བོད་ཀྱི་བང་ཆེན། གསར་འགྱུར། བཙན་བྱོལ་གསར་འགྱུར། མི་ལོ་ང་གཅིག་འཁོར་བའི་བུད་མེད་སྒེར་ལངས་སྲུང་བརྩི།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

མི་ལོ་ང་གཅིག་འཁོར་བའི་བུད་མེད་སྒེར་ལངས་སྲུང་བརྩི།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
བོད་ཀྱི་བུད་མེད་ཚོས་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་བའི་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ཀྱི་གཟེངས་ཐོན་མཛད་རྗེས་ལ་དྲན་གསོ་ཞུ་རྒྱུ་དང་། འདི་ལོ་ཌན་མག་དང་། ཨ་རི་ཝར་མནཌ། ཐེ་ཝན་བཅས་སུ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་གསར་འཛུགས་ཞུ་ཐུབ་པར་མཐུན་འགྱུར་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས། དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་གསུང་བཤད་གནང་སོང་།

དེ་ཡང་ཟླ་འདིའི་ཚེས་༡༢ ཉིན་དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་མདུན་ཐང་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་ཚོས་རྒྱ་དམར་གྱི་དབང་སྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ཏེ། མི་ལོ་ང་གཅིག་འཁོར་བའི་དུས་དྲན་གྱི་ཉིན་མོར་སྲུང་བརྩི་ཞུས་པའི་སྐུ་མགྲོན་གྱི་གཙོ་བོ་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་དང་། ས་གནས་བདེ་དོན་འགན་འཛིན། དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཟུར་བྷི་ཚེ་རིང་དང་རྒྱུན་ལས་ཟུར་པ་ཁག་གཅིག  རྒྱ་རིགས་བོད་དོན་ལས་འགུལ་བ་ལྕམ་ཀྲོས་རུས། གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་ཁག་གཅིག་གི་འགན་འཛིན་དང་དྲུང་ཆེ་རྣམ་པ། དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་དང་བཙུན་དགོན་ཁག་གཅིག་གི་སློབ་ཕྲུག་དང་བཙུན་མ་སོགས། ཁྱོན་བུད་མེད་བརྒྱ་ཕྲག་བརྒལ་བ་དུས་དྲན་སྲུང་བརྩིར་འཛོམས་འདུག

དང་ཐོག་ཐང་སྟོང་གླུ་གར་ཚོགས་པའི་རོལ་མ་བ་ཁག་གཅིག་གིས་རོལ་མོ་འབུད་དཀྲོལ་གྱིས་ཐོག་ནས་རྒྱལ་གླུ་སོགས་གྲུབ་རྗེས། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་དཀར་ལྷ་མོ་ལགས་དང་། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་སོགས་ཀྱིས་གསུང་བཤད་གནང་སོང་། དེ་བཞིན་དབུས་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་དབྱངས་དང་ཉམས་ཞིབ་པ་ཟླ་སྒྲོན་གཉིས་ཀྱིས་དབྱིན་བོད་གཉིས་ཐོག་ནས། བུད་མེད་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་བཤད་སྒྲོགས་སྦྱང་གནང་དོན། ཉེ་དུས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་ཆེད་གཏོང་གནང་ཡོད་ནའང་། བཟང་ཕྱོགས་ཀྱི་གྲུབ་འབྲས་མ་སོན་པ་ནི་བློ་ཕམ་གྱི་རང་བཞིན་དང་། རྒྱ་ནག་གཞུང་གིས་གཞིས་བྱེས་བོད་མིའི་དཀའ་ངལ་སེལ་དགོས་པ་ནི། བོད་མི་གཅིག་པུ་མ་ཡིན་པར་རྒྱ་ནག་གཞུང་མང་ལ་ཁེ་ཕན་ཆེ་བ་ཡོད་པ་མངོན་གསལ་རེད་ཅེས་དང་།

ཡང་དེའི་ནང་རྒྱ་ནག་གི་དབང་སྒྱུར་འོག་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལམ་སྲོལ་མེད་པ། དྲང་བདེན་གྱི་ཁྲིམས་ཞིབ་མེད་པ། དམིགས་བསལ་གྱི་བོད་དང་གྲངས་ཉུང་མི་རིགས་ཁག་ལ་འདྲ་མཉམ་དང་རང་དབང་གི་ཁྲིམས་གཞི་ལག་ལེན་ཇི་བཞིན་བསྟར་གྱི་མེད་པ་ནི། རྒྱ་ནག་རང་ཉིད་ལ་མཚན་ཤས་ཡོང་བའི་རྐྱེན་རྩ་ཡིན་ཞེས་དང་། དེ་བཞིན་འདི་ལོ་ཌན་མག་དང་། ཨ་རི་ཝར་མནཌ། ཐེ་ཝན་བཅས་སུ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་གསར་འཛུགས་ཞུ་ཐུབ་པར་མཐུན་འགྱུར་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་ཡོད་པ་རེད།

དུས་དྲན་སྲུང་བརྩི་འདི་དང་འབྲེལ་ནས་དབུས་དང་ས་གནས་བུད་མེད་གཉིས་ཀྱི་གོ་སྒྲིག་འོག གཙུག་ལག་ཁང་གི་མདུན་ཐང་ནས་དྷ་ཤོད་ཀ་ཅ་རི་བར་གོམ་བགྲོད་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། དེ་བཞིན་འདྲ་པར་འགྲེལ་བྱང་འགྲན་བསྡུར་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་གློད་གྲོལ་ཆེད་དུ་མཚན་རྟགས་བསྡུ་རུབ། དགོང་དྲོར་མར་མེ་ཁྲོམ་སྐོར། བོད་དོན་དང་འབྲེལ་བའི་གློག་བརྙན་བཅས་གཟིགས་འབུལ་ཞུས་ཡོད་པ་རེད།

 

མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༣, ༡༢' )  
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow