བོད་ཀྱི་བང་ཆེན། གསར་འགྱུར། བོད་ནང་གི་གསར་འགྱུར། རྩོམ་པ་པོ་སྒྱིས་ཚང་སྟག་སྨྲིག་འཇུ་བཟུང་བྱས་འདུག

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

རྩོམ་པ་པོ་སྒྱིས་ཚང་སྟག་སྨྲིག་འཇུ་བཟུང་བྱས་འདུག

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

kelsangtsultrimའདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ལོ་འདིའི་ཕྱི་ཟླ་༧ པའི་ཚེས་༧ གྱི་དགོང་མོ་རྩོམ་པ་པོ་སྟག་སྨྲིག་གམ་མིང་དངོས་ལ་སྐལ་བཟང་ཚུལ་ཁྲིམས་ཞེས་པ་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་མཛོད་དགེ་རྫོང་ཐོག་ཏུ་རྫོང་དེའི་ཉེན་རྟོག་པ་དང། ཀན་ལྷོ་ཁུལ་གྱི་ཉེན་རྟོག་མི་སྣ་ཟླ་སྒྲིལ་གྱིས་འཇུ་བཟུང་བྱས་ནས་གཙོད་སྤྱི་བདེ་ལས་ཁུངས་སུ་ཁྲིད་ཡོད་པ་དང། དེ་རྗེས་ནང་མི་དང་ཉེ་འབྲེལ་རྣམས་ཀྱིས་བརྩད་གཅོད་གང་མང་བྱས་ཀྱང་རྒྱ་གཞུང་གིས་གནས་ཚུལ་གང་ཡང་འགྲེལ་བཤད་བརྒྱབ་མེད།



ཚོད་དཔག་བྱས་པ་ལྟར་ན། ཁོང་གིས་བྲིས་པའི་《མི་ཡུལ་ལ་ཕུལ་བའི་སེམས་པ》 ཞེས་པའི་དཔེ་དེབ་དང་འབྲེལ་བ་ཡོད་པ་ཞིག་དང། དེ་བཞིན་《བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུའི་འོད་སྡེར》 གྲངས་༢༥༠༠ ལྷག་ཞིང་ཆེན་གསུམ་གྱི་ནང་ལ་འགྲེམས་སྤེལ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང། ཁོང་གིས་སྙན་ཞུའི་འོད་སྡེར་བཏོན་ནས་ད་བར་ལོ་གཅིག་ཙམ་རིང་རི་ལ་བྲོས་བྱོལ་གྱིས་འཚོ་བ་བསྐྱལ་དགོས་བྱུང་ཡོད་པ་རེད།

ཁོང་ནི་ཕྱི་ལོ་༡༩༨༠ ལོར་མདོ་སྨད་བསང་ཆུ་རྫོང་སྒྱིས་ཚང་མང་དབང་ལུང་སྡེ་བའི་ཕ་བསམ་འཕེལ་དང། མ་སྐྱིད་རིས་གཉིས་ཀྱི་བུར་སྐྱེས་ཤིང། ལོ་དགུའི་སྟེང་ས་གནས་སློབ་གྲྭར་འགྲིམས་ནས་བོད་རྒྱ་གཉིས་ཀྱི་སྐད་ཡིག་ལ་སྦྱངས། རང་ལོ་༡༣ སྟེང་སྒྱིས་ཚང་དགའ་ལྡན་ཆོས་འཁོར་གླིང་དུ་ཆོས་སྒོར་ཞུགས། ༢༠༠༥ ལོ་བར་གྲྭ་ཚང་གི་འདོན་ཆོག་གིས་གཙོས་ཐ་སྙད་རིག་གནས་སོགས་ལ་སྦྱང་བརྩོན་བྱས། ལོ་དེར་རྒྱུགས་སྤྲོད་ཀྱི་ལམ་ནས་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ནང་བསྟན་སློབ་གླིང་དུ་ཞུགས་ཏེ་༢༠༠༩ ལོར་སློབ་མཐར་ཕྱིན་ཡོད་པ་རེད།

ཁོང་གིས་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་རྒྱལ་ཞེན་གྱི་ལྷག་བསམ་དང། ལྟ་བ་དང་རང་གཤིས། བསམ་བློའི་གོ་རྟོགས་སོགས་ལ་འདི་ནས་འགྲེལ་བཤད་མི་དགོས་པར་ཁོང་གི་འོད་སྡེར་དེ་སྔོན་ཁྱབ་སྤེལ་བྱས་པའི་ནང་གསལ་བ་བཞིན་ནོ།།

མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༨, ༢༣' )  

བསམ་ཚུལ།  

 
0 #1 ནུབ་ཁའི་ཉི་གཞོན། ༢༠༡༠-༠༨-༢༡ ༡༦:༥༢
སྙིང་རྗེ། སེམས་ཤུགས་ཅན་ཚོ ་འདི་ལྟར་རྩ་རྫོ གས་འགྲོ་ཉེན་འདུ ག མི་རབས་གསར་པ་ཚོ ས་སྙིང་ལ་རུས་པ་ བཅུག་ནས་འཐབ་རྩོ ད་མ་བྱས་ན། རྒྱ་སྤྲང་འདི་ཚོ ས་སྡོད་མི་བཅུག་ སེམས་ཐག་རེད།
Quote
 

མཆན་སྣོན།


ཉེན་སྲུང་ཨང་རྟགས།
བསྐྱར་སོས།

  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow