བོད་ཀྱི་བང་ཆེན། གསར་འགྱུར། བོད་ནང་གི་གསར་འགྱུར། མདོ་སྨད་རྨ་ཆུར་བོད་དོན་ལས་འགུལ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

མདོ་སྨད་རྨ་ཆུར་བོད་དོན་ལས་འགུལ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཟླ་འདིའི་ཚེས་༡༤ ནིན་གྱི་ཕྱི་དྲོ་མདོ་སྨད་རྨ་ཆུ་རྫོང་ཐོག་ཏུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་གནས་ཚུལ་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་འདིའི་ཚེས་༡༤ ཉིན་གྱི་ཕྱི་དྲོ་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློ་མ་༡༥ ལྷག་དང། མི་མང་བརྒྱ་ཕྲག་མང་པོས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ང་ཚོ་ལ་རང་བཙན་དགོས། རྒྱ་མི་བོད་ནས་མཐར་སྐྲོད་བྱོས་ཞེས་འབོད་ཚིག་སྒྲོག་བཞིན་རྨ་ཆུ་རྫོང་ལ་བསྐོར་བ་བརྒྱབས་ཏེ་སྐད་འབོད་བྱས་འདུག རྗེས་སུ་དམག་མི་འབོར་ཆེན་སླེབས་སྐབས་མི་མང་ཡོངས་རྫོགས་རང་སར་བྲོས་པར་བརྟེན། འཛིན་བཟུང་གི་གནས་ཚུལ་ཅི་ཡང་བྱུང་མེད་ཚོད་འདུག
འདི་ལོ་གསུམ་བཅུའི་དུས་དྲན་ཐེངས་༥༡ པའི་ཡར་སྔོན་ནས་བཟུང་རྒྱ་གཞུང་གི་འབྲེལ་ཡོད་མི་སྣས་རྨ་ཆུ་རྫོང་སློབ་འབྲིང་ལ་དམ་དྲག་བྱས་ཏེ་སློབ་མ་གཅིག་ཀྱང་ཕྱིར་མ་བཏང་སྟབས། ཚེས་༡༤ ཉིན་སློབ་མ་ཁག་ཅིག་ཕྱིར་ཤོར་ངོ་རྒོལ་ལས་འགུལ་སྣེ་ཁྲིད་བྱས་ཡོད་འདུག འདི་ལོའི་ཕྱི་ཟླ་༡  པོའི་ཚེས་༡༡ ཉིན་རྨ་ཆུ་རྫོང་བོད་སློབ་འབྲིང་གིས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་རང་བཞིན་གྱི་ཚོགས་འདུ་བསྐོང་འཆར་བྱས་པར། རྒྱ་གཞུང་གིས་ཚོགས་འདུར་བཀག་འགོག་བྱས་ཡོད་པར་མ་ཟད། སྐབས་དེར་བོད་པ་ཤེས་ཡོན་ཅན་ཁག་ཅིག་ཀྱང་གདན་འདྲེན་ཞུས་ཡོད་པ་རེད། སྐབས་དེར་རྨ་ཆུ་རྫོང་སློབ་འབྲིང་དང་བོད་རིགས་སློབ་ཆུང་གཉིས་སྒོ་གུང་སེང་སྔ་འདོན་གྱི་མིང་ཐོག་ནས་སྒོ་རྒྱག་དགོས་བྱུང་ཡོད་པ་རེད།།
མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༣, ༡༥' )  
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow