བོད་ཀྱི་བང་ཆེན། tag: ཧྥ་ཀྲུང་བར་གྱི་འབྲེལ་བར

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

Tag: ཧྥ་ཀྲུང་བར་གྱི་འབྲེལ་བར

2009.06.01 14:22:34

ཧྥ་རན་སིར་ཡོད་པའི་ཀྲུང་གོ་བས་ཕ་རི་སིས་ཏཱ་ལའི་ལ་“གཟི་བརྗིད་གྲོང་མིའི”མཚན་སྙན་གནང་བར་རྒོལ་བ་བྱས་པ།

ཧྥ་རན་སིའི་གྲོང་ཁྱེར་ཕ་རི་སིའི་སྲིད་གཞུང་གིས་ཕ་རི་སིར་འཚམས་འདྲིར་ཡོང་བའི་ཏཱ་ལའི་ལ་སྣེ་ལེན་བྱེད་རྒྱུ་མ་ཟད། ད་དུང་ཁོ་ལ་གཟི་བརྗིད་གྲོང་མིའིམཚན་ སྙན་གནང་བའི་སྐོར་གསལ་བོར་བསྒྲགས་པ་དེས། ཧྥ་རན་སིར་ཡོད་པའི་ཀྲུང་གོ་བར་ཁོང་ཁྲོ་བསླངས་པ་རེད། ཟླ་༥ཚེས་༣༠ཉིན། ཧྥ་རན་སིར་ཡོད་པའི་ཀྲུང་གོ་བའི་ཚོགས་པ་མི་ཉུང་བས་མཉམ་འབྲེལ་ངང་ཕ་རི་སིའི་ གྲོང་གཙོར་འཕྲིན་ཡིག་ཅིག་བྲིས་ནས། ཏཱ་ལའི་ལ་གཟི་བརྗིད་གྲོང་མིའིམཚན་སྙན་གནང་བར་མཐའ་གཅིག་ཏུ་རྒོལ་བ་བྱས་པ་རེད།