|
|
|
2012.01.27
09:58:00
|
|||
|
|||
|
2012.01.15
07:51:02
|
|||
|
<<བོད་ཀྱི་ན་གཞོན་གླུ་གར་ཚོགས་པ>>འི་རོལ་དབྱངས་ལ་བལྟས་རྗེས། དོ་ནུབ་དགོང་མོར་རི་གྲོང་དབྱངས་ལ་ཞུགས་འདུག། དབྱངས་ཀྱི་ནུས་པས་རི་གྲོང་འོད་ཆགས་བཞེངས་སྐད།། འོད་ཆགས་སྟོང་གི་ཁེངས་བའི་གར་སྟེགས་འོག་ཏུ།། བདག་ཉིད་སུ་ཡིན་སྙམ་པའི་དོགས་ཤིག་བསླངས་ཐལ།།
|
|||
|
2011.12.31
11:36:41
|
|||
|
|
|||
|
2011.12.12
03:27:57
|
|||
|
༡༽ གྲྭ་ངན་འགའ་ཤས་ཀྱི་སྤྱོད་པའི་ཐད་དུ་བཏོན་པའི་བསམ་འཆར། གླེང་སློང་བ། དེང་རབས་ཉེར་གཅིག་པའི་ད་ལྟའི་གཉན་འཕྲང་ཅན་གྱི་དེང་སྐབས་འདི་དང་བརྟེན་ནས་ངས་རང་ཉིད་ཀྱི་བསམ་བློའི་འཆར་སྒོ་ཙམ་ཞིག་འདི་ནས་བརྡོལ་འདོད་པ་ཙམ་ཡིན། སྤྱིར་ན་མི་ང་ལྟ་བུ་ཞིག་གིས་གྲྭ་བའི་སྤྱི་ཚོགས་སུ་བསམ་ཚུལ་འདོན་པའམ་དེ་བས་ཉེན་ཚབ་ཆེའི་གྲྭ་བའི་རྒྱུན་སྤྱོད་ཀྱི་ལས་ཉེས་སྐོར་གླེང་ཁུལ་བྱས་པ་ནི་དངོས་གནས་གད་མོ་སློང་དགོས་པའི་གནད་ཅིག་ཡིན་མོད། འོན་ཀྱང་བསམ་ཚུལ་ནི་བསམ་ཚུལ་རང་ཡིན་པ་ལས་ངའི་བསམ་ཚུལ་ཐམས་ཅད་བདེན་པར་འགྱུར་བའི་ངེས་པ་མེད་མོད། དེའི་ཕྱིར་ངས་ཀྱང་ང་རང་འགྲོ་བ་མི་ཞིག་གམ་སྨྲ་ཤེས་དོན་གོ་བ་ཞིག་གིི་འདུ་ཤེས་ཡོད་པར་གཞི་ལ་བཟུང་ནས་འགྲོ་བ་མི་ཞིག་གི་ངོས་ནས་གླེང་ན་བླ་ན་མེད་པའི་རིན་ཐང་ཅན་གྱི་སྨྲ་བརྗོད་རང་དབང་གི་གོ་སྐབས་འདི་ལ་བརྟེན་ནས་ཐོབ་ཐང་ལག་ཏུ་ལེན་ཏེ་ཕྲན་གྱིས་ཏོག་ཙམ་གླེང་འདོད་བྱུང་།
|
|||
|
2011.12.04
13:19:14
|
|||
|
སྟེང་ཕྱོགས་ལྷ་ཡི་གྲོང་གི།
|
|||
|
2011.11.19
09:52:42
|
|||
|
|||
|
2011.09.26
23:39:42
|
|||
|
ཟབ་སྦྱོང་ཚད་ལྡན་ཞིག་སྤྲོད་རོགས་ཞེས་པའི་ཁ་བྱང་འདི་མཐོང་བ་དང་ན་གཞོན་བསྐོར་ཞིག་ལ་ཚོགས་པ་ཆེ་གོ་མོ་ཞིག་གི་ཟབ་སྦྱོང་ཞིག་སྤྲོད་ཀྱི་ཡོད་པའི་འཚོ་བ་ཞིག་སྦྱིན་ངེས། འོན་ཀྱང་ད་ལྟ་ཕྲན་གྱི་གླེང་གཞི་ནི་དེ་ལྟར་མ་ཡིན་པར་བཙན་བྱོལ་ནང་གི་ཆེ་མཐོའི་དབུ་འཁྲིད་བཀའ་བློན་རྣམས་པར་ཚད་མཐོའི་ཟབ་སྦྱོང་ཞིག་ངེས་པར་དགོས་པ་མཐོང་། དེ་ཡང་ཁ་སྔོན་བཀའ་ཤག་སྐབས་བཞི་པའི་མ་འོངས་ལས་འཆར་འགའ་གྲོས་ཚོགས་སུ་སྙན་སྒྲོན་ཡིག་ཆ་མཇལ་ཀློག་ཞུ་སྐབས་ཐུགས་སྣང་དང་ལ་རྒྱ་ཅན་གྱི་མི་སྣ་མང་པོ་ཞིག་གི་སེམས་ལ་ཆུ་འཁྱགས་ཤོས་པ་ལྟར་ཁུམ་ཁུམ་དུ་གནས་བཞིན།
|
|||
|
2011.09.08
23:12:08
|
|||
|
ལུས་པོ་འཕགས་ཡུལ་དུ་གནས་ཀྱང་།། སེམས་པ་གངས་རི་ལ་འཁྲེང་སོང་།། མི་ཚེ་རྣམ་གཡེང་ལ་ཟད་པས།། རེ་སྒུག་སྟེང་ཟད་དུ་ལུས་སོང་།།
|
|||
|
2011.09.06
03:50:26
|
|||
|
དམར་ གཞུང་དབུས་ཆབ་སྲིད་རྒྱུན་ལས་དང་དབུས་འགོ་འཛིན་ལས་ཁུང་གི་འགོ་གཙོ།ཀྲུང་ཧྰ་ མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་གཞོན་པ། དབུས་དམར་གཞུང་དམག་དོན་ ལྷན་ཁང་གི་འགན་འཛིན་གཞོན་པ། ཀྲུང་ཧྰ་མི་མང་སྤྱི་འཐུས་རྒྱལ་ཁབ་དབུས་དམག་ དོན་ལྷན་ཁང་གི་གཙོ་འཛིན་གཞན་པ།དབུས་དམར་ཤོག་ཚོགས་པའི་སློབ་གྲྭའི་སློབ་སྤྱི་ བཅས་ཀྱི་གོ་གནས་ཡོད།
|
|||
|
2011.09.03
11:44:30
|
|||
|
ཉེ་དུས་བསྟན་འཛིན་སྒང་གཞིས་ཆགས་ནང་བུད་མེད་རིག་འཛིན་ལ་ལོག་གཡེམ་གྱི་ནག་ཉེས་ཟེར་བའི་ཐོག་ནས་སྐྲ་བཅད་པ་དང་སྣ་ལ་རྨས་སྐྱོན་བཟོས་རྗེས། དམར་ཧྲེང་དུ་ཁྲོམ་བསྐོར་ལ་བཙན་འཁྲིད་བྱས་པའི་གནད་དོན་བྱུང་ཡོད་པ་འདི་བཙན་བྱོལ་དུ་བུད་མེད་ལ་བཙན་ཤེད་ཀྱི་གནད་དོན་ཐོག་མ་མིན་ཞིང། དེ་སྔོན་ཡང་གསར་འབྱོར་བཙུན་མ་ཞིག་ས་གནས་རྒྱ་གར་ཕོ་གསར་གྱིས་བཙན་གཡེམ་བྱས་ནས་སྡོམ་པ་ཤོར་བ་དང།བུད་མེད་ཅིག་ཡུལ་མི་སྐྱེས་པ་མང་པོས་བཙན་གཡེམ་བྱས་རྗེས་སེམས་ཀྱི་སྐྱོ་ངལ་མ་བཟོད་པར་རང་ཤི་རྒྱག་པའི་སྐོར་སོགས་གོ་མྱོང་བ་མ་ཟད།
|
|||
|
2011.09.01
09:49:02
|
|||
|
--------མྱི་ངན་འགའ་ཤས་ལ་ཆེད་དུ་གདམས་པའོ། ས་ཆེན་སྨག་གིས་གཟས་པའི་དུས་ཚིགས་དེར་།། ཁེར་རྐྱང་མུན་པའི་ཀློང་དུ་ཉུལ་བའི་སྐབས།། ལག་སྙོབ་ཇི་ཙམ་བྱས་ཏེ་སོང་ན་ཡང་།། དཔྱད་མཐར་བརྙེད་པར་མུན་པ་ཁོ་ན་རེད།
|
|||
|
2011.08.14
11:29:05
|
|||
|
ནངས་མོ་དེར། ཚགས་པར་དང་གསར་འགྱུར་བརྒྱུད་ལམ་ནས། བཞི་པའི་བཅུ་བཞི་ཉིན་གྱི་ནངས་མོ་དེར། ང་དང་ཤ་རུས་འདྲེས་པའི་སྤུན་ཟླ་དུ་མའི། ཚེ་སྲོག་ལ་རྫོགས་ཚིག་ཐེབས་པའི་གཏམ་ངན་ཞིག་ངའི་རྣ་ལམ་དུ་ཐོས་དུས། ངའི་སེམས་པ་དངངས་སྐྲག་དང་འཇིགས་སྣང་གིས་ཁེངས་ཞིང་། ང་དོན་དངོས་དང་རྨི་ལམ་དབྱེ་འབྱེད་དཀའ་བའི་གནས་སུ་ལྷུང་།
|
|||
|
2011.08.13
12:39:55
|
|||
|
འབྲལ་དཀའ་བའི་གྲོགས་པོ་ཞིག་དང་སོ་སོར་གྱེས་པའི་རྗེས་སུ ཁྱོད་ཀྱི་ཤུལ་ན་མཆི་མའི་རྫིང་བུ་ཞིག། ང་ཡི་ཡིད་ན་སྐྱོ་བའི་སྨུག་ཅིག་འཁྲིགས།། བརྩེ་གྲོགས་རྒྱང་དུ་བཞུད་པའི་ན་ཟུག་གིས།། ང་ཡི་ལོ་ཚོའི་མྱུ་གུ་ཁད་ཀྱིས་འགྲིབས།།
|
|||
|
2011.08.11
07:14:39
|
|||
|
བཀའ་ཤག་གསར་པས་སྲིད་གཞུང་གི་དབང་འཛིན་པའི་ལས་སུ་བཞུགས་རྒྱུ་དང། ༧རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཀྱི་དབང་ཆའི་ཐོག་ནས་ཆ་ཚང་ཕྱི་འཐེན་གནང་ཚར་ཞིང།དེ་མིན་གྱི་དམངས་གཙོའི་འགྲོ་ལུགས་སྣ་ཚོགས་འདི་ནས་འགོ་བརྩམས་ཡོད་པ་རེད། ཆོས་སྲིད་ཟུང་འབྲེལ་གྱི་དམངས་གཙོའི་ལམ་ལུགས་དེ་མཚམས་འདི་ནས་མཇུག་བསྡུས་པ་དང་སྒོ་བརྒྱབ་པ་རེད། ད་ནི་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཡོད་པ་མ་རེད།
|
|||
|
2011.08.09
03:32:26
|
|||
|
ཆུ་འཛིན་ལང་ལོང་གཡོ་བའི་མཁའ་དབྱིངས་ཀྱི་དཀྱིལ་ན།། གཤོག་རྩལ་རླུང་ལ་འགྲན་པའི་རྒོད་པོ་ཡི་ཁྱུ་ཚོགས།། མཐའ་མེད་ལྷ་ལམ་ངོས་སུ་འཕུར་འདོད་ཞིག་ཡོད་ན།། གདུག་རྩུབ་སྤུ་གྲི་ངར་མའི་སོ་ཁ་ལ་མ་འགྲོ།
|
|||
|
2011.08.04
10:52:40
|
|||
|
བྱིས་དུས་རྩེད་ར་དྲོན་མོ་གངས་རིའི་རྒྱབ་ལོག་ཏུ་བཞག་ནས།། མི་ཡུལ་ས་མཐར་ཁྱུ་བཞིན་འགྲིམས་པའི་བརྒྱུད་རིམ་གྱི་ཁྲོད་ཀྱི།། མི་ལོ་ཧྲིལ་པོ་བདུན་གྱི་འདས་དོན་དགའ་སྐྱོ་ལ་བསམ་ཚེ།། མ་ཡིས་བུ་བཞིན་སྐྱོང་མཁན་བོད་ཕྲུག་ཁྱིམ་སྡེ་དེ་ཡིན་ནོ། །
|
|||
|
2011.07.23
05:09:20
|
|||
|
བོད་རང་བཙན་འགོག་ཐབས་མེད་པའི་རྒྱུ་རྐྱེན་ཁག་བཅུ་གཉིས། ༢༠༡༡ལོའི་ཟླ་༧ཚེས་༢༠ཉིན་སྤེལ། རྩོམ་པ་པོ་ཝང་ཕྲིང།ཨ་རིར་སྨན་པའི་ལས་ཀ་བྱེད་བཞིན་ཡོད། བོད་རང་བཙན་འགོག་ཐབས་མེད་པའི་རྒྱུ་རྐྱེན་ཁག་བཅུ་གཉིས་གཤམ་གསལ། དང་པོ།ཨུ་ཐུག་ཐབས་ཟད། རྒྱ་ནག་དམར་ཤོག་གིས་ལག་བསྟར་བྱེད་པའི་བཀས་བཀོད་ལམ་ལུགས་དེ་ནི་དོན་དངོས་ཐོག་རྒྱ་ནག་གི་ལོ་སྟོང་ཕྲག་འགའི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་དེ་མུ་མཐུད་བཞིན་པའི་གནས་སྟངས་ཤིག་རེད།
|
|||
|
2011.07.16
11:17:54
|
|
2011.07.01
22:37:35
|
|
2011.06.26
06:13:11
|
|||
|
|
|||
|
2011.06.24
01:36:05
|
|
2011.06.16
00:01:37
|
|||
|
༄༅།། མཚུངས་མེད་མདོ་ཁམས་ཆུ་སྒང་སྐབས་བཅུ་དགུ་པའི་ཚོགས་བཅར་བ་ཡོངས་ཀྱི་དྲུང་དུ། ཆེད་གསོལ། ཁྱེད་ཕྱོགས་ནས་གུས་མོ་མོན་གྷོ་འདོད་དགུ་གླིང་ས་གནས་སུ་ཆུ་སྒང་སྐབས་བཅུ་དགུ་པའི་ཚོགས་ཆེན་དུ་བཅར་འཐུས་ཀྱི་མགྲོན་བརྡ་འདི་ལོའི་ཟླ་༥ཚེས་༦ཉིན་ལག་སོན་བྱུང་བར་དགའ་ཡོད་ལགས།གུས་མོའི་ངོས་ནས་ཚོགས་བཅར་གྱི་མོས་འདུན་ཧ་ཅང་ཆེ་ནའང་ཉེ་སྔོན་རྐང་པ་བརྡབ་སྐྱོན་གྱིས་ད་ལྟའི་ཆར་ཡང་འགྲོ་འདུག་དཀའ་བར་བརྟེན།ད་ཐེངས་ཚོགས་བཅར་མ་ཐུབ་པར་འབྲེལ་ཡོད་ཡོངས་ལ་སྙིང་ནས་དགོངས་པ་དངས་གསལ་ཡོང་རེ་དང་སྦྲགས་གུས་མོས་ད་ཐེངས་ཀྱི་གོ་སྐབས་འདི་དང་བསྟུན་ནས་གཟི་བརྗིད་དང་དཔའ་ངར་ཅན་གྱི་ཁམས་རིགས་སྤུན་ཟླ་ཚོས་གུས་མོར་གང་ས་ཅིའི་ཐད་ནས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
|
|||
|
2011.06.13
21:02:45
|
|||
|
མགོ་བརྗོད། བློ་བཟང་སེང་གེ་ལགས་བོད་བཙན་བྱོལ་སྲིད་གཞུང་གི་སྲིད་བློན་འདེམས་ཐོབ་བྱུང་བར་བཀྲིས་བདེ་ལེགས་ཞུ། བོད་བཙན་བྱོལ་སྲིད་གཞུང་གིས་རྒྱ་ནག་དམར་པོའི་དྲག་པོའི་སྲིད་གཞུང་ལ་ངོ་རྒོལ་དང།བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོར།དེ་བཞིན་བོད་མི་མང་གི་རང་དབང་གི་ཐོབ་ཐང་བཅས་ཐད་ལ་སྔར་བས་ཕན་ནུས་ཐོན་ཐུབ་པར་སྨོན་འདུན་ཞུ།དམིགས་བསལ་དུ་རྒྱ་ནག་དམར་པོའི་གཞུང་གི་བསུན་བཙིར་དང་མགོ་གཏིང་བསློག་ཐབས་ལ་དབྱེ་ཞིབ་གསལ་པོ་དང་༼ངན་ཇུས་དེ་དག་༽གཏོར་བཅོམས་གཏོང་དགོས་པ་རེད།
|
|||
|
2011.06.02
08:56:27
|
|
2011.05.29
12:18:07
|
|||
|
ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༥ བའི་ཚེས ༢༧ ཉིན་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྲིད་དབང་ལོ་རྒྱུས་ཀྱི་རྒྱུན་བཅད་འདུག ད་ལྟའི་བཅའ་ཁྲིམས་འཆར་ཟིན་ནང་རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཐུགས་འགན་མ་བཞེས་པར། དགའ་ལྡན་ཕོ་བྲང་སྲིད་དབང་མཇུག་བསྒྲིལ་རྒྱུ་དེ་གནད་དོན་ཆེ་ཤོས་ཆགས་མེད་པ་འདྲ་པོ་ཆགས་འདུག དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ཁྲིམས་ཐོག་ནས་བོད་རྒྱལ་ཁབ་ཀྱི་གནས་བབ་དེ་མེད་པ་བཟོས་ཏེ་རྒྱ་ནག་གི་མངའ་སྡེའི་གནས་བབ་ཏུ་བསྒྱུར་རྒྱུ་དེ་ཆགས་འདུག
|
|||
|
2011.05.25
07:27:13
|
|||
|
ཕྱི་ལོ་ ༢༠༡༡ ཟླ་༥ ཚེས་༡༩ ཉིན་གྱི་ཆུ་ཚོད་༡༡དང་ཕྱེད་ཀའི་ཐོག་སྤེལ། གསར་འགྱུར་ཡོང་ཁུངས། རྒྱ་ནག་མི་མང་དྲ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གསར་འགོད་སྤེལ་སྐབས།བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་གཙོ་འཛིན་པདྨ་འཕྲིན་ལས་ཀྱིས་བོད་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་ངོ༦༠འཁོར་བའི་གནས་སྟངས་དང་གྲུབ་འབྲས་སྐོར་བཤད་སྐབས་ཁོས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པར་གཤམ་གསལ།
|
|||
|
2011.05.22
22:49:38
|
|||
|
བོད་་་་་་གསར་རྙིང་གི་འགྱུར་བ་ཆེན་པོ།དེ་རིང་ངེད་ཀྱི་སེམས་པ་འདི། ཅི་ཡང་གྲགས་འགུལ་མེད་པར་ལུས་འདུག དེ་ནི་གཅིག་བྱས་ན། སྔོན་ཆེད་ཉི་མ་ནུབ་པའི་དུས་ཚིགས་དེ་དྲན་པ་ཡིན་སྲིད།
|
|||
|
2011.05.20
09:50:57
|
|||
|
སངས་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་བ་མེད་གསུངས་འདུག ངས་སྔོན་མ་ང་རང་ཕ་ཡུལ་གྱི་དགོན་ནང་དུ་སློབ་གཉེར་བྱས་དུས་ངའི་སེམས་སུ་བསམ་བློ་འདི་ལྟར་ཞིག་འཁོར་མྱོང་ཡོད། ངས་གང་མགྱོགས་སློབ་གཉེར་ལ་མཐར་ཕྱིན་པར་བགྱིས་པ་ཡིན་ན་དེ་ནས་ལྷོད་ལྷོད་འདྲ་བྱེད་ནས་བསྡད་ཆོག་གི་རེད་བསམ་མྱོང་ཡོད་ལ་མ་ཟད་ངའི་སེམས་སུ་སློབ་གཉེར་ལ་ཚར་རྒྱུ་ཞིག་ཡོད་དམ་སྙམ་པའི་དྲི་བ་ཞིག་གཏན་ནས་བསླེབ་མ་མྱོང་།
|
|||
|
|
|||
|
2011.05.14
14:37:21
|
|||
|
འདས་པའི་ལོ་ཤས་སྔོན་༧སྐྱབས་མགོན་རིན་པོ་ཆེས་བགྲེས་ཡོལ་གྱི་སྐོར་གསུངས་དུས་གཞུང་མང་ཚང་མས་བགྲེས་ཡོལ་མ་གནང་རོགས་ཞེས་སྐྱབས་འཇུག་ཞུས་བསྡད་ཡོད་པ་རེད། འོན་ཀྱང་འདི་ལོ་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་བགྲེས་ཡོལ་གནང་རྒྱུ་ཐུགས་ཐག་བཅད་དེ་བཅའ་ཁྲིམས་བསྒྱུར་བཅོས་གཏོང་དགོས་པའི་གསུང་འཕྲིན་ནན་པོ་གནང་བ་དང་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་ཆེན་པོ་སོང་བ་རེད། དམིགས་བསལ་གྲོས་ཚོགས་ནས་འདིའི་ཐད་བོད་གཞུང་མང་ཚོགས་ཆེན་ཞིག་བསྡུ་སྐོང་བྱས་རྗེས་གྲོས་ཚོགས་འཕར་མ་འཚོགས་ཏེ། བཅའ་ཁྲིམས་བསྐྱར་བཅོས་བྱེད་གཏན་ཁེལ་ཡོད་། སྤྱི་གཏང་ཚོགས་ཆེན་དེའི་ཐོག་མི་མང་གི་བསམ་ཚུལ་སླེབས་དགོས་ན་མི་མང་གི་གྲོས་བསྡུར་དང་མི་མང་གི་བགྲོ་གླེང་དགོས་པ་ལས་སྲིད་དོན་པ་རེ་གཉིས་ཀྱི་གྲོས་འཆར་བཏོན་ནས་གྲོས་ཐག་བཅད་ན་ཕན་འབྲས་གང་ཡང་སོན་གྱི་མ་རེད་སྙམ་།
|
|||
|
2011.05.06
21:50:50
|
|
2011.05.02
05:02:46
|
|||
|
|
|||
|
2011.05.01
22:46:01
|
|||
|
གཅིག ཉེ་དུས་༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་དབང་ཆ་ཡོངས་བོད་མི་ཚོས་ཐད་ཀར་འོས་འདེམས་བྱས་པའི་དབུ་འཁྲིད་རྣམས་ལ་ཁག་བགོས་གནང་བ་དུས་མཚུངས་སུ།གནའ་ནས་ད་བར་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་དངོས་སུ་སྒོ་བརྒྱབ་པ་རེད།བཀའ་སྤྱི་གཉིས་ནས་རྒྱལ་བ་རིན་པོ་ཆེར་ཡར་ཞུས་མར་བསྩལ་ཐེངས་འགའ་བརྒྱུད།ད་ཆ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་བཅའ་ཁྲིམས་མ་ཟིན་ནང་སྐུ་སྒེར་གྱི་ཆབ་སྲིད་དབང་ཆ་དང་འབྲེལ་བའི་དོན་ཚན་རྣམས་ཕྱི་བསྡུ་ཟིན་ཞིང་།མ་དེབ་ཀྱང་གྲུབ་ཡོད་པ་རེད།
|
|||
|
2011.04.27
09:41:46
|
|||
|
ཀ་ཁ་ག་ང་ཤེས་མཁན་ཐམས་ཅད་བོད་ཡིག་མཁས་རབས་གླེང་བཞག་ན།། ཁ་དོག་དཀར་དམར་འཆད་མཁན་ཐམས་ཅད་ཕྱག་དཔེ་ཡག་རབས་བསྒྲག་བཞག་ན།། ག་ས་གང་དུ་བསྐྱོད་མྱོང་མཁན་པོར་འཁྱམ་ཉུལ་ཡིན་ཚུལ་བཤད་བཞག་ན།། ང་ནི་དེང་གི་མི་རབས་གསར་པར་སེམས་ཀྱི་སྟེང་ནས་ཞེད་སྣང་སྐྱེས།།
|
|||
|
2011.04.21
23:04:56
|
|
2011.04.05
07:56:46
|
|||
|
|
|||
|
2011.03.28
02:47:24
|
|||
|
ཀ།བཀྲིས་བདེ་ལེགས།
|
|||
|
2011.02.28
21:46:14
|
|||
|
དེ་རིང་ཕྲན་ལ་ཧབ་སྟེ་བསམ་གཞིགས་རྣལ་མ་ཞིག་སླེབས་འོང་། དེ་ནི་འཇིག་རྟེན་འཁོར་བ་འདི་ལ་ཕྱིར་མིག་ཐེངས་ཤིག་འཕེན་པའི་རྐྱེན་གྱི་ཡིན་པ་ཐེ་མི་ཚོམ། ངས་ནམ་རྒྱུན་འཇིག་རྟེན་འཁོར་བ་ཞེས་པའི་མིང་ཚིག་གསུམ་པོ་འདི་རང་ཉིད་ཀྱི་རྣ་རྩར་ཐེངས་དུ་མ་ལྷུང་མྱོང་ཡོད་ཀྱང་དེ་ཙམ་གྱིས་ཞིབ་ཚགས་པོའི་བསམ་གཞིགས་བྱེད་མ་མྱོང་ཞིང་དེ་རིང་བསམ་གཞིགས་ཤིག་བྱས་མཐར་ང་རང་ཧ་སང་། རེད་།
|
|||
|
2011.02.26
07:47:24
|
|||
༼དྲ་གྲོགས་ཤིག་གི་ཟིན་བྲིས་ནས་བསྒྱུར།༽
|
|
|
|
2011.02.21
08:27:19
|
|||
ཕྲན་གྱིས་དེ་རིང་ ༼བཀྲས་མཐོང་ཐེངས་འདིའི་བཀའ་ཁྲིར་འོས་ ༽ཞེས་ཁ་བྱང་འདི་ལྟར་ཞིག་འབྲི་འོང་དུས་ཧར་ཏེ་ཁྱེད་ཚོའི་སེམས་སུ་སྨྲ་མི་ཤེས་པའི་ཚོར་སྣང་རབ་རིབ་ཅིག་གཏན་གཏན་བསླེབ་འོང་། དེ་ནི་ཕྲན་ལ་མཚོན་ན་རིགས་པའི་བརྡར་ཤག་བཅད་། རྣམ་དཔྱོད་ཀྱིས་སྒོ་ནས་བསམ་བློ་རྣལ་དུ་ཕབས། ཆོལ་ཁའི་ཕྱོགས་ཞེན་མཐའ་དག་རྒྱང་རིང་དུ་དོར་བའི་སྒོ་ནས་སྙིང་ཁུང་རུས་པའི་སྟེང་ནས་བཞུར་བའི་སྐད་ཆ་ཞིག་སྟེ། དེང་སྐབས་ངེད་ཚོས་བཙན་བྱོལ་བའི་སྤྱི་ཚོགས་འདིའི་ནང་དུ་དངོས་གཞིའི་འོས་ལྡུག་གི་འོས་མའི་སྐྱོན་ཡོན་གང་འདྲ་ཞིག་གི་སྒོ་ནས་འཚོལ་རུང་། དེ་རིང་གི་ངེད་ཚོའི་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་པའི་མི་བུ་ནི་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལས་གཞན་ཞིག་ཁོ་བོའི་བརྙེད་པར་བཀའོ་ཞེས་ཚིག་ཐག་ཆོད་པའི་སྒོ་ནས་སྨྲ་ཐུབ།
|
|||
|
|
|||
|
2011.02.16
08:46:15
|
|||
|
སྙིང་ཉེ་བའི་ངའི་བརྩེ་བའི་དྲྭ་གྲོགས་ཚོར་ཞུ་རྒྱུ་ནི་ཟླ་བ་འགའ་ཤས་སྔོན་ནས་ཟིན་བྲིས་ཡག་པོ་ཞིག་སྤེལ་རྒྱུ་གཏན་ནས་རག་མ་སོང་བར་བརྟེན་སྙིང་ཁུང་རུས་པའི་སྟེང་ནས་དགོངས་སེལ་ཞུ། ད་ནས་བཟུང་རང་ཉིད་ཀྱིས་འབད་བརྩོན་ལྷད་མེད་ཀྱི་བརྒྱུད་ནས་ཁྱེད་ཚོར་བསམ་ཚུལ་ཞིག་གི་ཚབ་ཏུ་འབོལ་རྩོམ་གང་མང་མང་ཞིག་འབྲི་ཨེ་ཐུབ་བལྟ་རྒྱུ་དམ་བཅའ་བརྟན་ཡོད་ཅེས་ལི་སྨྱོན་མ་ཧྰ་ཀྰ་ལས་དྲྭ་གྲོགས་ཚོར་བརྡ་ལན་ཞིག་ཚབ་ཏུ་བྲིས་སོ།།
|
|||
|
2010.11.25
22:16:43
|
|||
|
ཉེ་དུས་ནས་བཟུང་དྲ་འབུ་འགས་བདག་ལ་སྐྱོན་འཛུགས་ཀྱི་འགོ་བརྩམས་པ་དང།ཐོག་མར་དེར་ལན་འདེབས་བྱེད་རིན་མེད་པར་མཐོང་ཞིང།རང་སོར་བཞག་དགོས་དྲན་ཡང་དེ་དག་གིས་གང་སར་ཅི་ཐུབ་ཀྱིས་གཏམ་འཆལ་སྤེལ་བར་བརྟེན།དེའང་ཟས་ངན་ཞིག་གིས་གཟུགས་པོ་ཡོངས་རྫོགས་དཀྲུགས།མི་ངན་ཞིག་གིས་ཡུལ་ལུང་མགོ་མཇུག་དཀྲུགས་ཅེས་པ་དང།གཏམ་ལ་གཏམ་ལན་མེད་ན་ལྐུགས་པ་དང།་ཟས་ལ་ཟས་ལན་མེད་ན་ཁྲམ་པ་ཞེས་པའི་དཔེ་ལྟར།དམངས་ལ་གོ་བརྡ་འཕྲོད་ཕྱིར་འདིར་ལན་ཐན་ཐུན་ཙམ་ཞིག་འབྲི་དགོས་བྱུང་ཞིང།དེའང་བང་ཆེན་ཟིན་བྲིས་ནང་གི་རྒྱབ་ལྗོངས་མེད་པའི་དྲ་འབུ་ཕུན་ཚོགས་ཟེར་བའི་མིང་ཐོག་ནས་ལན་འདེབས་བྱས་ཡོད།
|
|||
|
2010.11.17
02:41:23
|
|||
|
ཕྱི་ལོ་༡༩༤༥ལོའི་ཟླ་༦ཚེས་༡༩ཉིན་འབར་མའི་རྒྱལ་ས་རང་སྒུན་དུ་ཕ་རྒྱལ་གཅེས་དཔའ་བོ་སྤོ་ཇོ་ཨང་སན་༼༡༩༤༧ལོའི་ཟླ་༧ཚེས་༡༩ཉིན་དམར་གསོད་བྱས།༽དང་མ་དྷོ་ཁིན་ཆི༼༡༩༨༨ལོའི་ཟླ་༡༢ཚེས་༢༧ལ་འདས།༽གཉིས་ཀྱི་ཁྱིམ་དུ་འཁྲུངས།རང་སྒུན་དུ་སེན་ཀྲ་ཕ་རན་སིས་སེ་ཀིན་ཝིན་ཀྲི་དང།མེ་ཐོ་ཀྲེ་སི་ཀྲེ་དབྱིན་སྐད་གཞི་རིམ་སློབ་གྲྭར་སློབ་སྦྱོང་བྱས།
|
|||
|
2010.11.14
04:54:39
|
|||
|
བྱམས་བརྩེའི་མཛའ་ཐག་རིང་ནས་ཆད་དེ་འགྲོ་བའི་སྲོག་ལ་སྒྱུད་ནས་བརྒོལ།། ཀོ་ལྤག་དམར་རུ་འཐན་རྒྱང་བྱས་ནས་དམར་སེར་ན་བཟའ་ནག་ནོག་བསྒྱུར།། ཚུར་རོལ་ཁེ་ཕན་ཅུང་ཟད་མཐོང་ཚེ་རྒྱུ་འབྲས་ཚང་ཐེག་སྐྱོག་ནས་འགྲོ།། དེ་ལྟར་བྱེད་པའི་སེར་མོ་བ་དག་རབ་བྱུང་གཙང་མ་བྱས་ན་མཛེས།།
|
|||
|
2010.10.31
03:59:43
|
|||
|
རྡ་སྟེང་བོད་ཁྱིམ་སློབ་གྲྭ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཉིན། གུས་མོའང་ཚོགས་པའི་འཐུས་ཚབ་ཀྱི་ངོས་ནས་མགྲོན་པོར་བཅར་བ་ཡིན། ཉིན་དེའི་ཞོགས་པར་སྔ་ཙམ་ལངས་ནས་ཕྱིར་དོན་རྗེས་བདེ་ལེགས་སྨན་ཁང་གི་མདུན་གྱི་སུམ་མདོ་ཀྱོག་ལམ་དུ་འབྱོར་སྐབས། ད་དུང་མང་པོ་ཞིག་གླ་འཁོར་མ་རག་པར་བསྡད་འདུག ང་རང་ཡང་བྲེལ་འཚུབ་ཀྱིས་སྨན་ཁང་རྒྱབ་ཀྱི་ཟུར་ལམ་དུ་མགྱོགས་ཙམ་སོང་ནས་སྟབས་བདེའི་གླ་འཁོར་ཞིག་རག་ཐབས་བྱས། སྟབས་ཡག་པ་ཞིག་ལ་དུས་རིང་མ་འགོར་བར་རྒྱ་གར་བའི་སྒེར་གྱི་རླངས་འཁོར་ཞིག་ནང་ལྷོད་བསྡད་ཀྱིས་མེག་ལོག་གི་རླངས་འཁོར་འབབ་ཚིགས་སུ་སླེབས།
|
|||
|