བོད་ཀྱི་བང་ཆེན། གསར་འགྱུར། བཙན་བྱོལ་གསར་འགྱུར། རྒྱལ་སྤྱིའི་ཐོག་ནས་བོད་རྒྱ་འབྲེལ་མོལ་ལ་རེ་བ།

Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

རྒྱལ་སྤྱིའི་ཐོག་ནས་བོད་རྒྱ་འབྲེལ་མོལ་ལ་རེ་བ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཧྥ་རན་སི་གྲོས་ཚོགས་གོང་མ་དང་ཡུ་རོབ་མཉམ་འབྲེལ་དང། ཨ་རིའི་སོགས་ཀྱིས་བོད་རྒྱའི་འབྲེལ་མོལ་ལ་དགའ་བསུ་བྱས་ཡོད་ནའང། རྒྱ་ནག་ཕྱོགས་བསྒྲགས་གཏམ་སྤེལ་བའི་ནང་འབྲེལ་མོལ་ལ་གྲུབ་འབྲས་གང་ཡང་མེད་པ་མ་ཟད། རྒྱ་ནག་གཞུང་ལ་དོན་དངོས་ཀྱི་འབྲེལ་མོལ་བྱེད་འདོད་མེད་པ་ཡང་གསལ་པོ་མངོན་ཡོད་པ་རེད།
ང་ཚོ་གྲོས་ཚོགས་གོང་མའི་ངོས་ནས་རྒྱ་བོད་ཕྱོགས་གཉིས་ཀྱི་གྲོས་མོལ་ཚོགས་འདུ་འདི་དོན་དང་ལྡན་པ་ཞིག་ཡོང་རྒྱུ་དང༌། དེ་བཞིན་ད་ཐེངས་ཀྱི་གྲོས་མོལ་འདིའི་སྐབས། ༢༠༠༨ ལོར་བོད་གཞུང་ཕྱོགས་ནས་རྒྱ་ནག་གཞུང་ལ་སྤྲད་ཟིན་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་ཟིན་བྲིས་དེ་གཞིར་བཞག་ཐོག་གྲོས་མོལ་གནང་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བོད་ཀྱི་དགོས་མཁོ་སྤྲོད་ཐུབ་ཀྱི་ཡོད་ལ། བོད་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་སོགས་ལ་ཕན་ཐོགས་ངེས་ཅན་ཞིག་ཡོད་ཅེས་ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་གནས་སྡེ་ཚན་གྱི་འཐུས་མི་སྐུ་ཞབས་ཇིན་ཧྥི་རན་ཁོ་སི་དང༌། ཡུ་རོབ་མཉམ་འབྲེལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྡེ་ཚན་གྱི་ཚོགས་གཙོ་སྐུ་ཞབས་མཱ་རོས་སི་པི་རྣམ་གཉིས་ཀྱིས་བསྒྲགས་གཏམ་སྤེལ་ཡོད་པ་རེད།
དེ་ཡང་ཧྥ་རན་སི་གྲོས་ཚོགས་གོང་མའི་བསྒྲགས་གཏམ་ནང༌། ཐེངས་འདིའི་རྒྱ་བོད་གཉིས་ཀྱི་གྲོས་མོལ་འདི་དོན་ཕན་ལྡན་པ་ཞིག་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད་ལ། ཧྥ་རན་སིའི་བོད་ཀྱི་འཐུས་མི་ཚོས་དོ་སྣང་ཆེན་པོའི་ཐོག་ནས་རྒྱ་བོད་ཕྱོགས་གཉིས་ཀྱི་གྲོས་མོལ་གྱི་བརྒྱུད་རིམ་འདི་མུ་མཐུད་ནས་གནས་རྒྱུ་དང༌། དུས་ཡུན་རིང་པོ་སོང་པའི་གནད་དོན་རྣམས་ཞི་མོལ་བརྒྱུད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད།
ཡུ་རོབ་མཉམ་འབྲེལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མཱ་རོས་སི་པི་མཆོག་གི་བསྒྲགས་གཏམ་ནང༌། ལོ་སྔོན་མའི་ཟླ་བ་༩ པའི་ནང་བོད་ནང་སོང་སྟེ་བོད་ཀྱི་དངོས་ཡོད་རྣམས་ཤེས་རྟོགས་བྱུང་རྗེས། བོད་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྐོར་དཔྱད་བརྗོད་བྱས་ཡོད་ལ། ད་ཐེངས་བོད་གཞུང་ཕྱོགས་ནས་༧གོང་ས་མཆོག་གི་སྐུ་ཚབ་ཁག་ཅིག་དང༌། རྒྱ་ནག་གཞུང་གི་སྐུ་ཚབ་ཁག་གཅིག་བྱས་ཏེ་གྲོས་མོལ་འགོ་འཛུགས་བྱས་པ་དེས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ལ་ཕན་ཐོགས་ཡོང་ངེས་དང༌། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གཉིས་དབར་དཔལ་འབྱོར་གྱི་ཧེ་བག་ཆེན་པོ་ཡོད་པའི་ཐོག  འཚོ་ཐབས་སྐྱོ་བའི་གྲོང་གསེབ་ཁག་ཏུ་བོད་མི་མང་པོ་གནས་སྡོད་བྱེད་ཀྱི་ཡོད་པ་དེ་དག་ལ་བཟང་ཕྱོགས་ནས་འགྱུར་བ་ཐེབས་རྒྱུ་ཡིན་ཞེས་སོགས་འཁོད་ཡོད་པ་དང༌། དེ་བཞིན་གྲོས་མོལ་འགོ་འཛུགས་བྱེད་ཐུབ་པ་དེས་ཚོགས་གཙོ་ཁོང་ཉིད་ལ་དགའ་ཚོར་ཆེན་པོ་བྱུང་ཞེས་བརྗོད་ཡོད་པ་རེད།
དེ་བཞིན་ཟླ་བ་སྔོན་མའི་ཚེས་༢༧ ཉིན་ཌེན་མག་དང་ཁེ་ན་ཌཱ་ཕྱི་སྲིད་བློན་ཆེན་གཉིས་ཀྱི་མཚན་ཐོག་ནས། བོད་རྒྱའི་འབྲེལ་མོལ་ལ་དགའ་བསུ་དང་དོན་ཕན་ལྡན་པ་ཡོང་རྒྱུའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད། དེ་ཡང་ཟླ་གྲངས་༡༥ སོང་བའི་རྗེས་སུ་༧ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་དབར་གྲོས་མོལ་འགོ་འཛུགས་ཐུབ་པ་དེར་དགའ་པོ་བྱུང་ལ། དེ་དང་ལྷན་དུ་བརྗོད་འདོད་པ་ཞིག་ནི་ཕྱོགས་གཉིས་ཀས་གྲོས་མོལ་ཡན་ལག་ཚང་བ་ཞིག་གི་ཐོག་ནས། བོད་ཕྱོགས་ནས་རང་སྲིད་རང་སྐྱོང་གི་ཐོབ་ཐང་དང༌། རིག་གཞུང་འཛིན་སྐྱོང༌། ཆོས་དད་རང་མོས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བཅས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་གསལ་བ་ལྟར་རྩོད་ཀྱི་ཡོད་པ་དེར་གྲུབ་འབྲས་ཐོན་རྒྱུར་རེ་བ་བྱེད་ཀྱི་ཡོད་ལ། གྲོས་མོལ་ནི་བོད་ཀྱི་གནད་དོན་རྣམས་ཞི་བའི་ཐོག་ནས་སེལ་ཐུབ་པའི་ལམ་ཁ་ཉག་གཅིག་དེ་རེད་ཅེས་གསུང་ཡོད་པ་རེད།
ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལཱོ་རིན་སི་མཆོག་གིས། རྒྱ་བོད་ཕྱོགས་ཀས་མོས་མཐུན་གཅིག་བསྒྱུར་ཐོག་ནས་ཡུན་རིང་སོང་བའི་གནད་དོན་རྣམས་སེལ་ཐུབ་རྒྱུ་དང༌། ཁེ་ན་ཌ་གཞུང་ཕྱོགས་ནས་རྒྱལ་ནང་ཡོད་པའི་བོད་གྲངས་ཉུང་མི་རིགས་ཀྱི་གནད་དོན་གཙོ་བོ་བོད་མི་ཚོའི་བསམ་བརྗོད་རང་དབང་དང༌། ཆོས་ལུགས་དད་མོས། ཞི་བའི་ངོ་རྒོལ་བཅས་ལ་གལ་ཆེའི་རང་བཞིན་ཅན་ཞིག་ཡིན་པ་ངོས་འཛིན་ཤུགས་ཆེ་བྱེད་ཀྱི་ཡོད་ཅེས་སོགས་གསུང་ཡོད་པ་རེད།
ཨ་རི་གཞུང་གིས་བོད་རྒྱའི་འབྲེལ་མོལ་ལ་དགའ་བསུ་ཞུས་འདུག
ཨ་རི་གཞུང་གི་ངོས་ནས་༧ཏཱ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་དབར། དུས་ཡུན་རིང་པོའི་ནང་གི་གནད་དོན་མི་འདྲ་བ་ཁག་ལ་གྲོས་མོལ་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེར་བྱེད་ཀྱི་ཡོད་ལ། དེ་བཞིན་དུ་གྲོས་མོལ་ཚོགས་འདུ་འདི་བརྒྱུད་ནས་མཐུན་ཕྱོགས་ཀྱི་གྲུབ་འབྲས་ཐོན་རྒྱུ་དང༌། རྒྱ་བོད་གཉིས་ཀྱི་གནད་དོན་རྣམས་སེལ་ཆེད་དུ། མ་འོངས་བོད་རྒྱ་གཉིས་ཀྱི་གྲོས་མོལ་གྱི་ལམ་བུའི་རྨང་གཞི་བཞག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས། ཨ་རིའི་མི་མང་ལས་དོན་ལྷན་ཚོགས་ཀྱི་དྲུང་ཆེའི་ལས་རོགས་ཧྥི་ལིབ་ཀོར་ལི་མཆོག་གི་མཚན་ཐོག་ནས་བསྒྲགས་གཏམ་སྤེལ་ཡོད་པ་རེད།
དེ་ཡང་ཟླ་བ་སྔོན་མའི་ཚེས་༢༩ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་དབར་འབྲེལ་མོལ་ཐེངས་དགུ་པ་འགོ་འཛུགས་བྱས་པ་ནས། ཨ་རི་གཙོ་བོར་གྱུར་པའི་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་གིས་དྲུང་ཆེ་སོགས་ཀྱི་མིང་ཐོག་ནས། བོད་རྒྱ་གཉིས་ཀྱི་འབྲེལ་མོལ་ལ་དགའ་བསུ་ཞུས་པའི་བསྒྲགས་གཏམ་མང་པོ་སྤེལ་ཡོད་པ་རེད། དེའི་ནང་ནས་ཨ་རིའི་གཞུང་གི་ངོས་ནས། ལོ་སྔོན་མར་སྲིད་འཛིན་ཨོ་བྷ་མ་མཆོག་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་སྐབས། རྒྱ་ནག་གི་སྲིད་འཛིན་ཧུས་དང་དཔོན་རིགས་ཚོ་ལྷན་འཛོམས་གནང་བའི་སྐབས་དང་བསྟུན་ནས། སྲིད་འཛིན་ཁོང་གིས་རྒྱ་ནག་གཞུང་ཕྱོགས་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་གང་མྱུར་གྲོས་མོལ་བྱེད་དགོས་སྐོར་གསུང་བཤད་གནང་དོན་ལྟར། ད་ཐེངས་དངོས་སུ་ལག་བསྟར་ཐུབ་པར་དམིགས་བསལ་གྱི་རྒྱབ་སྐྱོར་ཡོད་ཚུལ་གྱི་བསྒྲགས་གཏམ་སྤེལ་ཡོད་པ་རེད།
དེ་ཡང་ཨ་རིའི་གཞུང་གིས་ཨ་རིའི་མི་མང་ལས་དོན་ལྷན་ཚོགས་ཀྱི་དྲུང་ཆེའི་ལས་རོགས་ཧྥི་ལིབ་ཀོར་ལི་མཆོག་གི་མིང་ཐོག་ནས་སྤེལ་བའི་བསྒྲགས་ནང་འཁོད་དོན་དུ། ¿1[0f68]་རིའི་གཞུང་གི་ངོས་ནས། རྒྱ་བོད་ཕྱོགས་གཉིས་ཀའི་དབར་གནད་དོན་གང་ཡོད་པ་རྣམས་སེལ་ཐབས་སུ། རྒྱ་ནག་གཞུང་དང་༧ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་གཉིས་དབར་གྲོས་མོལ་འགོ་འཛུགས་བྱེད་དགོས་པའི་སྐོར་ལ་སྔོན་མ་ནས་རྒྱབ་སྐྱོར་ཞུས་ཡོད་ཅིང༌། ད་ཐེངས་ཨ་རིའི་འཛིན་སྐྱོང་གི་ཕྱོགས་ནས་འབྲེལ་མོལ་ཚོགས་འདུ་འདི་བརྒྱུད་ནས་མཐུན་ཕྱོགས་ཀྱི་གྲུབ་འབྲས་ཐོན་རྒྱུ་དང༌། རྒྱ་བོད་གཉིས་ཀྱི་གནད་དོན་རྣམས་སེལ་ཆེད་དུ་མ་འོངས་པའི་གྲོས་མོལ་གྱི་ལམ་བུའི་རྨང་གཞི་བཞག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་¿1[0f45]ེས་གསལ་ཡོད་པ་རེད།
མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༢, ༢༣' )  
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

པར་རིས་གསར་པ།

50thdemocracyatsouth-1
བོད་གཞུང་མང་ཡོངས་ཀྱི་སྐུ་ཚབ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ནས་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བ།

གསར་བསྡུས་ཁག

༼གླ་ཡོད།༽

མོན་གྷོ་རུ་མང་གཙོའི་དུས་དྲན།

ཟླ་འདིའི་ཚེས་༢ ཉིན་བཙན་བྱོལ་བོད་གཞུང་གི་མང་གཙོའི་གཞུང་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་མི་མང་ཚོགས་ཁང་དུ་འཚོགས་ཡོད་པ་དང།


བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལམ་ལུགས་དེ་རྒྱ་གར་གྱི་གྲོས་ཚོགས་གོང་མས་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་སྨན་བཅོས་ལམ་ལུགས་གྲས་སུ་འཇོག་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།

མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་བཀའ་ཤག་གི་གསུང་བཤད།
མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་སྤྱི་འཐུས་ཀྱི་གསུང་བཤད།


འཆར་གཞི་གཅིག་དང་མཇུག་འབྲས་གཉིས།

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་པོ་དེ་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༢༦ ནས་༣༡ བར་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་འཚོགས་ཡོད་པ་དང་།


དགེ་ལུགས་སྤྱི་འཐུས་ངོས་སྦྱོར།

tongsartenzinpaldenའབྲས་སྤུངས་ཏྲེ་ཧོར་འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན་མཆོག་ནི། ཕྱི་ལོ་ ༡༩༧༠ ལོར་འབྲུག་ཡུལ་དུ་ཡབ་ངག་དབང་དང༌། ཡུམ་ལྷ་དབང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ༼གླ་ཡོད།༽


དྭངས་བླངས་སྤྱི་འཐུས།

lobsangchuthueབལ་ཡུལ་དུ་གནས་སྡོད་བློ་བཟང་དོན་གྲུབ་ལགས་ཀྱིས། ཁོང་སྤྱི་འཐུས་འོས་འདེམས་ནང་དྭངས་བླངས་ཀྱིས་ཞུགས་རྒྱུ་ཡིན་མི་མང་གིས་འོས་བླུགས་རོགས་ཞེས་ཁྱབ་བསྒྲགས་བྱུས་འདུག ༼གླ་ཡོད།༽

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow