བོད་ཀྱི་བང་ཆེན། གསར་འགྱུར། བཙན་བྱོལ་གསར་འགྱུར། ལྷོ་ཕྱོགས་སུ་མང་གཙོའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུས་པ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

ལྷོ་ཕྱོགས་སུ་མང་གཙོའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུས་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
50thdemocracyatsouth-2ཕྱི་ཟླ་༩ པའི་ཚེས་༢ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མི་རྣམས་ལ་མང་གཙོ་གསོལ་རས་སུ་བསྩལ་ནས་ལོ་༥༠ ཧྲིལ་པོ་འཁོར་བའི་མཛད་སྒོ་རྒྱས་པ་དེ། རྒྱ་གར་ཕྱོགས་བྷེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གཞིས་ཆགས་ཀྱི་ཁོངས་གཏོགས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་མཛད་སྒོ་གཟབ་རྒྱས་སྲུང་རྩི་ཞུས་ཡོད་པ་རེད།

50thdemocracyatsouth-2དེ་ཡང་ཐོག་མ་ཕྱི་ལོ་༢༠༡༠ ཟླ་༩ པའི་ཚེས་༢ མང་གཙོའི་དུས་ཆེན་ཉིན་གྱི་ཞོགས་པ་ཆུ་ཚོད་༨ དང་སྐར་མ་༡༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ། བཀའ་བློན་ཁྲི་པ། སྤྱི་འཐུས་ཚོགས་གཞོན་བཅས་ཀྱིས་སྤོས་སྣེ་དང་བཅས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སེར་བྱེས་གྲྭ་ཚང་གི་གཟིམ་ཆུང་ནས་དུས་ཆེན་གྱི་མཛད་སྒོ་ཚོགས་ཡུལ་སེར་བྱེས་ཆོས་ར་རུ་ཕེབས་བསུ་ཞུས་ནས་ཞབས་སོར་འཁོད་པ་དང་། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་རྒྱ་གར་གྱི་རྒྱལ་གླུ་ཕུལ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང། འདི་ལོ་སྐྱེ་རྒུ་མདོའི་ས་འགུལ་གྱི་གནོད་འཚེ་དང་། མདོ་སྨད་འབྲུག་ཆུ་ཡུལ་དུ་འདམ་རུད་ཀྱི་གནོད་འཚེ། གཞན་ཡང་འཛམ་གླིང་ཕྱོགས་གང་སར་འབྱུང་བའི་འཇིག་པའི་འོག་མི་གྲངས་མང་པོ་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་སྐར་མ་གཅིག་གནང། དེའི་རྗེས་སུ་བདེ་སྐྱིད་སླར་གསོའི་སློབ་ཕྲུག་རྣམས་ཀྱིས་མང་གཙོ་གསར་བཞད་ཀྱི་གླུ་གཞས་ཕུལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྐུ་མགྲོན་རྣམས་ལ་ཕེབས་བསུ་དང་སྦྲགས་དུས་དྲན་དང་འབྲེལ་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང། དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དུས་དྲན་དང་འབྲེལ་བའི་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་།

50thdemocracyatsouth-1དེའི་རྗེས་སུ་རིམ་པ་བཞིན་མཛད་སྒོ་དེར་དམིགས་བསལ་ཆིབས་བསྒྱུར་གནང་བའི་སྐུ་མགྲོན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཀྱི་ཟུང་སྦྲེལ་ཚོགས་གཙོ་དང། ཨི་ཊ་ལིི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Matteo Mecacci མཆོག་དང། རྒྱ་རག་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་Takam Sanjoy མཆོག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པའི་ཚོགས་མི་དང། ཁེ་ན་ཌ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Peter Slipper མཆོག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ཚོགས་མི་དང། gold-awardཨ་ཡེ་ལན་ཌི་གྲོས་ཚོགས་འཐུས་མི་ལྕམ་Birgitta Jonsdottir མཆོག རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་Rama Chandra-Scott མཆོག ཌན་མག་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་མི་ལྕམ་Pernille Frahm མཆོག ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་ Santosh Vinita Kalyan མཆོག ཀོ་རོ་ཤི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tonino Picula མཆོག བྷོ་ཌི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Son Chhay མཆོག ཕོ་ལེནཌ་གྲོས་ཚོགས་འཐུས་མི་ལྕམ་སྐུ་Beata Bublewicz མཆོག རོ་མ་ནི་ཡའི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་Csaba Sogor མཆོག ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་McMillan-Scott མཆོག་གི་གསུང་བཤད་ཁོང་གི་སྐུ་ཚབ་ཀྱིས་སྒྲོགས་སྦྱང་གནང་བ་དང། ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ཀྱི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མཱན་མཆོག་བཅས་ཀྱིས་རིམ་པ་བཞིན། བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གསུང་བཤད་གནང་།

50thdemocracyatsouth-3དེའི་རྗེས་སུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིར་མང་གཙོ་གསོལ་སྩལ་གནང་སྟེ་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་བཀའ་དྲིན་རྗེས་དྲན་མཚོན་ཆེད་གཞིས་བྱེས་བོད་མི་ཡོངས་ཀྱི་སྐུ་ཚབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསེར་གྱི་གཟེངས་རྟགས་དེ་ཉིད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་༧གོང་ས་མཆོག་ལ་འབུལ་ལམ་ཞུས་པ་དང། ༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་བར་ཐུགས་རྗེ་ཆེ། གཟེངས་རྟགས་འདི་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕུལ་བ་ལས་མ་ཕུལ་ཀ་མེད་ཀྱི་གནས་ཚུལ་ཞིག་དང་འབྲེལ་ནས་ཕུལ་བ་དེ་འདྲ་མ་རེད། དགའ་པོ་བྱུང་ཞེས་སོགས་བཙན་བྱོལ་བོད་མིའི་མི་ལོ་༥༠ དང་འབྲེལ་བའི་གསུང་བཤད་བཀའ་དྲིན་བསྩལ་ཡོད་པ་རེད།།
ས་གནས་གསར་འགོད་པས།
མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༩, ༣' )  

མཆན་སྣོན།


ཉེན་སྲུང་ཨང་རྟགས།
བསྐྱར་སོས།

  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow