བོད་ཀྱི་བང་ཆེན། གསར་འགྱུར། བོད་ནང་གི་གསར་འགྱུར། ཞི་བདེ་ཉི་མའི་གློག་བརྙན་ལ་བྱ་དགའ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

ཞི་བདེ་ཉི་མའི་གློག་བརྙན་ལ་བྱ་དགའ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཉེ་ཆར་བོད་ནང་གི་སྒྱུ་རྩལ་པ་གྲགས་ཅན་ཞི་བདེ་ཉི་མ་ལ་དངོས་ཞུ་གློག་བརྙན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད་འདུག དེ་ཡང་རྒྱ་ནག་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་ཕྱི་ཕྱོགས་རིག་གནས་བརྗེས་རེས་མཐུན་ཚོགས་དང་། བརྙན་འཕྲིན་ལས་ཁུངས། རིག་གནས་སྒྱུ་རྩལ་ལྷན་ཚོགས། གློག་བརྙན་བརྙན་འཕྲིན་མཐུན་ཚོགས་སོགས་ཀྱིས་གོ་སྒྲིག་བྱས་པའི་རྒྱལ་ཡོངས་གློག་བརྙན་བརྙན་འཕྲིན་འགྲན་བསྡུར་ཐེངས་གཉིས་པ་ཧྲིན་ཀྲིན་གྲོང་ཁྱེར་དུ་འཚོགས་ཡོད་པ་དང། དེའི་ཁྲོད་བོད་ཀྱི་འཁྲབ་ཁྲིད་པ་ཞི་བདེ་ཉི་མས་ཕབ་བསྐྲུན་བྱས་པའི་དངོས་ཞུ་གློག་བརྙན《རྟ་མགྲིན་བཟང་མོ》ཞེས་པར་དངོས་ཞུ་གློག་བརྙན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད་འདུག
བྱ་དགའ་དེ་ཐོབ་དོན་ནི། གློག་བརྙན་ནང་གི་མི་སྣ་རྟ་མགྲིན་བཟང་མོའི་འབྲོག་པའི་འཚོ་བ་དང། ནང་སེམས་ཀྱི་འཇིག་རྟེན་གྱི་ཚོར་བ་མཚོན་ཐུབ་ཡོད་པ་དང། སྒྱུ་རྩལ་གྱི་ཐབས་ལམ་དང་མཚོན་སྟངས་གསར་པ་སོགས་ཀྱི་དགེ་མཚན་ཡོད་པར་བརྟེན། དཔྱད་འདེམས་པ་རྣམས་ཀྱིས་གྲོས་འཆམ་བྱུང་སྟེ་དངོས་ཞུའི་གློག་བརྙན་ཨང་གཉིས་པའི་བྱ་དགའ་སྤྲད་པ་ཞིག་ཡིན་པ་རེད།shide nyima
ཞི་བདེ་ཉི་མས་འཁྲབ་གཞུང་དང་འཁྲབ་ཁྲིད། འཁྲབ་སྟོན་སོགས་བྱས་པའི<བྱུ་རུའི་སྐེ་རྒྱན》དང་།《རྫི་གླུ》《ཁྱིམ》བརྙན་འཕྲིན་ཟློས་གར《མོ་སྟོན་ཕག་མགོ》དངོས་ཞུའི་གློག་བརྙན་《ལམ》དང《རྟ་མགྲིན་བཟང་མོ》སོགས་གློག་བརྙན་བརྙན་འཕྲིན་ཟློས་གར་ཕབ་བསྐྲུན་བྱས་མྱོང་ལ། ལྷག་པར་དུ་བརྙན་འཕྲིན་ཟློས་གར《བྱུ་རུའི་སྐེ་རྒྱན》དང《མོ་སྟོན་ཕག་མགོ》ཕབ་བསྐྲུན་བྱས་པ་ལས་བོད་སྐད་ཀྱི་བརྙན་འཕྲིན་ཟློས་གར་གྱི་ཐོག་མའི་སྟོང་ཆ་བསྐངས། ཁོའི་བརྩམས་ཆོས་སྣ་ཚོགས་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་གང་མང་ཐོབ་མྱོང་ཡོད་པ་རེད།།
མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༡, ༢༠' )  
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow