བོད་ཀྱི་བང་ཆེན།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

བཀྲ་ཤིས་ཚེ་རིང་ལགས་ཀྱི་མི་ཚེའི་ལོ་རྒྱུས།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཉེ་བའི་ཆར་བོད་ཀྱི་དཔེ་མཛོད་ཁང་ནས་《ཕ་ཡུལ་གྱི་ཕན་བདེའི་ཆེད་དུ་》ཞེས་བཀྲ་ཤིས་ཚེ་རིང་ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་ཅིག་པར་སྐྲུན་འགྲེམས་སྤེལ་གནང་ཡོད་པ་དང། དེབ་དེ་ནི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཆུང་ཚེ་རིང་ལགས་ཀྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་གནང་བ་ཞིག་རེད། དེབ་དེའི་བརྗོད་དོན་གཙོ་བོ་ནི། བོད་ཀྱི་གྲོང་གསེབ་པ་ཞིག་གིས་སྒེར་གྱི་ཚོང་གཉེར་གྱི་ཁེ་འབབ་བརྟེན་ཏེ།  ཕྱི་ལོ་༡༩༥༧ ལོར་རྒྱ་གར་ལ་དབྱིན་སྐད་དང་ དེང་དུས་ཀྱི་ཤེས་ཡོན་སྦྱོང་བར་སོང་བ་དང། བོད་ས་ཤོར་ནས་བོད་མི་གང་མང་ཞིག་སྐྱབས་བཅོལ་དུ་འབྱོར་བའི་སྐབས་དེ་འབྲེལ་གྱི་ལས་དོན་ཁག་གི་ནང་དུ་འཛུལ་ཞུགས་བྱས། རྗེས་སུ་ཨ་རིར་སློབ་སྦྱོང་དུ་བསྐྱོད་ནས་༡༩༦༣ ལོར་ཨ་རི་ནས་མཐོ་སློབ་ཐོན་པ་དང། བོད་མི་དམངས་ལ་ཞབས་འདེགས་ཞུ་ཆེད་བདེ་སྐྱིད་ཀྱི་འཚོ་བ་དང་གོ་གནས་ཚང་མ་བསྐྱུར་ཏེ་ཕ་ཡུལ་དུ་ཕྱིར་ལོག་བྱས་པ་དང། རྒྱ་ནག་ཏུ་རྒྱ་ཡིག་དང་དམར་པོའི་གཞུང་ལུགས་སྦྱངས་པ་དང་རང་གི་ཕ་མ་གཉིས་ལ་ཉེས་མེད་འཐབ་འཛིང་ཕོག་པ། དེ་བཞིན་རྒྱ་ནག་ཏུ་རིག་གནས་གསར་བརྗེ་ལངས་པའི་སྐབས་རྒྱ་ནག་གཞུང་གིས་བཀྲ་ཤིས་ཚེ་རིང་ལགས་འཛིན་བཟུང་གིས་འཐབ་འཛིང་བྱས་པ་མ་ཟད། བཙོན་འཇུག་བྱས་པ། རྒྱ་ནག་དང་བོད་དུ་ཡོད་པའི་བཙོན་ཁང་ཁག་གི་ནང་སྡུག་སྦྱོང་མྱངས་ཚུལ་དང་རྗེས་སུ་བཙོན་གྲོལ་ཐོབ་ཚུལ་སོགས་ཀྱི་སྐོར་དང། བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་བཞིན་དུ་《དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ཆེན་མོ་》རྩོམ་སྒྲིག་བྱས་པ་དང། བོད་ཀྱི་གྲོང་གསེབ་ཁག་ཏུ་སློབ་གྲྭ་གང་མང་གསར་འཛུགས་བྱས་པ་སོགས་མཁྱེན་དཔྱོད་དང་བོད་མི་རིགས་ཀྱི་ཆེད་དུ་ལྷག་བསམ་ཡངས་པ་བཀྲ་ཤིས་ཚེ་རིང་ལགས་ཀྱི་མི་ཚེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་དཔེ་དེབ་གལ་ཆེན་པོ་ཞིག་ཡིན་པ་རེད།།
མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༣, ༣༡' )