ཟླ་འདིའི་ཚེས་༡༥ ཉིན་གནམ་འོག་གི་རྨ་ཁུགས་དང་པོ་དང། ཨེ་ཤ་ཡའི་གླིང་གི་རྩྭ་ཐང་དང་པོར་གྲགས་པའི་རྨ་ཆུ་རྫོང་དུ་ང་ཚོ་ཐུན་མོང་ལ་དབང་བའི་བོད་ཀྱི་མཛངས་བློན་མགར་དམ་པའི་རུས་རྒྱུད་ཀྱི་བྱ་བཞག་ལ་ལུགས་དང་མཐུན་པར་གདེང་འཇོག་བྱེད་པའི<<མགར་ཚང་གི་ཁྱིམ་རྒྱུད་ལོ་རྒྱུས་བགྲོ་གླེང>>ཞེས་པའི་བགྲོ་གླེང་ཞིག་མགར་ཨ་སངས་སོགས་ཀྱིས་གོ་སྒྲིག་བྱས་ཏེ།
རྨ་

ཆུ་རྫོང་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ་ཟུར་པ་འཇམ་དབྱངས་དང༌། སི་ཁྲོན་རྔ་ཡུལ་ཁཱ་ཤཱི་དགོན་གྱི་ཁཱ་ཤེས་རབ་རྒྱ་མཚོ། མཚོ་སྔོན་མགོ་ལོག་སྨིན་ཐང་དགོན་གྱི་མགར་ལྷ་མགོན། རྨ་ཆུ་རྫོང་གེ་སར་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མྱིག་གཅོད་སོགས་ཀྱིས་མཛངས་བློན་མགར་དམ་པའི་རྗེ་ལ་བློ་དཀར་ཞིང་འབངས་ལ་སྲི་ཞུ་བསྒྲུབས་པའི་ལོ་རྒྱུས་སྐོར་དང། མཇུག་ཏུ་མགར་ཚང་རུས་རྒྱུད་ཀྱི་རྒན་རབས་མཁྱེན་དཔྱོད་ཅན་རེ་འགས་སྣེ་ཁྲིད་ཅིང་ན་གཞོན་རིགས་ཞེན་ཅན་མང་པོས་རམ་འདེགས་འོག མདོ་དབུས་ཁམས་གསུམ་གྱི་མགར་ཚང་གི་རུས་ཀྱི་གལ་ཆེན་རང་བཞིན་ཁྱབ་སྤེལ་གྱི་ཕྱོགས་ལ་ཕན་རླབས་ཆེ་བའི་ཕྱག་ལས་མི་ཉུང་བ་ཞིག་གནང་དགོས་པའི་བསྐུལ་མ་བྱས་པ་སོགས་བཀྲ་ཤིས་བདེ་ལེགས་ངང་བགྲོ་གླེང་ལེགས་འགྲུབ་བྱུང་ཡོད་འདུག །