བོད་ཀྱི་བང་ཆེན། གསར་འགྱུར། བཙན་བྱོལ་གསར་འགྱུར། ཧིན་སྒོར་འབུམ་དྲུག་ཞལ་འདེབས་སྤྲད་པ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

ཧིན་སྒོར་འབུམ་དྲུག་ཞལ་འདེབས་སྤྲད་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཕྱི་ཟླ་༨ ཚེས་༦ ཉིན་ཆུ་སྤྲིན་བརྡོལ་བ་ལས་བྱུང་བའི་ལ་དྭགས་སླེ་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་སྟེ། དེ་གའི་ཡུལ་མི་དང་སྤྲོ་འཆམ་པ་གང་མང་ཞིག་རྐྱེན་འདས་སུ་ཕྱིན་པ་དང་མང་དག་ཅིག་ལ་རྨས་སྐྱོན་བྱུང་ཡོད་པ་རེད། དེ་བཞིན་ཡུལ་མི་མང་པོར་ཁང་ཁྱིམ་དང་ཅ་དངོས་སོགས་གང་ཡང་མེད་པའི་གནས་སྟངས་སྐྱོ་པོ་གྱུར་པ་རྣམས་ལ། འདི་ག་མོན་གྷོ་ས་དགོན་བརྩེ་ཆེན་མདོ་སྔགས་ཆོས་གླིང་གི་འཇར་མན་(INITIATIVE   OBERLAND) རོགས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་(MRS. ANGELIKA  RAHIM  LECHEL)  མཆོག་དེ་གར་སྤྲོ་འཆམ་ལ་བསྐྱོད་སྐབས་དོན་རྐྱེན་དེ་ལྟར་བྱུང་བ་མངོན་གསལ་མིག་མཐོང་བྱུང་བར་བརྟེན།

ཡ་ང་བའི་ཆགས་འཇིག་གི་གནས་སྟངས་དེར་ཚོགས་གཙོ་གཙོས་ཚོགས་མི་ཡོངས་ཀྱི་ཕན་གྲོགས་རོགས་རམ་བྱ་རྒྱུའི་ཐག་གཅོད་གནང་བ་བཞིན། ཕྱི་ཟླ་༨ ཚེས་༢༧ དང་༣༡ ཉིན་གཉིས་རིང་འདི་གའི་གྲྭ་ཚང་གི་འཇར་མན་རོགས་ཚོགས་བརྒྱུད་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ཧིན་སྒོར་འབུམ་༦༠༠༠༠༠ ཐམ་པས་དངོས་ཡོད་གནས་སྟངས་སྐྱོ་པོ་ཆགས་པའི་ཉམ་ཐག་ཡུལ་མི་རྣམས་ལ་བཟའ་བཅའ་དང་གྱོན་ཆས་སོགས་ཞལ་འདེབས་སུ་ཕུལ་ཡོད་སྐོར་མོན་གྷོ་ས་དགོན་བརྩེ་ཆེན་མདོ་སྔགས་ཆོས་གླིང་གི་དྲུང་ཡིག་ཚེ་བརྟན་རྡོ་རྗེ་ནས་མཁོ་སྤྲོད་གནང་སོང་།།
མོན་གྷོ་གསར་འགོད་པས།

མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༩, ༦' )  

མཆན་སྣོན།


ཉེན་སྲུང་ཨང་རྟགས།
བསྐྱར་སོས།

  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow