང༌། གལ་སྲིད་ཐོ་འགོད་བྱས་ཟིན་ཀྱང༌། ཁྱེད་ཀྱི་མིང་དེ་བོད་ཡིག་བཀོལ་སྤྱོད་བྱེད་འདོད་ན། བསྐྱར་དུ་ཐོ་འགོད་བྱེད་དགོས།

དང་པོ། ཐོག་མ་ནང་འཛུལ་བྱེད་ཡུལ་དུ་སོང་ན། དེའི་གཤམ་དུ་གདམ་ག་གསུམ་ཡོད་པའི་གསུམ་པ་ཐོ་འགོད་ཅེས་པ་དེའི་ཐོག་ཏུ་གནོན་དགོས་ལ། དེ་ལྟར་མནན་པའི་རྗེས་སུ་ཐོ་འགོད་བྱེད་ཡུལ་ཆ་ཚང་ཤར་ཡོང༌། སྐབས་དེར་མིང་དང༌། སྤྱོད་མིང་གཉིས་ཀ་བོད་ཡིག་གིས་བྲིས་ན། རྗེས་སུ་རང་ཉིད་ཀྱི་མིང་བོད་ཡིག་གི་ཐོག་ནས་འཆར་ཐུབ་པ་མ་ཟད། དུས་རྒྱུན་ནང་འཛུལ་བྱེད་པའི་སྐབས་ཀྱང་སྤྱོད་མིང་བོད་ཡིག་རང་གིས་འབྲི་ཐུབ།

གཉིས་པ། ཟིན་བྲིས་སུ་ཁྱེད་ཀྱི་འདྲ་པར་འཇོག་འདོད་ན་དྲ་བའི་གཡས་ཟུར་དང༌། རང་ཉིད་ཀྱི་ལག་གཡོན་ཕྱོགས་སུ་ཡོད་པའི་ཟིན་བྲིས་ཞེས་པའི་མགོ་བརྗོད་འོག་ཏུ་ཡོད་པའི་ནང་གསེས་ཨང་གསུམ་པ། ངོ་སྤྲོད་བཅོས་སྒྲིག་ཅེས་པ་དེའི་ཐོག་ཏུ་གནོན་དགོས་པ་དང༌། དེ་ནས་ངོ་སྤྲོད་བཟོ་བཅོས་ཞེས་པ་ཞིག་མཐོང་ཐུབ། དེའི་ཐོག་མནན་ན་སྐོར་དང༌། ངོ་སྤྲོད་བཟོ་བཅོས། འདྲ་པར་ཞེས་ཚན་པ་གསུམ་མཐོང་ཐུབ། འདྲ་པར་ཞེས་པའི་ཐོག་མནན་ན་འདྲ་པར་ཡར་འཇུག་བྱེད་ས་སླེབས་ཡོང་བ་དང༌། རང་ཉིད་ཀྱིས་འདྲ་པར་གང་འགོད་དགོས་པ་དེ་བདམ་ནས་ཡར་འཇུག་བྱེད་དགོས་པ་དང༌། དེའི་རྗེས་སུ་གཤམ་གྱི་གསོག་ཉར་ཞེས་པ་དེར་མནན་ན་འདྲ་པར་བཀོད་ཟིན་པ་ཡིན།

གསལ་བཤད། དམར་རྟགས་བརྒྱབ་པ་རྣམས་རེ་རེ་བཞིན་གོ་རིམ་མ་འཆོལ་བར་སོང་ན་མིང་བོད་ཡིག་གིས་འབྲི་བ་དང༌། འདྲ་པར་འགོད་རྒྱུའི་དཀའ་ངལ་དེ་ཡོངས་སུ་སེལ་ཐུབ།





2009.04.17 20:48:12

འདི་ག་བོད་ཀྱི་བང་ཆེན་གསར་ཁང་ནས་འབད་བརྩོན་གང་མང་བྱས་པ་བརྒྱུད་ད་ལྟའི་ཆར་རྒྱ་བོད་དབྱིན་གསུམ་གྱི་ཐོག་ནས་དྲ་རྒྱ་འདི་ནས་གསར་སྐྲུན་བྱེད་ཐུབ་ཙམ་བྱུང་བ་དང༌། བོད་ཀྱི་སྐད་ཡིག་ཡར་རྒྱས་དང༌། མང་གཙོ་དང་འདྲ་མཉམ་གྱི་གོ་རྟོགས་ཡར་རྒྱས་ཡོང་ཆེད་དུ་དམིགས་ནས་ཀློག་མཁན་རྣམས་ཀྱི་བསམ་ཚུལ་འབྲི་བ་དང༌། ཕན་ཚུན་བགྲོ་གླེང་བྱེད་ཡུལ་ཞིག་བསྐྲུན་པ་རེད། ད་ལྟའི་ཆར་སྐུ་མགྲོན་གང་མང་ཞིག་གིས་དང་བ་དང་འགན་ཁུར་ཆེན་པོས་རང་ཉིད་ཀྱི་བསམ་ཚུལ་གང་ཡོད་གསུངས་བཞིན་པ་དང༌། ལན་འདེབས་བྱེད་པའི་སྐབས་ཀྱང་དོན་དངོས་གཙོ་བོར་བཟུང་ནས་བགྲོ་གླེང་གནང་བཞིན་པ་ནི་ཧ་ཅང་བསྔགས་འོས་ཀྱི་གནས་སྟངས་ཤིག་ཏུ་གྱུར་འདུག་ཀྱང༌། མི་ཉུང་བ་ཞིག་གིས་མིང་རྫུན་མ་རེའི་རྒྱབ་ཏུ་གབ་ནས་དུས་རྒྱུན་དཀྲོག་གཏམ་དང་དཀྲུགས་ཤིང་རྒྱག་རྒྱུ་ལས་མི་རིགས་དང་རིག་གནས་ལ་ཕན་པའི་བསམ་བློ་ཏིལ་འབྲུ་ཙམ་ཡང་མེད་པའི་གནས་ཚུལ་ཡང་ཇི་སྙེད་ཅིག་ཡོང་བཞིན་འདུག འདི་ལྟར་མུ་མཐུད་དུ་སོང་ནས་དྷ་རམ་ས་ལའི་རྩིག་གྱང་ངོས་ཀྱི་ཡིག་འཁྱམས་དེ་དག་དྲ་རྒྱའི་ནང་དུ་སྤོས་པ་དང་ཁྱད་པར་གང་ཡང་མེད་པས་ང་ཚོའི་དགོས་དམིགས་ཀྱི་ཟུར་ཆ་ཙམ་ཡང་འགྲུབ་ཐབས་མི་འདུག་པས། ཟིན་བྲིས་དང་གླེང་སྟེགས་སུ་འཛུལ་ཞུགས་དང་དེབ་འགོད་བྱེད་སྐབས་འདི་ག་གསར་ཁང་དུ་ཐད་ཀར་འབྲེལ་བ་མ་བྱས་པར་འགོད་ཐབས་མེད་པ་ཞིག་བཟོ་དགོས་ཀྱང་བཟོ་ངེས་ཡིན།

ད་ལྟའི་ཆར་ཟིན་བྲིས་ཀྱི་ནང་དུ་འཛུལ་ཞུགས་བྱེད་པར་འདི་གར་འབྲེལ་བ་གང་ཡང་བྱེད་མི་དགོས་པར་ཐད་ཀར་རང་ངོས་ནས་འཛུལ་ཞུགས་ཆོག་པ་དེ། བོད་ནང་གི་ཀློག་མཁན་རྣམས་ཟིན་བྲིས་འདིར་འཛུལ་ཞུགས་གནང་བའི་སྐབས། འདི་གར་འབྲེལ་བ་གནང་རྒྱུར་སྟབས་མི་བདེ་བ་དང༌། ཁོང་ཚོས་དངོས་མིང་བཀོལ་ན་དཀའ་ངལ་འཕྲད་ངེས་པས་དེ་ལྟར་གུ་ཡངས་ཀྱི་རང་བཞིན་འདི་བསྐྲུན་པ་རེད། འོན་ཀྱང་ད་ལྟའི་ཆར་མང་པོ་ཞིག་གིས་གོ་སྐབས་འདི་བཟུང་ནས་མིང་རྫུན་མ་རེའི་འོག་ཏུ་གབ་ནས་འགན་ཁུར་གང་ཡང་མེད་པར་དཀྲོག་གཏམ་དང་དཀྲུགས་ཤིང་ཁོ་ན་སྤེལ་བཞིན་འདུག་པ་ནི་བློ་ཕམ་གྱི་རང་བཞིན་དང༌། འབོད་སྐུལ་ཞུ་རྒྱུར་དེ་རིང་ནས་བཟུང་ཟིན་བྲིས་སུ་ཞུགས་མཁན་རྣམས་ཀྱིས་དྲ་རྒྱ་འདིའི་ཆེ་མཐོང་དང་སྤྱི་ཚོགས་ཀྱི་འགན་ཁུར་ནས་དོན་མེད་ཀྱི་དཀྲུག་ཤིང་དང༌། གཞི་མེད་ཀྱི་སྐུར་འདེབས་འདི་རིགས་མཚམས་འཇོག་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད་པས་དེ་ལུགས་དགོངས་བཞེས་ཡོང་བ་དང༌། ཅི་སྟེ་ད་དུང་འགྱུར་མ་བྱུང་ན་ཟིན་བྲིས་སུ་ཐོ་འགོད་དང་འཛུལ་ཞུགས་བྱེད་སྟངས་སོགས་ལའང་འགྱུར་བ་གཏོང་སྲིད་པས་དེ་ལུགས་དགོངས་འཇགས་ཡོང་བ་ཞུ་བཞིན་ཡོད།

              ཅེས་བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་གྱི་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱིས་ཕྱི་ལོ་2009 ཟླ་4 ཚེས་18 བོད་ཀྱི་བང་ཆེན་གསར་ཤོག་འདོན་འགྲེམས་བྱས་ནས་ལོ་དྲུག་ཧྲིལ་པོ་འཁོར་བའི་ཉིན་མོ་དང་སྟབས་བསྟུན་ནས་ཕུལ།





2009.03.28 20:28:58
སྔ་འགྱུར་རྙིང་མ་པའི་དབུ་ཁྲིད་ཟུར་པ་རྒྱལ་བ་དབལ་ཡུལ་གདན་རབས་བཅུ་གཅིག་པ་ྋསྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་མཆོག་གི་མཛད་རྣམ་མདོར་བསྡུས།

གྲུབ་དབང་གོང་མ་དཔལ་ཆེན་འདུས་པའི་སྐུ་ཡི་ཡང་སྲིད་འཁྲུལ་མེད་ཡིན་པ་ནི། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ལུང་བསྟན་ལས། གནས་མཆོག་སྤོ་བོ་སྟོད་ཀྱི་ཕྱོགས་ཤིག་ན།། རིན་ཆེན་བྲག་གི་ལྷུན་སྟུག་མཛེས་པའི་རྩེར།། ལྗོན་ཤིང་སྣ་ཚོགས་མཚོ་དང་ལྡེང་ཀས་བརྒྱན།། བསིལ་ལྡན་ཆུ་བོ་ཆེན་པོ་ལྷོ་ནས་འདྲེན།། ཐབས་ཤེས་བསོད་ནམས་སྐྱིད་ཀྱི་མིང་ཅན་ནས།། རིགས་ལྡན་ཁྱེའུ་ཆུ་སྤྲེལ་ལོ་པ་འབྱུང༌།། བསྟན་འགྲོར་སྨན་པའི་དགེ་མཚན་བཟང་པོ་ཤར།། ཞེས་ལུང་བསྟན་པ་བཞིན། ཁྲག་འཐུང་བདུད་འདུལ་རྡོ་རྗེ་གདུང་འཛིན་ཡབ་བསོད་ནམས་འགྱུར་མེད་དང༌། ཡུམ་འཛོམས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་༡༦ ཆུ་སྤྲེལ་རྒྱལ་ཟླ་བ་ཕྱི་ལོ་༡༩༣༢ ལོར་མཚན་དཔེའི་གཟི་བྱིན་གསར་དུ་བཞད། དགུང་གྲངས་ལྔ་པ་མེ་བྱི་ལོར་དཔལ་ཡུལ་བའི་གདན་སར་སྤྱན་དྲངས།





2009.03.22 16:09:48

(CNN) -- Today is the fiftieth anniversary of the Tibetan people's peaceful uprising against Communist China's repression in Tibet.

The Dalai Lama is shown speaking Monday in Dharamsala, India.

The Dalai Lama is shown speaking Monday in Dharamsala, India.

Since last March widespread peaceful protests have erupted across the whole of Tibet. Most of the participants were youths born and brought up after 1959, who have not seen or experienced a free Tibet. However, the fact that they were driven by a firm conviction to serve the cause of Tibet that has continued from generation to generation is indeed a matter of pride. It will serve as a source of inspiration for those in the international community who take keen interest in the issue of Tibet.





JPAGE_CURRENT_OF_TOTAL