བོད་ཀྱི་བང་ཆེན། གསར་འགྱུར། བོད་ནང་གི་གསར་འགྱུར། མདོ་སྨད་རྔ་པར་ཆོས་བྱེད་མི་སྣ་བཀག་ཉར།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

མདོ་སྨད་རྔ་པར་ཆོས་བྱེད་མི་སྣ་བཀག་ཉར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
མདོ་སྨད་རྔ་པ་ས་གནས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང། ཉེ་བའི་ཆར་ནས་དམིགས་སུ་བཀར་ཏེ་ཆོས་བྱེད་མི་སྣ་བཀག་ཉར་དང། དགོན་སྡེ་ཁག་ཏུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག་ 
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ནས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༡༣ ཉིན་གནས་ཚུལ་གོ་གསལ་ལ་ཟླ་དེའི་ཚེས་༡༠ ཉིན་ཨ་མདོ་རྔ་པ་རྫོང་ཁྲིན་ཀྭན་གྱི་ཤར་ཁ་ཆོས་གྲགས་ཀྱི་བུ་ཤེས་རབ་རྒྱ་མཚོ་སོགས་མི་དྲུག་ཡས་མས་ཤིག་གིས་རྔ་པ་ཀིརྟིའི་དགོན་པར་རྐྱང་ཕྱག་འཚལ་ནས་སྐོར་བ་བྱས་ཡོད་ཅིང༌། ཉིན་དེར་ཁོང་རྣམས་རྔ་པའི་ཉེན་རྟོག་ཁང་གིས་བཀག་ཉར་བྱས་ཡོད་འདུག དེ་སྔོན་བོད་ཀྱི་ལོ་གསར་ཚེས་༡ ཉིན་ཤེས་རབ་རྒྱ་མཚོ་སོགས་མི་བཅུ་གཉིས་ཀྱིས་རྔ་པ་ཀིརྟིའི་དགོན་པར་རྐྱང་ཕྱག་འཚལ་ནས་སྐོར་བ་བྱས་པ་དང། ཕྱི་ཟླ་༣ ཚེས་ ༧ ཡས་མས་ཤིག་ནས་རྔ་པ་རྫོང་དང་ཐག་ཉེ་རིང་གི་དགོན་པ་ཁག་དང༌། རྫོང་ཐོག་གི་ཁྲོམ་གཞུང་སོགས་ལ་སྔར་ལས་ལྷག་པའི་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག་ལ། མེ་མདའ་ཁུར་ཡོད་པའི་དམག་མི་དང་ཉེན་རྟོག་པ་མང་པོས་ལམ་གྱི་བཞི་མདོ་ཁག་དང་སྲང་བར་སོགས་ནས་མི་མང་རྣམས་ལ་གང་བྱུང་གིས་སྔོག་བཤེར་བྱེད་ཀྱིན་ཡོད་པར་མ་ཟད། ཁྲོམ་ལ་འགྲོ་བར་ངེས་པར་ཐོབ་ཐང་ལག་ཁྱེར་དགོས་པ་དང༌། དྲ་ཁང་ཁག་ཏུ་དེ་བས་ཀྱང་དམ་དྲག་ཆེ་བ་བྱས་ཡོད་འདུག། ཟླ་འདིའི་ཚེས་༡༢ ནས་ཉེ་འཁོར་གྱི་དགོན་པ་ཁག་གི་དགེ་འདུན་པ་རྣམས་དགོན་པ་རང་གི་ཕྱི་ནང་དུ་འགྲིལ་བཞུད་བྱེད་པ་ཡང་བཀག་སྡོམ་བྱས་ཏེ་ད་ཆ་དགོན་པའི་ཕྱི་ལ་འགྲོ་བ་དང༌།ཕྱི་ནས་ནང་ལ་འགྲོ་བར་དཀའ་ཁག་ཆེན་པོ་ཡོད་འདུག        ཡང་རྒྱུན་ལྡན་དུ་མངོན་གསལ་མ་ཡིན་པའི་སྒོ་ནས་དམག་ཆས་མ་གྱོན་པའི་དམག་མི་དང་ཉེན་རྟོག་པ་མང་པོས་ཁྲོམ་བར་དང༌། རྫོང་གི་ཉེ་འཁོར་གྱི་དགོན་གྲོང་ཚོར་སྐོར་གཡེང་བྱེད་བཞིན་ཡོད་འདུག་ཅེས་འཁོད་འདུག །
མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༣, ༡༥' )  
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow