བོད་ཀྱི་བང་ཆེན། གསར་འགྱུར། བཙན་བྱོལ་གསར་འགྱུར། བོད་ཀྱི་གསོ་བ་རིག་པའི་བརྟག་ཐབས་རྒྱུན་འཛིན་བྱེད་དགོས།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

བོད་ཀྱི་གསོ་བ་རིག་པའི་བརྟག་ཐབས་རྒྱུན་འཛིན་བྱེད་དགོས།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ངོས་ནས་གསོ་བ་རིག་པའི་ཐད་ལ་མཛད་རྗེའི་གཟེངས་སུ་ཐོན་པ་སྣ་རྣམ་པར་‘གཡུ་ཐོག་གཟེངས་རྟགས་’ཞེས་པ་ཞིག་ཕུལ་རྒྱུར་ཐག་གཅོད་བྱས་ཡོད་པ་དང། ཐེངས་དང་པོ་དེ་༧གོང་ས་མཆོག་དང། སྐུའི་བླ་སྨན་ཞིང་གཤེགས་བསྟན་འཛིན་ཆོས་གྲགས་ལགས་སུ་ཕུལ་ཡོད་པ་རེད།
ཟླ་འདིའི་ཚེས་༡༥ ནས་ཉིན་གསུམ་གྱི་རིང་ལ་སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་དང་གསོ་རིག་སྐོར་གྱི་ཟབ་སྦྱོང་ཞིག་དྷ་ས་དབུས་སྨན་རྩིས་ཁང་གི་ཚོགས་ཁང་ནང་འཚོགས་པ་དང། སྐབས་དེའི་མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོ་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་གིས་གཙོས། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང། དབུས་སྨན་རྩིས་ཁང་གི་ངེས་སྟོན་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྨན་པ་ཁག་ཅིག་དང། དྷ་སར་གཉུག་མར་གནས་པའི་སྨན་པ་དང་ལས་བྱེད། དེ་བཞིན་སྨན་རྩིས་ཁང་གི་མཐོ་རིམ་སློབ་གྲྭར་སློབ་གཉེར་གནང་བཞིན་པའི་སློབ་མ་ཁག་གཅིག་བཅས། ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་ཚོགས་བཅར་གནང་འདུག
དང་ཐོག་སྐུ་མགྲོན་གྱི་གཙོ་བོ་མཆོག་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་བ་དང་། དེ་ནས་༧གོང་ས་མཆོག་དང། སྐུའི་བླ་སྨན་ཞིང་གཤེགས་བསྟན་འཛིན་ཆོས་གྲགས་ལགས་སུ་སྨན་པའི་ལྷན་ཚོགས་ཀྱི་ངོས་ནས་‘གཡུ་ཐོག་གཟེངས་རྟགས་’ཞེས་པ་དེ་ཕུལ་སོང་། དེ་རྗེས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་སྨན་རྩིས་ཁང་གི་ངེས་སྟོན་པ། འཕྲོད་བསྟེན་བཀའ་བློན་བཅས་ཀྱིས་རིམ་བཞིན། སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་དང་ཐེངས་འདིའི་ཟབ་སྦྱོང་གི་གལ་གནད་སྐོར། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་བྱེད་དགོས་པའི་རྒྱུ་མཚན་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་སྨན་རྩིས་ཁང་གི་ངེས་སྟོན་པ་མཆོག་གིས། སྔོན་དུས་སྨན་པའི་ཚོགས་འདུ་ཞིག་འཚོགས་པའི་སྐབས་སུ། བོད་ཆོལ་གསུམ་ནས་ཕེབས་པའི་སྨན་གྱི་གཙུག་ལག་སློབ་གྲྭའི་སློབ་མ་སོགས་དང་ཐུག་སྐབས། ཁོང་ཚོས་སྔོན་དུས་ཡིན་ན་ལྷ་སའི་སྨན་རྩིས་ཁང་དེ་ཚད་ལྡན་ཕུགས་འཕེར་ཡོང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་། དེང་སྐབས་འཕྲུལ་རིགས་ཀྱི་ལག་ཆ་མང་པོ་ཐོན་ཡོད་པ་ལ་བརྟེན་ནས། སྨན་པ་ཚོར་དོགས་པ་ཏོག་ཙམ་ཡོང་བ་དང་བོད་རང་གི་བརྟག་ཐབས་རིག་པ་བེད་སྤྱོད་མ་བཏང་བར། དེང་རབས་འཕྲུལ་རིགས་བེད་སྤྱོད་གཏོང་གི་ཡོད་པས། བོད་ཀྱི་སྲོལ་རྒྱུན་བརྟག་ཐབས་རིག་པ་ཉམས་འགྲོ་ཡི་ཡོད་རེད་ཅེས་གསུངས་བྱུང། གསོ་བ་རིག་པའི་བརྟག་ཐབས་རྒྱུན་འཛིན་བྱེད་དགོས་པ་དང་། བོད་ཀྱི་གསོ་རིག་སྨན་གཞུང་གཞན་ལས་ལྷག་པའི་ཁྱད་ཆོས་ཡོད་པས། འབྲེལ་ཡོད་ཚང་མས་ལྟ་བ་ཡངས་པོའི་ཐོག་ནས་དེང་རབས་དང་ཟུང་འབྲེལ་གྱིས། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་བྱེད་དགོས་པའི་སྐོར་དང། མ་འོངས་པར་སྨན་གྱི་སློབ་གྲྭ་གསར་པ་འཛུགས་འཆར་ཡོད་པས། དེའི་ནང་དགེ་རྒན་ཕྱི་རྒྱལ་ཁག་ནང་བཞུགས་ཡོད་པའི་སྨན་པ་སོགས་ཕེབས་ན་ལེགས་ཚུལ་སོགས་ཀྱི་གསུང་བཤད་གནང་སོང་།
༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཀྱི་སྐོར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་རབ་བསྟན་ལགས་སུ་འདི་གའི་གསར་འགོད་པས་བཅར་འདྲི་ཞུས་པར། ཁོང་གིས། སྔོན་མ་སྨན་པའི་ལྷན་ཚོགས་ཀྱི་སྐབས་སུ། བོད་ཀྱི་གསོ་བ་རིག་པའི་བསྟན་པ་ལ་མི་ཚེ་ཧྲིལ་པོ་སྐུ་ལས་བསྐྱོན་མཁན་དང་། ཡང་གསོ་བ་རིག་པའི་ཐད་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོན་མྱོང་བའི་མཛད་རྗེའི་ཆེ་བའི་མི་སྣ་རྣམས་ལ། བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་ཐུབ་ན་ཡག་པོ་ཡོད་པ་དང།  གཟེངས་རྟགས་དེའང་ལས་གནས་འདྲ་མིན་ཐད་ལ་འབུལ་རྒྱུ་དང་། དེའི་ཆེད་དུ་གཟེངས་རྟགས་ཚོགས་ཆུང་བཙུགས་དགོས་ཀྱི་འདུག་ཅེས་བཀའ་མོལ་བྱུང་བ་ལྟར་ལག་བསྟར་བྱས་པ་རེད། དེ་རིང་གི་གཟེངས་རྟགས་དང་པོ་དེ་༡༩༦༡ ལོ་ནས་༧གོང་ས་མཆོག་གིས་སྐུ་ལས་བསྐྱོན་ནས། ད་ལྟའི་ཆར་འཛམ་གླིང་གང་སར་བོད་ཀྱི་གསོ་བ་རིག་པ་དར་ཁྱབ་བྱུང་ཡོད་པས། ཁོང་གི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་གཟེངས་རྟགས་འདི་ཕུལ་བ་རེད། གཟེངས་རྟགས་གཉིས་པ་སྐུའི་བླ་སྨན་ཞིང་གཤེགས་བསྟན་འཛིན་ཆོས་གྲགས་སུ་ཕུལ་དོན་ནི། ཁོང་བོད་ནང་མི་ལོ་༢༠ རིང་བཙོན་ཁང་ནང་བཞུགས་མྱོང་བ་དང། དེ་ནས་བཙན་བྱོལ་དུ་ཕེབས་ནས་སྐུའི་བླ་སྨན་གྱི་མཛད་འགན་བཞེས། དེ་བཞིན་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་དང་ཐོག་ཞིང་གཤེགས་ཁོང་གིས་བཟོས་པ་རེད། དེ་བཞིན་ཉམས་བཞིན་པའི་ནང་དུ་སྨན་གསར་པ་ཧ་ཅང་མང་པོ་བཟོས་པ་དང་། དགུང་ལོ་བགྲེས་པོ་ཡིན་ནའང་ཕྱི་རྒྱལ་གང་སར་ཕེབས་ནས་བོད་ཀྱི་གསོ་བ་རིག་པ་ཁྱབ་བརྡལ་གནང་བ་སོགས། ཁོང་གི་མཛད་རྗེས་ཀུན་གྱིས་ཁས་ལེན་བྱེད་ཀྱི་ཡོད་པས་ང་ཚོས་གཟེངས་རྟགས་དེ་ཕུལ་པ་རེད་ཅེས་འགྲེལ་བརྗོད་གནང་སོང།
མ་འོངས་པའི་གཟེངས་རྟགས་གནང་ཕྱོགས་ད་ལྟ་དང་གཅིག་མཚུངས་ཡིན་ནམ་ཞེས་དྲིས་པར། ཁོང་གིས། གཙོ་བོ་གཟེངས་རྟགས་ཚོགས་ཆུང་གིས་ཐག་གཅོད་བྱེད་ཀྱི་རེད་ལ། མ་འོངས་པར་སྨན་སྦྱོར་དང་སྨན་རྫས། དེ་བཞིན་ཉམས་ཞིབ་ཀྱི་ལམ་ནས་འཛམ་གླིང་ནང་གཟེངས་སུ་ཐོན་པའི་མཛད་རྗེས་འཇོག་མཁན་བྱུང་ན་འབུལ་རྒྱུ་རེད། གང་ལྟར་ནོ་སྦེལ་གཟེངས་རྟགས་བཞིན་སྡེ་ཚན་འདྲ་མིན་གྱི་ཐད་ལ་གཟེངས་རྟགས་འབུལ་རྒྱུ་ཡིན་པས། ཅིག་བྱས་ན་མ་འོངས་པར་གཟེངས་རྟགས་བཞི་ལྔ་དེ་འདྲ་ཡོང་སྲིད་པ་རེད་ཅེས་འགྲེལ་བརྗོད་གནང་སོང།
ཉིན་མཐའ་མར་སྨན་པའི་ལྷན་ཚོགས་སྐབས་གསུམ་པའི་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་སོགས་འོས་འདེམས་བྱེད་རྒྱུ་ཡིན་པ་རེད།།
མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༣, ༡༦' )  
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow