བོད་ཀྱི་བང་ཆེན། གསར་འགྱུར། བཙན་བྱོལ་གསར་འགྱུར། ༧གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་པུ་ནཱི་རུ་ཕེབས་འཆར།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

༧གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་པུ་ནཱི་རུ་ཕེབས་འཆར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཕྱི་ལོ་༢༠༡༠ ལོའི་ཟླ་༡༠ ཚེས ༡༠ ཉིན་རྒྱ་གར་གྱི་གྲོང་ཁྱེར་པུ་ནཱི་རུ་འཛམ་གླིང་ཞི་བདེའི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པའི་སྐོར་ལ་བརྒྱུད་ལམ་ཁག་ནས་གནས་ཚུལ་འདྲ་མིན་ཐོན་ཡོད་པ་དང། ལྷན་ཚོགས་དེའི་ཐོག་ཏུ་ཨ་རིའི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་རཱིས་ཆར་ཌི་གྷིར་དང། རྒྱ་གར་གྱི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་ཨཱ་མིའི་ཏཱ་བྷ་ཆན་ཡང་ཡོང་རྒྱུ་ཡིན་འདུག



ཧིན་དྷིའི་དུས་བབ་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱིར་འཛམ་གླིང་ཞི་བདེའི་ལྷན་ཚོགས་སམ་མཛད་སྒོ་དེ་ནི་ཊེ་ཇི་གྷན་ཞེས་པའི་དགེ་རྩ་ཚོགས་པས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང། ཚོགས་པ་དེས་རྒྱ་གར་གྱི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་ཨཱ་མིའི་ཏཱ་བྷ་ཆན་ཡང་ཡོང་བའི་རེ་འདུན་ཞུས་ཡོད་པ་རེད། མཛད་སྒོ་དེའི་ཐོག་༧གོང་ས་མཆོག་གི་བཀའ་སློབ་གནང་རྒྱུའི་བརྗོད་གཞི་ནི་རྒྱལ་ཁབ་ཚོའི་དབར་གྱི་ཞི་བདེ་ཞེས་པ་དེ་ཡིན་པ་དང། ད་དུང་མཛད་སྒོ་དེའི་ཐོག་ཏུ་འབུམ་རབས་པ་ཀི་རན་བྷེ་ཌི་དང། རྒྱ་གར་གྱི་བུད་མེད་ཉེན་རྟོག་པ་ཐོག་མ་མཱ་ཇུམ་དྷར་སོགས་ཀྱིས་གཙོས་པའི་ཁྱོན་མི་གྲངས་འབུམ་གཅིག་ལྷག་མཉམ་ཞུགས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

དེ་བཞིན་༧གོང་ས་མཆོག་སྐུ་སྒེར་གྱིས་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཨཱ་མིའི་ཏཱ་བྷ་ཆན་དང་ཐུག་འཕྲད་གནང་རྒྱུའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད་འདུག གཞན་ཡང་ཞི་བདེའི་ལྷན་ཚོགས་དེའི་དགོས་དམིགས་ནི། འཛམ་གླིང་གི་དབུ་ཁྲིད་མི་རེ་ངོ་རེ་ནས་འཛམ་གླིང་ཞི་བདེའི་ཆེད་དུ་ཕྱག་ལས་གནང་བའི་གར་སྟེགས་ཤིག་བསྐྲུན་ཆེད་ཡིན་སྐོར་ཡང་འཁོད་ཡོད་པ་རེད། གོང་གི་དགེ་རྩ་ཚོགས་པ་དེས་ཕྱི་ལོ་༢༠༡༠ ལོའི་ནང་གི་ཟླ་བ་བཅུ་ཡི་རིང་བྱེད་སྒོ་ཁག་བཅུ་ས་ཕྱོགས་འདྲ་མིན་དུ་སྤེལ་བཞིན་ཡོད་པ་ཞིག་རེད་འདུག །

མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༩, ༦' )  

མཆན་སྣོན།


ཉེན་སྲུང་ཨང་རྟགས།
བསྐྱར་སོས།

  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow