བོད་ཀྱི་བང་ཆེན། གསར་འགྱུར། བཙན་བྱོལ་གསར་འགྱུར། མོན་གྷོར་གསུམ་དུས་སྲུང་བརྩི།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

མོན་གྷོར་གསུམ་དུས་སྲུང་བརྩི།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཟླ་འདིའི་ཚེས་༡༠ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་དུ་གསུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་ང་གཅིག་པ་སྲུང་བརྩི་ཞུས་ཡོད་དང་། དེ་ཡང་ཞོག་པའི་ཆུ་ཚོད་༨ ཐོག་ཆོས་སྒར་ཁག་དང་གཞིས་གྲོང་ཁག་སོ་སོ་ནང་ནས་བང་བསྒྲིགས་ཏེ་བྱང་ཆུབ་སེམས་མཆོག་གསུང་བཞིན་གཞིས་སྤྱིའི་ནོར་བུ་རིའི་རྩེར་ཕེབས་འཛོམས་ཐོག་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་རྣམས་ལ་བསང་གསོལ་དང་རླུང་རྟ་བསྒྲེངས་འཛུག་སོགས་མཛད་ཡོད་པ་རེད།
ཆུ་ཚོད་༩ བྱེད་ཐོག་མོན་གྷོ་གཞིས་སྤྱིའི་ཚོགས་ཁང་དུ་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་དབུ་འཛུགས་གནང་བ་དང། མཛད་སྒོའི་ཐོག་ས་འཐུས་ཚོགས་གཙོ་དང་འཐུས་མི་རྣམས་པ། ས་གནས་གཞིས་འགོ། གདན་ས་ཁག་དང་གཞིས་གྲོང་ཁག གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་ཀྱི་ལས་སྣེ་བ་རྣམས། གཞན་ཡང་སེར་སྐྱ་མི་མང་རྣམས་གཞིས་སྤྱིའི་ཚོགས་ཁང་དུ་མཉམ་འཛོམས་གནང་ནས་ཐོག་མར་དཔལ་དུས་ཀྱི་འཁོར་ལོའི་ཕོ་བྲང་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤྱན་རྒྱ་སྤོས་སྣེས་གདན་ཞུ་དང་འབྲེལ། རྟེན་གསུམ་མཇལ་དར་འདེགས་འབུལ་དང། དེ་ནས་རོལ་དབྱངས་དང་སྦྲགས་འཕགས་བོད་རྒྱལ་གླུ་གྲུབ་རྗེས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རྩ་ཆེའི་ཚེ་སྲོག་བློས་གཏོང་གནང་བའི་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་རྗེས་དྲན་ཆེད་སྐར་མ་༡ རིང་མྱ་ངན་ངག་བཅད་གནང་རྗེས། ས་གནས་གཞིས་འགོ་མཆོག་དང་ས་འཐུས་ཚོགས་གཙོ་རྣམས་གཉིས་ཀྱིས་༧གོང་ས་མཆོག་དང་བཀའ་ཤག་སྤྱི་འཐུས་བཅས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་དང་གསུང་བཤད་གནང་རྗེས་ཕྱག་ཚོད་གཅིག་རིང་སེར་སྐྱ་མང་ཚོགས་ནས་མཆོག་གསུམ་ཐུགས་རྗེ་བསྐུལ་བའི་བདེན་གསོལ་སྨོན་ལམ་དང་༧རྒྱལ་བའི་ཞབས་བརྟན། མཎི། རྟ་མགྲིན་གཟུང་སྔགས། བྱང་ཆུབ་སེམས་མཆོག་བཅས་གསོགས་སྒྲུབས་གནང་ཡོད་རེད།
མོན་གྷོ་གསར་འགོད་པས།
མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༣, ༡༢' )  
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow