བོད་ཀྱི་བང་ཆེན། གསར་འགྱུར། བོད་ཀྱི་གསར་འགྱུར། ལྷ་སར་གློག་ཀླད་དྲ་ཁང་ཁག་ཏུ་དམ་དྲག་ཆེ་རུ་གཏོང་འཆར།

བོད་ཀྱི་བང་ཆེན།

the Tibet Express

སྐད་ཡིག་འདེམས་ས།

Tibetan繁體中文English

ལྷ་སར་གློག་ཀླད་དྲ་ཁང་ཁག་ཏུ་དམ་དྲག་ཆེ་རུ་གཏོང་འཆར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཉེ་ཆར་ལྷ་སར་ཡོད་པའི་གློག་ཀླད་དྲ་བ་ཁང་སོགས་དྲ་འབྲེལ་ཐོག་ཞུགས་པའི་ཞབས་ཞུའི་ལས་གཉེར་ཁང་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་རིག་གནས་ལས་ཁུངས་ཀྱིས་སྣེ་འཁྲིད་པ་དང༌། སྤྱི་བདེ་དང་སློབ་གསོ། སྡེ་ཚོགས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང༌། འཕྲིན་གཏོང་ལས་ཁུངས་སོགས་ཀྱིས་མཉམ་འབྲེལ་ཐོག་གློག་ཀླད་དྲ་བ་ཁང་སོགས་དྲ་འབྲེལ་གཉེར་སྐྱོང་ཁང་ཁག་ལ་ཆེད་དུ་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཡོད་འདུག བྱ་སྤྱོད་དེར་ཕན་འབྲས་དངོས་སུ་ཐོན་པའི་ཆེད་དུ་ཚོགས་ཆུང་བཙུགས་ནས་ཚོགས་ཆུང་དེས་ལྷ་ས་གྲོང་ཁྱེར་གྱི་དྲ་ཁང་ལས་རིགས་ཁག་ལ་ལག་བསྟར་བྱས་ན་ཆོག་པའི་བཅོས་སྒྲིག་འཆར་གཞི་བཟོས་ཐོག དུས་ཡུན་ཟླ་བ་གསུམ་ནང་ལྷ་ས་གྲོང་ཁྱེར་གྱི་དྲ་ཁང་སོགས་དྲ་འབྲེལ་ཐོག་ཞུགས་པའི་ཞབས་ཞུའི་ལས་གཉེར་ཁང་ལ་ཕྱོགས་ཡོངས་ནས་གཙང་བཤེར་ཐེངས་གཅིག་བྱ་རྒྱུ་ཡིན་ཚུལ་བོད་ལྗོངས་ཆ་འཕྲིན་དྲ་རྒྱས་གནས་ཚུལ་སྤེལ་འདུག །
 

Advertisments