ཟླ་འདིའི་ཚེས་༡༨ ཉིན་རྒྱ་ནག་ཡུའུ་ནན་ཞིང་ཆེན་གྱི་ཁོངས་གཏོགས་ནུའུ་ཅང་ཁུལ་ཀུང་ཧྲན་རྫོང་དུ་ཆུ་ལོག་གི་གནོད་འཚེ་ཆེན་པོ་བྱུང་ནས་ཐོག་མའི་ཆར་མི་༦ ཤི་བ་དང། མི་༨༦ གར་སོང་མ་ཤེས་པ། མི་༣༩ ཙམ་རྨས་སྐྱོན་བྱུང་བ་དང། ཁྱིམ་ཚང་༡༠༢ གྱི་ཁང་ཁྱིམ་གཏོར་བཤིག་ཕྱིན་པ། དེ་བཞིན་མི་༢༨༩༥ ཙམ་ས་ཆ་གཞན་དུ་གནས་སྤོ་དགོས་བྱུང་བའི་གནས་ཚུལ་བྱུང་ཡོད་པ་རེད།
འོན་ཀྱང་ཟླ་འདིའི་ཚེས་༢༣ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ད་བར་མི་ཤི་བའི་གྲོངས་འབོར་༢༩ ལ་སླེབས་པ་དང། མི་༦༣ གར་སོང་མེད་པར་གྱུར་པ་དང། མུ་མཐུད་ཆར་པ་བབ་པར་བརྟེན་ཁུལ་དེའི་གཙང་པོ་ཆེར་རྒྱས་ནས་ཚེས་༢༢ ཉིན་ལམ་ཁ་ཆ་ཚང་འགག་ཡོད་འདུག ཐེངས་འདིའི་ཆུ་ལོག་གི་བྱུང་རྐྱེན་ནི་པུས་ལོ་གངས་རི་ནས་འབབ་པའི་རྒྱལ་མོ་རྔུལ་ཆུའི་ཡན་ལག་གི་ཡའོ་ཀུའུ་ཆུ་བོའི་དབུས་སྟོད་ལ་དྲག་ཆར་བབས་ཏེ་བྱུང་བ་ཡིན་པའི་གནས་ཚུལ་སྤེལ་ཡོད་རེད།།









