The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

རྒྱལ་དར་བསྒྲེངས་འཛུགས།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
བོད་ལྕགས་སྟག་ལོའི་ལོ་གསར་ཚེ་༡ ཉིན་གྱི་ཞོགས་པ་དཀར་མཛེས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཁེས་སྐོར་ཤང་ཐོག་ཏུ་ཨར་འདམ་གྱི་གློག་སྡོང་རིང་པོ་ཞིག་གི་རྩེར་བོད་ཀྱི་རྒྱལ་དར་ཞིག་བསྒྲེངས་ཡོད་འདུག་པ་དང། སྐབས་དེར་རྒྱ་ནག་གཞུང་གི་ཉེན་རྟོག་པ་ཡོང་ནས་རྒྱལ་དར་མར་འབེབས་གྲབས་བྱེད་སྐབས། ས་གནས་དེའི་ཚེ་ཤུལ་སྡེ་བ་ནས་ཡིན་པ་རིན་ཆེན་རྡོ་རྗེ་དང། འབྲུག་ལོ་ཟེར་བའི་བོད་པ་གཞོན་སྐྱེས་གཉིས་ཀྱིས་རྒྱལ་དར་དེ་བོད་ཀྱི་རྒྱལ་དར་ཡིན་པས། མར་ཕབ་མི་ཆོག་ཅེས་བརྗོད་དེ། ཉེན་རྟོག་པ་དང་ཁོང་ཚོའི་བར་འཁྲུག་འཛིང་ཡང་ཤོར་ཡོད་འདུག དེ་ནས་ཉེན་རྟོག་པ་གཉིས་ཕྱིར་ལོག་པ་ལས་རྒྱལ་དར་ཕབ་ཐུབ་མེད་ནའང། ཅུང་ཙམ་གྱི་རྗེས་སུ་ཉེན་རྟོག་པ་ཁག་ཅིག་དང་དམག་མི་སླེབས་ཏེ། གཞོན་སྐྱེས་དེ་གཉིས་འཛིན་བཟུང་བྱེད་དུ་ཡོང་སྐབས། ཁོང་གཉིས་བྲོས་བྱོལ་དུ་ཕྱིན་ཡོད་འདུག གཞུང་གིས་ལས་ཁུངས་ནས་ས་གནས་ཁག་ལ་ཁོང་གཉིས་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་བཀྲམ་ཡོད་འདུག།།
 
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow