བོད་ཀྱི་བང་ཆེན། གསར་འགྱུར། བོད་ནང་གི་གསར་འགྱུར། རྒྱ་གཞུང་གིས་པཎ་ཆེན་རྫུན་མར་གོ་གནས་སྤྲད་པ།

Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

རྒྱ་གཞུང་གིས་པཎ་ཆེན་རྫུན་མར་གོ་གནས་སྤྲད་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
penchen zunmaཟླ་འདིའི་ཚེས་༡ ཉིན་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་གྲོས་ཚོགས་ཐེངས་བརྒྱད་པ་ཞེས་པ་འཚོགས་ཤིང། ཚེས་༣ ཉིན་རྒྱ་གཞུང་གིས་ངོས་བཟུང་བའི་པཎ་ཆེན་ལ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཞེས་པའི་ཚོགས་གཙོ་གཞོན་པར་བསྐོ་བཞག་བྱས་ཡོད་པ་རེད།
ཚོགས་འདུ་དེར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཀྲུང་ཝེ་ཆོན་དང།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པ་ལྷག་པ་ཕུན་ཚོགས་དང། རྒྱ་ནག་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་རེན་ཧྥ་རུང་།   རྒྱ་ནག་ཁ་ཆེའི་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲེང་ཀོང་ཡོན།   རྒྱ་ནག་གི་ཡེ་ཤུའི་གནམ་བདག་ཆོས་ལུགས་རྒྱལ་གཅེས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིའུ་པའོ་ཉན་དང་རྒྱ་ནག་གི་ཡེ་ཤུ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཐང་ཝེ་མེན་བཅས་གྲོས་ཚོགས་དེར་ཞུགས་ཡོད་འདུག
ཚོགས་འདུ་དེའི་སྐབས་སུ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་སྤྲུལ་སྐུས་གཙོ་སྐྱོང་དང།   ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཆོས་དཔོན་ཧྲིན་ཧའེ་ཡིས་གྲོས་ཚོགས་འགོ་ཚུགས་པའི་ཤིས་ཚིག་ཕུལ་བ་དང།   ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཆོས་དཔོན་ཞའོ་ཁྲེང་གིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་སྐབས་བདུན་པའི་རྒྱུན་ལས་ཚོགས་པའི་ཚབ་བྱས་ནས་ལས་དོན་སྙན་ཞུ་ཕུལ་གནང་ཞིང་།   ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དགེ་བསྙེན་ཏའོ་ཧྲུའུ་ཡིས་《ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་རིམ》ཞེས་པ་ལེགས་བཅོས་བྱས་པའི་སྐོར་གསལ་བཤད་བྱས་འདུག penchen zunma-2
མཇུག་བསྡོམས་ཚོགས་འདུའི་ཐོག རྒྱ་གཞུང་གིས་མིང་བཏགས་པའི་པཎ་ཆེན་གྱིས་བཤད་དོན། ངས་ཚང་མས་ང་ལ་བཅངས་པའི་ཡིད་ཆེས་དེ་སྟོང་ཟད་དུ་རྩ་བ་ནས་མི་གཏོང་བ་དང་། མེས་རྒྱལ་གྱི་གཅིག་གྱུར་དང་། མི་རིགས་ཀྱི་མཐུན་སྒྲིལ། ནང་བསྟན་དར་སྤེལ། འཛམ་གླིང་ཞི་བདེ་བཅས་ཡོང་བར་རང་གི་ནུས་ཤུགས་ཡོད་རྒུ་འབུལ་རྒྱུ་ཡིན་ཞེས་དང་། ཆོས་དད་རང་དབང་ནི་ཏང་ཀྲུང་དབྱང་གི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་ཆོས་ལུགས་སྲིད་ཇུས་ཡིན་པས། ངེས་པར་དུ་སྲིད་ཇུས་ཡང་དག་པའི་ལམ་སྟོན་དུ་གྱུར་པའི་རྨང་གཞི་དེ་ནན་གྱིས་འཛིན་དགོས་ཞེས་དང།
མུ་མཐུད་བཤད་དོན། ཆབ་སྲིད་བསམ་བློའི་ཕྱོགས་ནས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་ཞུ་དགོས་ཤིང་། སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་དང་། རྒྱལ་གཅེས་ཁྲིམས་བརྩི་དང་། ཆོས་གཅེས་སྡོམ་སྲུང་བཅས་རྨང་གཞིར་བྱས་ཏེ། རིམ་བཞིན་ནང་བསྟན་ཕན་ཚུན་བརྗེ་རེས་བྱེད་རྒྱ་ཇེ་ཆེར་གཏོང་བ་དང་། ཧུར་ཐག་གིས་སྤྱི་ཚོགས་ཀྱི་དགེ་ཕན་བྱ་བཞག་ལ་ཞུགས་པ། འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་ང་ཚོ་ནང་བསྟན་ལས་རིགས་ལ་ཡོད་འོས་པའི་བྱེད་ནུས་འདོན་སྤེལ་བྱེད་དགོས་ཞེས་དང། སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་དགོན་སྡེའི་དོ་དམ་ལས་དོན་འཐུས་ཚང་དུ་གཏོང་དགོས་པ་དང་། དམངས་གཙོའི་དོ་དམ་དང་ལམ་ལུགས་འཛུགས་སྐྲུན། རིག་དངོས་སྲུང་སྐྱོབ། དཔལ་འབྱོར་དོ་དམ་བཅས་ཀྱི་ཕྱོགས་ལ་ཅུང་འཐུས་ཚང་དང་དུས་རབས་དང་འཚམ་པའི་ཐབས་ལམ་ཞིག་འཚོལ་ཞིབ་བྱེད་དགོས་ཞེས་གཏམ་བཤད་བྱས་འདུག
ད་དུང་ཚོགས་འདུ་དེར་གདན་འདྲེན་བྱས་པའི་ཀྲུང་གོའི་ནང་བསྟན་ལས་རིགས་ཞེས་པའི་རྒྱའི་སྐད་ཡིག་སྡེ་ཁག་དང་བོད་ཀྱི་སྐད་ཡིག་སྡེ་ཁག པ་ལིའི་སྐད་ཡིག་སྡེ་ཁག་བཅས་ཀྱི་འཐུས་མི་༦༠༠ ལྷག་གྲོས་ཚོགས་སུ་ཞུགས་པ་དེ་དག་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར༣༡ ནས་ཡོང་བ་ཡིན་ཞིང་།   དེའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་འཐུས་མི༡༤༣ ཡོད་པ་དང་།   བུད་མེད་ཀྱི་འཐུས་མི༥༧ ཡོད་ཚུལ་བོད་ལྗོངས་ཆ་འཕྲིན་ལྟེ་གནས་དྲ་བས་གནས་ཚུལ་སྤེལ་འདུག
རྒྱ་གཞུང་གིས་སྔར་ནས་ད་བར་བོད་པའི་མི་ཆེན་དང་བླ་ཆེན་མང་པོར་གོ་ས་མཐོ་བའི་མིང་སྐམ་པོ་ཞིག་བཏགས་ནས། བེད་སྤྱོད་རབ་དང་རིམ་པར་བཏང་ཡོད་ལ། མུ་མཐུད་པཎ་ཆེན་རྫུན་མ་ལ་གོ་གནས་མཐོ་བའི་མིང་སྐམ་པོ་ཞིག་བཏགས་ནས་བོད་མི་རིགས་ཀྱི་བསམ་བློ་ལོག་པར་འཁྲིད་པའི་གོམ་པ་གསར་པ་ཞིག་སྤོས་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོས་བརྟག་དཔྱད་རིམ་པར་གནང་ནས་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཕྲུ་གུའི་དུས་ནས་རྒྱ་གཞུང་གིས་བཙོན་དུ་བཅུག་ནས་ད་སྐབས་འདས་གསོན་གང་ཡིན་ཧ་མི་གོ་བའི་གནས་སུ་བསྐྱལ་ཡོད་པ་འདིས། བོད་མི་རིགས་ཀྱི་སྙིང་ལ་ནམ་ཡང་འཇགས་ཐབས་མེད་པའི་ན་ཟུག་ཅིག་བསྐྲུན་ཡོད་པས། པཎ་ཆེན་རྫུན་མར་གོ་གནས་དང་མཐོང་ཆེན་ཇི་ལྟར་བྱས་ཀྱང། བོད་མི་རྣམས་ཀྱིས་སྙིང་ཁོངས་རུས་པའི་གཏིང་ནས་ཁས་ལེན་བྱེད་ཐབས་མེད་པ་ཞིག་ཆགས་ཚར་བ་རྒྱ་གཞུང་གིས་ཤེས་དགོས་པར་གྱུར་ཡོད།།

images/stories/penchen zunma-2.jpg
མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༢, ༣' )  
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

པར་རིས་གསར་པ།

50thdemocracyatsouth-1
བོད་གཞུང་མང་ཡོངས་ཀྱི་སྐུ་ཚབ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ནས་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བ།

གསར་བསྡུས་ཁག

༼གླ་ཡོད།༽

མོན་གྷོ་རུ་མང་གཙོའི་དུས་དྲན།

ཟླ་འདིའི་ཚེས་༢ ཉིན་བཙན་བྱོལ་བོད་གཞུང་གི་མང་གཙོའི་གཞུང་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་མི་མང་ཚོགས་ཁང་དུ་འཚོགས་ཡོད་པ་དང།


བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལམ་ལུགས་དེ་རྒྱ་གར་གྱི་གྲོས་ཚོགས་གོང་མས་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་སྨན་བཅོས་ལམ་ལུགས་གྲས་སུ་འཇོག་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།

མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་བཀའ་ཤག་གི་གསུང་བཤད།
མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་སྤྱི་འཐུས་ཀྱི་གསུང་བཤད།


འཆར་གཞི་གཅིག་དང་མཇུག་འབྲས་གཉིས།

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་པོ་དེ་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༢༦ ནས་༣༡ བར་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་འཚོགས་ཡོད་པ་དང་།


དགེ་ལུགས་སྤྱི་འཐུས་ངོས་སྦྱོར།

tongsartenzinpaldenའབྲས་སྤུངས་ཏྲེ་ཧོར་འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན་མཆོག་ནི། ཕྱི་ལོ་ ༡༩༧༠ ལོར་འབྲུག་ཡུལ་དུ་ཡབ་ངག་དབང་དང༌། ཡུམ་ལྷ་དབང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ༼གླ་ཡོད།༽


དྭངས་བླངས་སྤྱི་འཐུས།

lobsangchuthueབལ་ཡུལ་དུ་གནས་སྡོད་བློ་བཟང་དོན་གྲུབ་ལགས་ཀྱིས། ཁོང་སྤྱི་འཐུས་འོས་འདེམས་ནང་དྭངས་བླངས་ཀྱིས་ཞུགས་རྒྱུ་ཡིན་མི་མང་གིས་འོས་བླུགས་རོགས་ཞེས་ཁྱབ་བསྒྲགས་བྱུས་འདུག ༼གླ་ཡོད།༽

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow