བོད་ཀྱི་བང་ཆེན། གསར་འགྱུར། བཙན་བྱོལ་གསར་འགྱུར། བོད་ཡིག་ཟུར་སྦྱོང་དང་བོད་དོན་ལ་དོ་སྣང་སྔར་ལྷག་བྱེད་རྒྱུ་ཡིན།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

བོད་ཡིག་ཟུར་སྦྱོང་དང་བོད་དོན་ལ་དོ་སྣང་སྔར་ལྷག་བྱེད་རྒྱུ་ཡིན།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

baroda1རྒྱ་གར་བྷ་རོ་ཌ་ས་གནས་བོད་ཀྱི་གཞོན་ནུ་དང་སློབ་ཕྲུག་ཚོགས་པ་གཅིག་ལྕོག་ནས་བོད་ཀྱི་མང་གཙོ་དུས་དྲན་སྲུང་བརྩི་དང་སྟབས་བསྟུན། སྤྱིར་མང་གཙོའི་འཕེལ་རིམ་དང། ཐེངས་འདིའི་བོད་ཀྱི་འོས་བསྡུ་ཆེན་མོའི་སྐོར་ལ་བགྲོ་གླེང་བྱས་པ་མ་ཟད། བོད་ཡིག་ཟུར་སྦྱོང་དང། བོད་དོན་ལ་སྔར་ལྷག་དོ་སྣང་དགོས་སྐོར་གྱི་བསམ་ཚུལ་ཅིག་གྱུར་བྱུང་ཡོད་པ་རེད།

baroda2ཨ་ཚོགས་དབང་གྲགས་འབུམ་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་འཁོད་དོན། ཟླ་འདིའི་ཚེས་༢ ཉིན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོས་ང་ཚོར་མང་གཙོ་གསོལ་རས་གནང་ནས་ལོ་ངོ་༥༠ ཏག་ཏག་འཁོར་བའི་ཉིན་བྷ་རོ་ཌ་ས་གནས་མཐོ་རིམ་སློབ་ཕྲུག་ཡོངས་ནས་ མཧཱ་ར་ཇ་ ས་ཡ་ཇི་ར་བོ་ (Maharaja Sayajirao  University)  གཙུགས་ལགས་སློབ་གཉེར་ཁང་གི་ཚོགས་ཁང་དུ་སྔ་དྲོ་ཆུ་ཚོད་༩.༣༠ སྟེང་མཛད་སྒོ་དབུ་འཛུགས་གནང་སྟེ། ཐོག་མར་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་་དང་མང་གཙོ་གསར་གཞས་བཏང་རྗེས་ལོ་རྒྱུས་ཆེད་སྦྱོང་སློམ་མ་བསོད་ནམས་སྟོབས་རྒྱལ་གྱིས་མང་གཙོ་ངོ་སྤྲོད་དང་འཕེལ་རིམ་སོགས་དང་འབྲེལ་བའི་གཏམ་བཤད་བྱས་རྗེས། ས་གནས་གཞོན་ནུའི་ཚོགས་གཙོ་བསམ་འགྲུབ་རྡོ་རྗེ་ཡིས་ས་གནས་སློབ་ཕྲུག་མཐུན་ཚོགས་ཀྱི་སྒྲིག་གཞི་དང་དབུས་གཞོན་ནུའི་ཚོགས་ཆེན་ཐེངས་༤༠ པའི་གྲོས་ཆོད་གསར་པ་ཁག་གསལ་བསྒྲགས་དང་འབྲེལ་བའི་གཏམ་གཤད་བྱས།

ད་ལོ་ང་ཚོ་བཙན་བྱོལ་བོད་གཞུང་དང་མང། དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཚང་མས་མང་གཙོའི་ལས་འགན་དང་ཐོབ་ཐང་སྒྲུབ་པའི་ཆེད་ཐེངས་འདིའི་བཀའ་ཁྲི་དང་སྤྱི་འཐུས་འོས་འདེམས་ལ་ཆ་ཤེས་ལེན་པ་ཙམ་མ་ཡིིན་པར་འོས་འདེམས་མ་ནོར་བ་བྱེད་རྒྱུ་ནི་འོས་འགན་གལ་ཆེ་ཤོས་དེ་ཡིན་པས། དེ་རིང་སྔ་དྲོ་ཆུ་ཚོད་༡༡།༣༠ ནས་༢།༣༠ བར་སློབ་ཕྲུག་ཆ་ཚང་སྡེ་ཚན་བཞི་རུ་ཁག་བགོས་ཀྱིས་སོ་སོའི་ངོས་ནས་རང་མོས་ཀྱིས་བཀའ་བློན་ཁྲི་བར་ཁྱོན་བསྡོམས་འོས་མི་༣༠ ཙམ་བཏོན་ནས་འོས་མི་རེ་རེའི་ལོ་རྒྱུས་དང་རྒྱབ་ལྗོངས། ལངས་ཕྱོགས་ཁྱད་ཆོས་སོགས་དྲ་རྒྱ་འདྲ་མིན་ནས་འཚོལ་ཞིབ་བརྒྱུད་གྲོས་བསྡུར་ལྷུག་པོ་བྱེད་ཐུབ་བྱུང་ཡོད་པ་དང། མཐའ་མ་དེར་སློབ་ཕྲུག་བརྒྱ་ཆ་༩༠ ལྷག་ཙམ་གྱིས་མ་འོངས་པའི་བཀའ་བློན་ཁྲི་བ་དེ་མཁས་དབང་བློ་བཟང་སེང་གེ་ལ་རེ་བ་ཡོད་པའི་གཏམ་བཤད་དང་བསམ་ཚུལ་ཤུགས་ཆེན་བྱུང་ཡོད་པ་རེད།

baroda3ཉིན་གུང་ཆུ་ཚོད་༢།༣༠ ནས་སློབ་མ་ཆ་ཚང་སོ་སོའི་ཆོལ་ཁ་ཁག་ཏུ་འཛོམས་ཏེ་སྤྱི་འཐུས་འོས་བསྡུའི་སྐོར་བགྲོ་གླེང་བྱས་ནས་ཆོལ་ཁ་རེ་ནས་སྤྱི་འཐུས་འོས་མི་༢༠ ཙམ་བཏོན་རྗེས་ཡང་བསྐྱར་དྲ་རྒྱ་ཁག་བཅུ་ཙམ་གྱི་ནང་འོས་མི་རེ་རེའི་ལོ་རྒྱུས་དང་རྒྱབ་ལྗོངས།ལངས་ཕྱོགས། ཁྱད་ཆོད་སོགས་འཚོལ་ཞིབ་དང་གྲོས་བསྡུར། བགྲོ་གླེང་ལྷུག་པོར་གནང་བ་དང་དེ་རྗེས་བོ ད་ཀྱི་ཁོར་ཡུག་གི་ཛ་དྲག་དང་འབྲེལ་བའི་གློག་བརྙན་༼བོད་བཞུ་བ༽ Meltdown in Tibet ཟེར་བ་དེ་བསྟན་ནས་བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་གཏམ་བཤད་བྱས་ཡོད་པ་རེད།  དེ་རིང་གི་བགྲོ་གླེང་སྐབས་སློག་ཕྲུག་མང་དག་ཅིག་གིས་གསར་འགོད་བརྒྱུད་ལམ་ཁག་ནས་བོད་དོན་སྐོར་བཅར་འདྲི་བྱེད་སྐབས། དོན་ཧ་མ་གོ་བའི་དཀའ་ངལ་འདུག་པས། ད་ལོ་ནས་ང་ཚོས་བོད་དོན་སྐོར་སློབ་སྦྱོང་བྱེད་རྒྱུ་དང་བོད་ཡིག་ཟུར་སྦྱོང་ཡག་པོ་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེན་བྱུང་བས་ས་གནས་གཞོན་ནུའི་འཛིན་སྐྱོང་དང་དུས་དེབ་རྩོམ་སྒྲིེག་པས་དེ་དོན་ལག་ལེན་དང་རྒྱབ་སྐྱོར་མཐུན་འགྱུར་གནང་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།


མཐའ་མ་དེ་ཚོགས་གཙོས་དེ་རིང་བགྲོ་གླེང་ལྷུག་པོ་བྱུང་བར་བསྔགས་བརྫོད་དང་འབྲེལ་མཇུག་བསྡོམས་གསུང་བཤད་བྱས་ནས་ཆུ་ཚོད་བདུན་རིང་གི་བགྲོ་གླེང་དང་ཚོགས་འདུ་དེ་རྒྱལ་ཁའི་ངང་མཇུག་བསྒྲིལ་ཡོད་པ་རེད། བྷ་རོ་ཌ་ས་གནས་སུ་ཁྱོན་བསྡོམས་བོད་པའི་སློབ་ཕྲུག་༡༣༠ ཙམ་ཡོད། རམ་འབྱམས་པ་(Bachelor)བརྒྱ་ཉེ་བ་ཙམ་ཞིག་ཡོད་པ་དང་གཙུག་ལག་རམ་འབྱམས་པ་(Master)སློབ་ཕྲུག་གྲངས་༣༠ཙམ་ཡོ ད།གནས་འདི་ནི་མོས་པོ་དམ་པ་གྷན་རྡུ་ཇའི་འཁྲུངས་ཡུལ་ཡིན་པ་དང་ས་གནས་གཞོན་ནུ་འཛིན་སྐྱོང་ཚོགས་པས་སྣེ་ཁྲིད་པའི་འོག་བོད་དོན་དྲིལ་བསྒྲིགས་དང་འབྲེལ་བའི་ལས་འགུལ་ཤུགས་ཆེན་སྤེལ་བཞིན་ཡོད་ལ་བོད་པའི་དུས་ཆེན་ཁག་ཚང་མ་དུས་རྟག་ཏུ་སྲུང་བརྩི་གནང་གི་ཡོད།
གནས་ཚུལ་མཁོ་གཏོང་པ་ཨ་ཚོགས་དབང་གྲགས་འབུམ་གྱིས།

མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༩, ༤' )  

མཆན་སྣོན།


ཉེན་སྲུང་ཨང་རྟགས།
བསྐྱར་སོས།

  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow