བོད་ཀྱི་བང་ཆེན། གསར་འགྱུར། བོད་ནང་གི་གསར་འགྱུར། ཀྲུའུ་ཝེ་ཆོན་དང་གངས་ཅན་བླ་མ་གཉིས་ཐུག་འཕྲད་བྱས་པ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

ཀྲུའུ་ཝེ་ཆོན་དང་གངས་ཅན་བླ་མ་གཉིས་ཐུག་འཕྲད་བྱས་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

zhuwiqoinand gangchenlama11ཟླ་འདིའི་ཚེས་༡༥ ཉིན་བོད་རང་སྐྱོང་ལྗོངས་ཞེས་པའི་ཁོངས་གཏོགས་གཞིས་ཀ་རྩེ་གྲོང་ཁྱེར་དུ་ལས་དོན་ཆེད་ལྟ་སྐོར་དུ་སྐྱོད་བཞིན་པའི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་གཙོ་འཛིན་གཞོན་པ་ཀྲུའུ་ཝེ་ཆུན་དང། གངས་ཅན་བླ་མ་གཉིས་ཐུག་འཕྲད་དང་ལྗོན་ཤིང་འདེབས་འཛུགས་བྱས་འདུག


zhuwiqoinand gangchenlamaཟླ་འདིའི་ཚེས་༢༠ ཉིན་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཞེས་པའི་དྲ་བ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཀྲུའུ་ཝེ་ཆོན་ས་སྐྱ་རྫོང་ཁོངས་ཀྱི་ས་སྐྱ་དགོན་དུ་ཡོང་ཞིང་། རྒྱ་གཞུང་གི་ཆོས་ལུགས་ལས་ཁུངས་ཀྱི་གཙོ་འཛིན་ཝང་ཙུའོ་ཨན་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་འཐུས་མི་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ཀརྨ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས་བཅས་ཀྱི་འགྲོ་རོགས་འོག་ས་སྐྱ་དགོན་དུ་སླེབས་ཤིང། རྒྱ་ནག་གི་ས་ཆ་གང་སར་འཚམས་འདྲིར་སྐྱོད་བཞིན་པའི་རྒྱལ་ཁོངས་ཨི་ཊ་ལིར་གཏོགས་པའི་བོད་རིགས་སྤུན་ཟླ་གངས་རྒྱན་སྤྲུལ་སྐུ་དང་གངས་རྒྱན་དགོན་པའི་དགེ་འདུན་པ་རྣམས་ཀྱིས་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་འདུག

མཛད་སྒོ་དེའི་ཐོག་ཏུ་གངས་རྒྱན་སྤྲུལ་སྐུ་ཡིས་ཀྲུའུ་ཝེ་ཆུན་སོགས་ལ་དྲི་མེད་ཀྱི་ལྷ་རྫས་ལེགས་སྐྱེས་སུ་ཕུལ་བ་རེད། གངས་རྒྱན་དགོན་པའི་འདུ་ཁང་གི་མདུན་རིའི་ལྡེབས་ངོས་སུ་ཀྲུའུ་ཝེ་ཆུན་དང་གངས་རྒྱན་སྤྲུལ་སྐུ་སོགས་ཀྱིས་ཐུན་མོང་གིས་གསོམ་སྡོང་གཉིས་འདེབས་འཛུགས་བྱས་ཤིང་། གསོམ་སྡོང་གཅིག་གིས་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཡར་རྒྱས་གོང་འཕེལ་མཚོན་པ་དང་། ཡང་གསོམ་སྡོང་གཅིག་གིས་སངས་རྒྱས་བསྟན་པ་དར་ཞིང་རྒྱས་ལ་དགེ་མཚན་ཕྱོགས་བཅུར་རྒྱས་པའི་རྟེན་འབྲེལ་མཚོན་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག །

མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༨, ༢༠' )  

བསམ་ཚུལ།  

 
+2 #7 བོད་པ་ ༢༠༡༠-༠༨-༢༤ ༡༧:༣༣
གལ་སྲིད་བླ་མ་གང ས་ཅན་ལ་བཀའ་ཁྲིའ ི་འོས་ཐོབ་ཚེ་ བོད་རྒྱ་ཞི་མོལ་ ལ་ཕན་པ་ཡག་པོ་ཡོ ང་སྲིད་ལ་ གོང་ས་མཆོག་ཀྱང་ མགྱོགས་མྱུར་བོད ་ལ་ཕེབས་ངེས་རེད །།།
ཧཧཧཧཧཧཧཧཧཧཧཧཧཧ
Quote
 
 
+2 #6 thupten gyaltsen ༢༠༡༠-༠༨-༢༣ ༡༤:༥༥
དབུས་གཙང་ཆོལ་ཁ་ ལ་དགོས་པའི་བཀའ་ ཁྲི་འོས་མིག་གངས ་ཅན་བླ་མ་ཁོ་ན་ལ ་བབ་འདུག་ཅི་སྟེ ་གངས་ཅན་སྤྲུལ་ས ྐུ་བཀའ་བློན་ཁྲི ་པའི་ལས་འགན་རག་ ཚེ་ཁོང་གི་ལས་རོ གས་སུ་བཀའ་བློན་ སྤྱི་རྒྱུ་སྒེ་བ དག་གནང་མཁན་ཟླ་བ ་ཚེ་རིང་དང་པདྨ་ འབྱུང་གནས་གཉིས་ བསྐོས་དགོས་ངེས་ ལྟ་བུ་མཐོང་།
Quote
 
 
+2 #5 thupten gyaltsen ༢༠༡༠-༠༨-༢༣ ༡༤:༥༥
དབུས་གཙང་ཆོལ་ཁ་ ལ་དགོས་པའི་བཀའ་ ཁྲི་འོས་མིག་གངས ་ཅན་བླ་མ་ཁོ་ན་ལ ་བབ་འདུག་ཅི་སྟེ ་གངས་ཅན་སྤྲུལ་ས ྐུ་བཀའ་བློན་ཁྲི ་པའི་ལས་འགན་རག་ ཚེ་ཁོང་གི་ལས་རོ གས་སུ་བཀའ་བློན་ སྤྱི་རྒྱུ་སྒེ་བ དག་གནང་མཁན་ཟླ་བ ་ཚེ་རིང་དང་པདྨ་ འབྱུང་གནས་གཉིས་ བསྐོས་དགོས་ངེས་ ལྟ་བུ་མཐོང་།
Quote
 
 
+1 #4 yak ༢༠༡༠-༠༨-༢༢ ༠༦:༣༣
ད་ཡིན་ན་དབུས་གཙ ང་ལ་རང་བཙན་གི་ལ ྟ་བ་མེད་མཁན་བཀའ ་བློན་ཁྲི་པའི་འ ོས་མི་ཞིག་རྙེད་ སོང་ གངས་ཅན་བླ་མ་བཀའ ་ཁྲི་བདམས་ན་བོད ་རྒྱ་ཞི་མོལ་ལ་ཡ ང་ཡག་པོ་ཆགས་གི
Quote
 
 
-1 #3 yak ༢༠༡༠-༠༨-༢༢ ༠༦:༢༡
ཁྱེད་སྐུ་ཚེ་བསྟ
Quote
 
 
-2 #2 ནུབ་ཁའི་ཉི་གཞོན། ༢༠༡༠-༠༨-༢༡ ༠༩:༥༤
གངས་ཅན་སྤྲུལ་སྐ ུ་ཟེར་བ་དེ་གོང་ གི་གསར་འགྱུར་ནང ་དུ་ཡོད་པ་བཞིན། རྒྱ་གཞུང་གིས་གས ར་འགྱུར་གྱི་ནང་ དུ་དེ་ལྟར་བྲིས་ འདུག འོན་ཀྱང་ཡོངས་གྲ གས་སུ་གངས་ཅན་བླ ་མ་ཟེར་གྱི་ཡོད་ པ་རེད། ཁོ་ནི་དོལ་རྒྱལ་ ཚོགས་པའི་གཏེ་བོ ་གཅིག་རེད། དོལ་རྒྱལ་ཚོགས་པ ་ད་སྐབས་རྒྱ་ནག་ གི་ལག་ཆ་ཞིག་ཏུ་ གྱུར་པ་དེ་གོང་ག ི་གསར་འགྱུར་དེ་ ལས་གསལ་པོ་ཤེས་ཀ ྱི་རེད།
Quote
 
 
-3 #1 ཧོར་བུ་ཡེ་ཤེས ༢༠༡༠-༠༨-༢༠ ༡༧:༢༠
དོན་དངོས་གངས་ཅན ་བླ་མ་རེད་དམ་གང ས་རྒྱན་སྤྲུལ་སྐ ུ་རེད།དེ་ཡང་མ་ཟ ད་གངས་ཅན་བླ་མ་ཟ ེར་བ་དེ་ན་བཙན་བ ྱོལ་ནས་ཕར་ལོག་འ གྲོ་མཁན་དེ་མ་རེ ད་དམ།
Quote
 

མཆན་སྣོན།


ཉེན་སྲུང་ཨང་རྟགས།
བསྐྱར་སོས།

  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow