མེ་མདའི་ཁ་འོག་གི་ལྷ་ས། གཟའ་འཁོར་གཅིག་གོང་དུ།
དུས་ཚོད། 2010 ལོའི་ཟླ་བ 8 པའི་ཚེས 24
ས་ཆ། ལྷ་ལྡན་གཙུག་ཁང་གི་མདུན་ཐང་།
པར་པའི་སྐད་ཆ། ལྷ་སའི་ཡོད་ཚད་ད་དུང་ཡང་༢༠༠༨ དང་གཅིག་མཚུངས་སུ་གནས་ཡོད། ག་ས་གང་རུ་མེ་མདའ་ཐོགས་པའི་དམག་མི་རེད།
བོད་མི་རྣམས་མེ་མདའི་ཁ་ལམ་ན་འཚོ་བ་སྐྱེལ་བཞིན་འདུག འཛིན་བཟུང་དང་བཙན་དབང་སོགས་ཀྱི་གནས་ཚུལ་ནི་ཉིན་ལྟར་ཐོན་བཞིན་འདུག ད་ཆ། ལྷ་སའི་མདུན་རྒྱབ་གང་དུའང་མཐོང་དུ་ཡོད་པ་ནི་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་མི་སྣ་དང་དྲག་ཆས་སྤྲས་པའི་དམག་མི་དེ་ཚོ་རེད། ཡིན་ནའང་ནུབ་ཕྱོགས་ནས་ཡོང་བའི་ཡུལ་སྐོར་བ་ཉུང་ངུ་ལས་མེད། འདྲ་པར་འདི་དག་ལས་དངོས་སུ་མཐོང་ཐུབ་པ་ནི། རྒྱ་ནག་སྲིད་གཞུང་གི་བཀོད་མངགས་འོག་བོད་དུ་ལྟ་སྐོར་ལ་ཁྲིད་འོངས་བ་དང་། དེ་བཞིན་རྒྱ་ནག་གི་གསར་འགོད་པ་ཚུད་པའི་མི་སྣ་དེ་ཚོས་མཐོང་མི་ཐུབ་པའི་བོད་ངོ་མ་དེ་ཡིན། གང་ཞེ་ན། ནམ་ཁོང་ཚོས་བཀོད་སྒྲིག་བྱས་པའི་ལྟ་སྐོར་བ་དེ་ཚོ་ས་གནས་སུ་ཕེབས་ཐོན་བྱུང་ཚེ། གོ་མཚོན་ཐོགས་པའི་དམག་མི་དང་ཉེན་རྟོག་པ་འདི་ཚོ་མི་དཀྱུས་མའི་གོས་ཅན་དུ་ཆགས་ཡོང་བས་རེད།
འོད་ཟེར་པོད་ཁུག་ནས་ནགས་ཤོད་སད་མིས་བོད་བསྒྱུར་བྱས།

གཙུག་ལག་ཁང་མདུན་ཐང་ནས་སྐམ་ཁུང་མཛུབ་མོ་གཏད་ནས་འགྲོ་བཞིན་ཡོད།









