བོད་ཀྱི་བང་ཆེན། གསར་འགྱུར། བོད་ནང་གི་གསར་འགྱུར།

Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

བོད།

ཁྱིམ་བརྒྱུད་གཅིག་ནང་གི་འཛིན་བཟུང་བྱས་པའི་མི་སྣ་དྲུག་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཟླ་འདིའི་ཚེས་༥ ཉིན་ཀརྨ་བསམ་འགྲུབ་ཀྱི་སྲུ་མོའི་བུ་བཀྲ་ཤིས་སྟོབས། ད་སྐབས་ལྷ་སར་བོད་ཡིག་དགེ་རྒན་བྱེད་བཞིན་ཡོད་པ་དེ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད། ཁོང་ནི་ཀརྨ་བསམ་འགྲུབ་སོགས་ཀྱི་ཁྱིམ་ཚང་ནས་འཇུ་བཟུང་བྱས་པའི་མི་སྣ་དྲུག་པ་དེ་ཆགས་ཡོད་པ་རེད་འདུག  
མཐའ་མའི་བསྐྱར་བཅོས། ( གཟའ་སྤེན་པ།, ༡༠ ཕྱི་ཟླ་བདུན་པ། ༢༠༡༠ ༠༧:༡༥ )
 

ཆུ་ལོག་གི་གནོད་འཚེ་ལས་མི་༡༢ རྐྱེན་ལམ་དུ་ཤོར་བ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཟླ་འདིའི་ཚེས་༦ ཉིན་གྱི་དགོང་མོའི་དུས་ཚོད་༡༠ དང་སྐར་མ་༢༠ ཙམ་ལ། མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་སྟོང་སྐོར་རྫོང་དུ་དྲག་ཆར་བབས་ནས། རྫོང་དེའི་སི་ཀྲེད་དང་། ཉི་ཟླ། པོ་ཧང་། ཧི་ཕེན། ཏ་ཧྭ། པ་ཡན་སོགས་གྲོང་བརྡལ་དྲུག་ལ་ཆུ་ལོག་དང་སེར་བས་གནོད་འཚེ་ཐེབས་ཏེ། མི་༡༢ རྐྱེན་ལམ་དུ་ཤོར་བ་དང། མི་༡༡ ལ་རྨས་སྐྱོན་ཚབས་ཆེན་ཕོག་པ། མི་༣ གར་སོང་ཆ་མེད་གྱུར་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་པ་སངས།, ༠༩ ཕྱི་ཟླ་བདུན་པ། ༢༠༡༠ ༡༦:༡༧ )
 

རྒྱ་ནག་གི་རྩོམ་པ་པོའི་མཐུན་ཚོགས་སུ་བོད་མི་དྲུག་ཚུད་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ལོ་འདིའི་ཕྱི་ཟླ་༦ ཚེས་༢༣ ཉིན་རྒྱ་ནག་གི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་དུ་ཕྱི་ལོ་༢༠༡༠ ལོའི་རྒྱུ་ནག་གི་རྩོམ་པ་པོའི་མཐུན་ཚོགས་ནང་དུ་ཚོགས་མི་གསར་པ་༣༧༨ ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ཁྲོད་དུ་བོད་མི་༦ ཚུད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་པ་སངས།, ༠༩ ཕྱི་ཟླ་བདུན་པ། ༢༠༡༠ ༡༡:༣༠ )
 

སྡེ་དཔོན་བདུན་བཀག་ཉར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

འདི་ལོའི་ཕྱི་ཟླ་༦ ཚེས་ ༢༧ ཉིན་མདོ་སྨད་མཛོད་དགེ་རྫོང་མཐའ་མ་སྡེ་བའི་སྡེ་དཔོན་དང་ས་གནས་མི་མང་གི་འགོ་བ་སོགས་མི་སྣ་༧ ཙམ་རྫོང་ཉེན་རྟོག་མི་སྣས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, ༠༧ ཕྱི་ཟླ་བདུན་པ། ༢༠༡༠ ༡༠:༠༣ )
 

རིན་ཆེན་བསམ་འགྲུབ་ལ་ལོ་༥ ཡི་བཙོན་འཇུག

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

rinchensamdupཟླ་འདིའི་ཚེས་ཚེས་༣ ཉིན་ཁམས་ཆབ་མདོ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀརྨ་བསམ་འགྲུབ་ཀྱི་གཅེན་པོ་རིན་ཆེན་བསམ་འགྲུབ་ལ། རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་ཀ་བྱས་པ་ཟེར་བའི་ནག་ཉེས་བཙུགས་ཏེ་མི་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, ༠༧ ཕྱི་ཟླ་བདུན་པ། ༢༠༡༠ ༡༠:༠༣ )
 

སྡེ་དྲུག་སྐུ་འཕྲེང་ལྔ་པའི་ཡང་སྲིད་ཡིན་ཟེར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
dedrukreincarnationཟླ་འདིའི་ཚེས་༤ ཉིན་ལྷ་སའི་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་སྡེ་དྲུག་སྐུ་ཕྲེང་ལྔ་པའི་ཡང་སྲིད་ངོས་འཛིན་དང་སྐྲ་ཕུད་ལེན་པའི་མཛད་སྒོ་ཞེས་པ་འཚོགས་ཤིང།  མཛད་སྒོའི་ཐོག་རྒྱ་གཞུང་གིས་ངོས་བཟུང་བའི་པཎ་ཆེན་རྒྱལ་མཚན་ནོར་བུས་ གསེར་བུམ་དཀྲུགས་ནས་སྡེ་དྲུག་སྐུ་འཕྲེང་ལྔ་པའི་ཡང་སྲིད་ཅེས་པ་ངོས་འཛིན་བྱས་འདུག
མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, ༠༧ ཕྱི་ཟླ་བདུན་པ། ༢༠༡༠ ༡༠:༠༣ )
 

རིན་ཆེན་བསམ་འགྲུབ་ལ་ཁྲིམས་གཏུགས་བྱེད་གཏན་ཁེལ་བ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཟླ་སྔོན་མའི་ཚེས་༢༤ ཉིན་མི་ལོ་༡༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་གྲགས་ཅན་ཁོར་ཡུག་སྲུང་སྐྱོབ་པ་དང། གནའ་རྫས་གཅེས་ཉར་བ་ཚོང་པ་ཀརྨ་བསམ་འགྲུབ་ཀྱི་ཕུ་བོ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་རིན་ཆེན་བསམ་འགྲུབ་ལ་ཕྱི་ཟླ་༧ པའི་ཚེས་༣ ཉིན་ཁམས་ཆབ་མདོ་ས་ཁུལ་དུ་ཁྲིམས་གཏུགས་བྱེད་རྒྱུ་གཏན་ཁེལ་ཡོད་པ་རེད།
མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༠༥ ཕྱི་ཟླ་བདུན་པ། ༢༠༡༠ ༢༠:༠༤ )
 

ཇོ་མོ་གླང་མ་རིའི་བོད་རིག་པའི་ཞིབ་འཇུག་བྱ་དགའ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཉེ་བའི་ཆར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གོ་སྒྲིག་བྱས་པའི་སྐབས་གཉིས་པའི་ཇོ་མོ་གླང་མ་རིའི་བོད་རིག་པ་ཞིབ་འཇུག་ཆེས་མཐོའི་བྱ་དགའ་ཞེས་པ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཞིའི་ཞིབ་འཇུག་རྣམ་གྲངས་བཞི་ལ་བྱ་དགའ་ཐོབ་ཡོད་འདུག

མཐའ་མའི་བསྐྱར་བཅོས། ( གཟའ་སྤེན་པ།, ༠༣ ཕྱི་ཟླ་བདུན་པ། ༢༠༡༠ ༡༠:༡༡ )
 

ཀརྨ་བསམ་འགྲུབ་ཀྱི་བཟའ་ཟླའི་དགོས་འདུན།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཉེ་ཆར་རྒྱ་ནག་གཞུང་གིས་མི་ལོ་༡༥ བཙོན་འཇུག་ཁྲིམས་ཐག་བཅད་པའི་ཚོང་པ་གྲགས་ཅན་རེ་ཁེ་ཀརྨ་བསམ་འགྲུབ་ཀྱི་བཟའ་ཟླ་སྒྲོལ་དཀར་མཚོས། ཁོང་གི་བཟའ་ཟླར་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་དེར། ཞུ་གཏུགས་ཡི་གེ་ཞིག་ཡོངས་གྲགས་སུ་སྤེལ་ནས་རྒྱ་ནག་མཐོ་རིམ་མི་སྣར་དྲང་བདེན་གྱི་ཐག་གཅོད་ཡོང་བའི་རེ་འདུན་ཞུས་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, ༣༠ ཕྱི་ཟླ་དྲུག་པ། ༢༠༡༠ ༡༠:༢༩ )
 

ཀརྨ་བསམ་འགྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཀརྨ་བསམ་གྲུབ། ཕོ། བོད་རིགས།  ༡༩༦༨  ལོར་བོད་ལྗོངས་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་དུ་སྐྱེས། ༡༩༩༣ ལོར་བོད་ལྗོངས་ཆབ་མདོ་ས་ཁུལ་དུ་རོགས་དངུལ་བཏོན་ཏེ་ཟམ་པ་བཅུ་གྲངས་གསར་བསྐྲུན་བྱས་པ་མ་ཟད།  མ་དངུལ་བཏང་ནས་ས་ཆ་དེ་གའི་ད་ཡོད་ཀྱི་སློབ་ཆུང་གཅིག་པུ་འདི་གསར་བསྐྲུན་བྱས། ༡༩༩༧  ལོར་བོད་སྐྱོར་ཐེབས་རྩ་ཚོགས་པར་ཞུགས། ལོ་དེ་གར་བོད་སྐྱོར་ཐེབས་རྩ་ཚོགས་པའི་ཀོང་ཏུང་དོན་གཅོད་ཁང་བཙུགས། ༡༩༩༨ ལོར་བོད་ལྗོངས་ཆབ་མདོ་ས་ཁུལ་ས་གནས་ཞིང་པ་མང་ཚོགས་ལ་རོགས་དངུལ་བཏོན་ནས་སྨན་ཁང་བཙུགས།

མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, ༣༠ ཕྱི་ཟླ་དྲུག་པ། ༢༠༡༠ ༢༡:༠༦ )
 

སྟོད་མངའ་རིས་ནས་སྨར་ཁམས་ཀྱི་ཚོང་པ་ཁག་ཅིག་འཛིན་བཟུང།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

སྟོད་མངའ་རིས་ས་ཁུལ་དུ་ཚོང་ལས་གཉེར་བཞིན་ཡོད་པའི་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་གི་ཚོང་པ་ཁག་ཅིག་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང། ད་སྐབས་བཀག་ཉར་བྱས་ཡོད་པ་ཙམ་ལས་གཉེན་ཉེ་སོགས་དང་ཐུག་འཕྲད་བྱེད་བཅུག་མེད་པ་རེད་འདུག

མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༢༨ ཕྱི་ཟླ་དྲུག་པ། ༢༠༡༠ ༡༦:༢༩ )
 

ཀརྨ་བསམ་འགྲུབ་ལ་མི་ལོ་༡༥ བཙོན་འཇུག་ཁྲིམས་ཐག་བཅད་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

karmasamdupwifeཟླ་འདིའི་ཚེས་༢༥ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལོ་འདིའི་ཕྱི་ཟླ་༡ པོའི་ནང་འཇུ་བཟུང་བྱས་པའི་བོད་ཀྱི་གནའ་རྫག་བདག་ཉར་བྱེད་མཁན་དང། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ། དུས་རྒྱུན་ཚོང་ལས་གཉེར་མཁན་གྱི་ཚོང་པ་ཀརྨ་བསམ་འགྲུབ་ལ་ཁ་སང་ཚེས་༢༤ གཟའ་ཕུར་བུ་ཉིན་མི་ལོ་༡༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༢༨ ཕྱི་ཟླ་དྲུག་པ། ༢༠༡༠ ༡༦:༢༩ )
 

《ཕ་ཡུལ་སྡེ་དགེ་》 ཞེས་པའི་གཏམ་རྒྱུད་བརྙན་འཕྲིན།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཟླ་འདིའི་ཚེས་༧ ཉིན་བོད་ཀྱི་བརྙན་འཕྲིན་པར་རྒྱག་མཁན་སྐད་གྲགས་ཅན་དང་། འཁྲབ་ཁྲིད་པ་རྡོ་རྗེ་ཕུན་ཚོགས་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གཏམ་རྒྱུད་བརྙན་འཕྲིན་《ཕ་ཡུལ་སྡེ་དགེ》 ཞེས་པ་དཀར་མཛེས་ས་ཁུལ་སྡེ་དགེ་རྫོང་གི་སྡེ་དགེ་པར་ཁང་གི་མདུན་པར་ལེན་བྱེད་འགོ་རྩོམ་པའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་ཕུར་བུ།, ༢༤ ཕྱི་ཟླ་དྲུག་པ། ༢༠༡༠ ༡༥:༡༡ )
 

རྣམ་གླིང་རྫོང་དུ་བོད་མི་༥༠ ལྷག་འཛིན་བཟུང།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཕྱི་ཟླ་༥ པའི་ཚེས་༢༡ ཉིན་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས། གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་དུ་བོད་མི་མང་པོ་ཞིག་ས་གནས་རྒྱ་ནག་གཞུང་གི་ལས་ཁུངས་མདུན་དུ་འདུ་འཛོམས་བྱས་ནས། ས་ཁུལ་དེར་རྒྱ་ནག་གཞུང་གི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་འདུན་ཞུས་སྐབས།
མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, ༢༣ ཕྱི་ཟླ་དྲུག་པ། ༢༠༡༠ ༡༡:༥༢ )
 

ཀརྨ་བསམ་འགྲུབ་ལ་ཉེས་རྡུང་ཚབས་ཆེན་བཏང་བ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལོ་འདིའི་ཕྱི་ཟླ་༡ པོའི་ཚེས་༡༠ ཉིན་འཛིན་བཟུང་བྱས་པའི་བོད་མི་ཚོང་པ་དང། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་ཀརྨ་བསམ་འགྲུབ་ཟླ་འདིའི་ཚེས་༢༢ ཉིན་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ཡན་ཆིང་རྫོང་དུ་ཁྲིམས་བཤེར་སྐབས་ཉེས་རྡུང་དྲག་པོ་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་པ་སངས།, ༢༥ ཕྱི་ཟླ་དྲུག་པ། ༢༠༡༠ ༡༠:༣༡ )
 

སྲུང་སྐྱོང་ལྔ་ཡི་དར་ཆ་མཐོན་པོར་སྒྲེང་དགོས་ཟེར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

zhangqingliཟླ་འདིའི་ཚེས་༢༢ ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཕྱོགས་དྲུང་ཆེ་ཀྲང་ཆི་ལི་ཡིས་རྩོམ་ཡིག་རིང་པོ་ཞིག་བྲིས་པའི་ནང་སྲུང་སྐྱོང་ལྔ་ཡི་དར་ཆ་མཐོན་པོར་བསྒྲེངས་ཏེ་དར་ཆ་གསལ་སྟོན་དང། མདུང་རྩེ་ཁ་སྤྲོད། སྔོན་བྱུས་ཡག་པོ་འདིང་བ་དང་རང་འགུལ་དམག་འཐབ་ཡག་པོ་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་མིག་དམར།, ༢༢ ཕྱི་ཟླ་དྲུག་པ། ༢༠༡༠ ༡༧:༣༩ )
 

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཛ་དྲག་གནས་སྟངས།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྔ་གཞུག་གྱི་གནས་སྟངས་སེར་སྨད་བློ་དགའ་ཡིས་ཕྱོགས་བསྒྲིགས་བྱས།
འདི་ལོའི་ཕྱི་ཟླ་༤ པའི་ཚེས་༢༧ ཉིན། ཞོགས་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོ་བསོད་ནམས་བདེ་སྐྱིད་དང་སྒྲོན་དཀར་གཉིས་ལི་ཐང་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་འགོ་ཁྲིད་དང་ཁྲིམས་འཛིན་ཚན་པའི་འགོ་ཁྲིད་གཉིས་ཀྱིས་གློ་བུར་དུ་སྤྲུལ་སྐུར་ཐུག་འཕྲད་བྱེད་ཆོག་ཟེར་ནས།

མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, ༢༣ ཕྱི་ཟླ་དྲུག་པ། ༢༠༡༠ ༡༦:༤༠ )
 

བསམ་འགྲུབ་རྒྱ་མཚོར་མནར་གཅོད་བཏང་འདུག

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༥ ཚེས་༡ ཉིན་ལྷ་སར་འཛིན་བཟུང་བྱས་པའི་བསམ་འགྲུབ་རྒྱ་མཚོ་ལགས་སུ་ཉེས་རྡུང་དྲག་པོ་བཏང་སྟེ། གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་འདུག ཁོང་གིས་ལྷ་སར་བོད་དོན་སྐད་འབོད་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པར་བརྟེན་འཛིན་བཟུང་བྱས་པ་ཞིག་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༢༡ ཕྱི་ཟླ་དྲུག་པ། ༢༠༡༠ ༡༠:༢༨ )
 

རྒྱལ་མཚན་ནོར་བུས་ཆོས་གནང་བ་ཐོག་མ་ཡིན་ཟེར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
fakepenchenatshikatseཟླ་འདིའི་ཚེས་༡༤ དང་༡༥ ཉིན། རྒྱ་ནག་གཞུང་གིས་པཎ་རིན་པོ་ཆེའི་ཁྲི་ལ་བཀོད་པའི་རྒྱལ་མཚན་ནོར་བུས་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཡོད་པའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པར་དགེ་འདུན་པ་དང། གཞན་མི་སྐྱ་མང་པོ་ཞིག་ལ་གསུང་ཆོས་གནང་འདུག
མཐའ་མའི་བསྐྱར་བཅོས། ( གཟའ་ཕུར་བུ།, ༡༧ ཕྱི་ཟླ་དྲུག་པ། ༢༠༡༠ ༡༦:༠༨ )
 

ཁམས་དར་རྩེ་མདོར་རི་ཉིལ་ནས་མི་༡༧ བསད་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༥ ཉིན་གྱི་ཞོགས་པ་ད་ལྟའི་ཆར་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོར་རི་ཉིལ་བའི་རྐྱེན་གྱིས་ཉུང་མཐར་མི་གྲངས་༡༧ འདས་གྲོངས་སུ་ཕྱིན་པ་དང། མི་༧ ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད།
མཐའ་མའི་བསྐྱར་བཅོས། ( གཟའ་ཕུར་བུ།, ༡༧ ཕྱི་ཟླ་དྲུག་པ། ༢༠༡༠ ༡༦:༤༨ )
 

ཀརྨ་བསམ་འགྲུབ་གློད་གྲོལ་གཏོང་དགོས།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

karmasamdup_1གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཁམས་འཇོ་མདའ་ནས་ཡིན་པ་རང་ལོ་༤༠ སོན་པའི་ཚོང་པ་ཀརྨ་བསམ་འགྲུབ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དེར། ཨ་རིར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པས་རྒྱ་གཞུང་གིས་ཀརྨ་བསམ་འགྲུབ་ཀྱི་གྱོད་གཞིའི་ཐད་ཁྲིམས་ལུགས་ཀྱི་རྩ་འཛིན་ཁག་ལ་བརྩི་འཇོག་བྱས་མེད་སྐོར་དང།

མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, ༡༦ ཕྱི་ཟླ་དྲུག་པ། ༢༠༡༠ ༡༥:༥༨ )
 

གྲུ་གཟིངས་མགོ་རྟིང་ལོག་ནས་མི་དྲུག་ཤི་བ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཟླ་འདིའི་ཚེས་༡༤ ཉིན་གནས་ཚུལ་བོད་ཀྱི་བརྒྱུད་ལམ་ཁག་ཅིག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༠ ཉིན་གྱི་ཕྱི་དྲོ་ཡུལ་སྐོར་བ་མི་༡༠ མངའ་རིས་ས་ཁུལ་གྱི་སྤང་གོང་མཚེའུའི་ཐོག་གྲུ་གཟིངས་ནང་ཞུགས་ནས་ཡུལ་སྐོར་སྤྲོ་འཆམ་བྱེད་སྐབས། གྲུ་གཟིངས་མགོ་རྟིང་ལོག་ནས་ཡུལ་སྐོར་བ་མི་༦ རྐྱེན་ལམ་དུ་སོང་བའིི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་ཕུར་བུ།, ༡༧ ཕྱི་ཟླ་དྲུག་པ། ༢༠༡༠ ༡༠:༣༠ )
 

སྤྲུལ་སྐུའི་སྐུ་གཟུགས་སྐྱོ་བོ་ཆགས་འདུག

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

tenzin delek rinpochieསྤྲུལ་སྐུ་བསྟན་འཛིན་བདེ་ལེགས་༢༠༠༢ ལོའི་ཕྱི་ཟླ་༡༢ ཚེས་༢ ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་ལ་གནོན་སྐྱོན་བྱེད་རྒྱུའི་ལས་གཞི་ཡོད་སྐོར་གྱི་ཉེས་མིང་འོག་འཛིན་བཟུང་གིས། ལོ་གཉིས་ནར་འགྱངས་ཀྱི་སྲོག་ཁྲིམས་བཅད་ཡོད་ནའང། ༢༠༠༥ ལོར་སྲོག་ཁྲིམས་དེ་ཚེ་བཙོན་དུ་བསྒྱུར་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་མིག་དམར།, ༡༥ ཕྱི་ཟླ་དྲུག་པ། ༢༠༡༠ ༡༠:༢༥ )
 

ཝ་ར་དགོན་པའི་གྲྭ་པ་གསུམ་འཛིན་བཟུང།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཟླ་འདིའི་ཚེས་༦ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁམས་འཇོ་མདའ་རྫོང་ཁོངས་ཀྱི་ཝ་ར་དགོན་པའི་དགེ་འདུན་པ་གསུམ་ལ་གོ་བསྐོན་སློབ་གསོ་དགོས་སྐོར་བརྗོད་དེ་ཉེན་རྟོག་ལས་ཁུངས་སུ་ཁྲིད་པ་དང། རྗེས་སུ་བཀག་ཉར་བྱས་ཡོད་འདུག
མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༡༤ ཕྱི་ཟླ་དྲུག་པ། ༢༠༡༠ ༡༣:༠༡ )
 

བོད་ཀྱི་འབྲོག་ཁྱི་རྒྱ་ནག་ཧྲང་ཧའེ་རུ་ངོམ་རྒྱུ་ཡིན་ཟེར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

tibetan dog-3ཟླ་འདིའི་ཚེས་༡༠ ཉིན་བོད་ནང་གི་བརྒྱུད་ལམ་ཁག་ཅིག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧྲང་ཧའེ་འཛམ་གླིང་དངོས་མང་འགྲེམས་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་གནས་ཚུལ་ཕྱིར་བསྒྲགས་པར་གཞིགས་ན། འབྲོག་ཁྱི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཁྱིའི་རིག་གནས་ཀྱི་ཚབ་བྱེད་ཅིག་ཡིན་པའི་ཆ་ནས་འཛམ་གླིང་དངོས་མང་འགྲེམས་ཚོགས་སུ་འགྲེམས་སྟོན་བྱ་རྒྱུ་ཡིན་ཞིང་། ཀྲུང་གོའི་ཐུན་མོང་མ་ཡིན་པའི་འབྲོག་ཁྱིའི་གཟི་ཉམས་དང་ལོ་རྒྱུས་རིག་གནས་ངོམ་རྒྱུ་རེད་ཅེས་བཀོད་འདུག

མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༡༤ ཕྱི་ཟླ་དྲུག་པ། ༢༠༡༠ ༡༠:༢༡ )
 

ཆོས་བྱེད་མི་སྣ་སུམ་བརྒྱ་ཙམ་བཀག་ཉར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཉེ་ཆར་ཁམས་ལི་ཐང་ཡིན་པའི་མི་༣༠༠ ཙམ་ཞིག་རྐྱང་ཕྱག་འཚལ་ཏེ་ལྷ་སར་འབྱོར་དུས་བོད་མི་མང་པོས་དགའ་བསུ་ཞུས་སྟབས་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཀུ་རུ་ཟམ་པ་རུ་བཀག་འགོག་བྱས་ནས་ཕྱག་འཚལ་བཞིན་གྲོང་ཁྱེར་ནང་དུ་བཏང་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་ཕུར་བུ།, ༡༠ ཕྱི་ཟླ་དྲུག་པ། ༢༠༡༠ ༡༥:༠༤ )
 

རྒྱ་གཞུང་གིས་པན་ཆེན་རྒྱལ་མཚན་ནོར་བུ་གང་སར་མངགས་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

fake panchenཟླ་འདིའི་ཚེས་༥ ཉིན་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལྷ་སར་ཡོང་ནས། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཕྱོགས་གཙོ་འཛིན་ཀྲང་ཆི་ལི་དང། བྱམས་པ་ཕུན་ཚོགས། པདྨ་འཕྲིན་ལས་སོགས་དང་ཐུག་འཕྲད་བྱས་པ་མ་ཟད། ཀྲང་ཆི་ལི་ཡིས་རྒྱལ་མཚན་ནོར་བུར་ཧ་ཅང་གུས་བཀུར་ཆེ་མདོག་གིས་བསྟོད་པ་འདྲ་ཆགས་པོ་རེ་ཕུལ་བའི་ཞོར་དུ་ཏང་ཀྲུང་དབྱང་གི་བཀའ་དྲིན་འོག་ཏུ་བདེ་སྐྱིད་ལྡན་པའི་འཚོ་བ་ཡོད་སྐོར་ངོ་སྤྲོད་བྱས་ཤིང། ལྷག་པར་དུ་རྒྱལ་མཚན་ནོར་བུ་ལ་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ལ་མངའ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཉམས་བཟང་མངོན་ཡོད་སྐོར་གཡོ་ཟོལ་གྱིི་བསྟོད་མངགས་བྱས་འདུག

མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, ༠༩ ཕྱི་ཟླ་དྲུག་པ། ༢༠༡༠ ༡༥:༡༡ )
 

འབྲོག་པ་གནས་སྤོ་ལ་ངོ་རྒོལ་གྱིས་རྒྱ་དར་མེར་བསྲེག

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

མི་ཉག་ནགས་ཕྲན་སྡེ་བས་རྒྱ་ནག་གི་རྒྱལ་དར་ཕབས་ཏེ་མའོ་དང་ཧུའུ་སོགས་ཀྱི་འདྲ་པར་དང་ལྷན་དུ་མེར་བསྲེག་ནས། རྒྱ་ནག་གཞུང་གི་གོ་སྒྲིག་བྱས་པའི་ལྷ་རི་ཐང་གི་གྲོང་གསར་དུ་སྤོ་རྒྱུར་ངོ་རྒོལ་བྱས་པར་བརྟེན། ས་གནས་སྲིད་གཞུང་གིས་སློབ་གསོ་ལ་མ་ཉན་པར་བསྙད་དེ་ནང་མིའི་ཅ་དངོས་གཞུང་བཞེས་བཏང་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༠༧ ཕྱི་ཟླ་དྲུག་པ། ༢༠༡༠ ༡༡:༡༠ )
 

བོད་ཀྱི་རིག་དངོས་ཁྱེར་ནས་ཐེ་ཝན་དུ་འགྲེམས་སྟོན་བྱེད་ཀྱི་ཟེར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༧ ཚེས་༡ ཉིན་ནས་ཕྱི་ཟླ་༩ ཚེས་༡༩ བར་ཐེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་《གནས་མཆོག་བོད་ལྗོངས། ལྷ་ཡུལ་དང་བར་ཐག་ཆེས་ཉེ་བའི་མཆོག་ནོར་》 ཞེས་པའི་དམིགས་བསལ་འགྲེམས་སྟོན་ཞིག་བྱེད་རྒྱུ་རེད་འདུག

མཐའ་མའི་བསྐྱར་བཅོས། ( གཟའ་སྤེན་པ།, ༠༥ ཕྱི་ཟླ་དྲུག་པ། ༢༠༡༠ ༠༩:༤༨ )
 

རྩོམ་པ་པོ་ཞོགས་ལྗང་གློད་གྲོལ་བཏང་བ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ད་ལོའི་ཕྱི་ཟླ་༤ ཚེས་༦ ཉིན་འཛིན་བཟུང་བྱས་པའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་དང། ཤར་དུང་རིའི་རྩོམ་སྒྲིག་པ་ཞོགས་ལྗང་ཕྱི་ཟླ་༥ ཚེས་༨ ཉིན་གློད་གྲོལ་བཏང་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་སྤེན་པ།, ༠༥ ཕྱི་ཟླ་དྲུག་པ། ༢༠༡༠ ༠༩:༤༢ )
 

རྒྱ་གཞུང་གིས་སྐྱེ་རྒུ་མདོར་ད་བར་མི་༢༦༩༨ ཤི་བ་རེད་ཟེར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཕྱི་ཟླ་༥ ཚེས་༣༡ ཉིན་གསར་ལམ་ཁག་ནས་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཁང་གི་གནས་ཚུལ་ལུངས་འདྲེན་བྱས་པ་ལྟར་ན། ད་བར་སྐྱེ་རྒྱུ་མདོར་ས་ཡོམ་ཁྲོད་རྐྱེན་འདས་སུ་ཕྱིན་པ་༢༦༩༨ དང། གར་སོང་ཆ་མེད་དུ་གྱུར་པ་༢༧༠། ཕུང་པོ་༢༦༨༧ ངོ་ཐག་ཆོད་པ་དང། ལྷག་མ་༡༡ ངོ་ཐག་ཆོད་མེད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་མིག་དམར།, ༠༡ ཕྱི་ཟླ་དྲུག་པ། ༢༠༡༠ ༡༦:༤༩ )
 

སྐྱེ་རྒུ་མདོར་ཡང་བསྐྱར་ས་ཡོམ་རིམ་པ་༥་༤ བརྒྱབ་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

དེ་རིང་སྔ་དྲོ་སྟེ། ཟླ་འདིའི་ཚེས་༢༩ གཟའ་སྤེན་པ་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠་༢༩ ཐོག་ཡུལ་ཤུལ་ལམ་སྐྱེ་རྒུ་མདོ་ཁུལ་གྱི་བྱང་ཤར་མཚམས་སུ་ས་ཡོམ་རིམ་པ་༥་༤ བརྒྱབ་ཡོད་པ་ཨ་རིའི་ས་ཁམས་དཔྱད་ཞིབ་པས་བརྗོད་ཡོད་པའི་གནས་ཚུལ་གསར་ལམ་ཁག་ནས་སྤེལ་འདུག

མཐའ་མའི་བསྐྱར་བཅོས། ( གཟའ་པ་སངས།, ༢༥ ཕྱི་ཟླ་དྲུག་པ། ༢༠༡༠ ༡༢:༡༣ )
 

བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་གསར་དུ་བསྐོས་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

lobsang gyaltsenཟླ་འདིའི་ཚེས་༢༨ ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བློ་བཟང་རྒྱལ་མཚན་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པར་བསྐོ་བཞག་བྱེད་རྒྱུའི་གྲོས་འཆམ་བྱུང་ནས་གཏན་འབེབ་བྱས་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༣༡ ཕྱི་ཟླ་ལྔ་པ། ༢༠༡༠ ༢༠:༤༠ )
 

བོད་མི་བསོད་ནམས་ཚེ་རིང་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

sonam tsering123ཟླ་འདིའི་ཚེས་༢༦ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་༢༠༠༨ ལོའི་ཟླ་༣ ཚེས་༡༤ ཉིན་ལྷ་སའི་གཙུག་ལག་ཁང་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ནང་ཞུགས་མཁན་བསོད་ནམས་ཚེ་རིང་ལ་ལོ་གཉིས་དུས་འགྱངས་ཀྱིས་སྲོག་ཐོག་ཁྲིམས་ཆད་དང༌། ཁོ་རང་གསང་ཉར་བྱེད་མཁན་གྱི་སྐལ་ཡོན་སོགས་བོད་མི་ལྔ་ལ་ལོ་༣ ནས་ལོ་༧ བར་ཁྲིམས་ཐག་བཅད་འདུག

མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༣༡ ཕྱི་ཟླ་ལྔ་པ། ༢༠༡༠ ༢༠:༤༠ )
 

སྐྱེ་རྒུ་མདོར་ཁང་པ་གསར་རྒྱག་སྐབས་མི་མང་གི་དཀའ་ངལ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

yushu zakor1དེང་སྐབས་སྐྱེ་རྒུ་རུ་དཀའ་ངལ་ཆེ་ཤོས་ནི་ཁང་པ་གསར་རྒྱག་གི་ཐད་མི་མང་གི་འདོད་བློ་དང་མཐུན་གྱི་མེད་པ་དང་རྒྱ་མི་ལས་བཟོ་བ་ཁྲི་ཚོ་ས་གནས་སུ་གཏན་སྡོད་བྱེད་རྒྱུར་ཉེན་ཁ་ཡོད་པས། ས་གནས་བོད་རིགས་མི་མང་གིས་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༣༡ ཕྱི་ཟླ་ལྔ་པ། ༢༠༡༠ ༢༠:༣༩ )
 

ཞོགས་དུང་གི་གྱོད་གཞི་ཞིབ་དཔྱོད་ལས་ཁུངས་སུ་རྩིས་སྤྲོད།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཟླ་འདིའི་ཚེས་༢༥ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། གྲགས་ཅན་རྩོམ་པ་པོ་ཞོགས་དུང་རྒྱ་གཞུང་གིས་འཇུས་པའི་གྱོད་གཞི་དེ་རྒྱ་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་དཔྱོད་ལས་ཁུངས་སུ་རྩིས་སྤྲོད་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, ༢༦ ཕྱི་ཟླ་ལྔ་པ། ༢༠༡༠ ༡༠:༤༨ )
 

སྐྱེ་རྒུའི་བྱིས་པ་ལྔ་སྟོང་ལྷག་རྒྱ་ནག་གི་ཞིང་ཆེན་ལྔའི་ནང་གཏོང་རྒྱུ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ཁག་ནས་སྤེལ་བའི་གནས་ཚུལ་ལྟར་ན། དེང་དུས་མཚོ་སྔོན་ཞིང་ཆེན་ཁོངས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་སྐྱེ་རྒུ་གྲོང་རྡལ་གཙོ་བོར་གྱུར་པའི་དེའི་ཉེ་འཁོར་དུ་ས་ཡོམ་གྱི་གནོན་སྐྱོན་ཆེན་པོ་ཕོག་པ་སྟབས་བསྟུན། རྒྱ་ནག་གཞུང་གིས་ཁུལ་དེའི་བོད་རིགས་སློབ་༥༠༧༤ ཙམ་རྒྱ་ནག་གི་ཞིང་ཆེན་ཁག་གི་ནང་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༢༤ ཕྱི་ཟླ་ལྔ་པ། ༢༠༡༠ ༡༠:༢༤ )
 

སློབ་ཕྲུག་ཚོས་མ་ཎི་འདོན་མི་ཆོག་ཟེར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

thupten_niyma_1ཉེ་ཆར་རྨ་ཆུ་རྫོང་སློབ་གྲྭ་ཆུང་འབྲིང་དུ་ཞིང་ཆེན་དང་ཁུལ་རིམ་པ་ནས་ཆེད་གཏོང་བྱས་པའི་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་སློབ་གསོ་ཚན་པས་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དང་རྫོང་སློབ་ཆུང་གཉིས་ཀྱི་སློབ་ཕྲུག་ཚོར་མ་ཎི་འདོན་མི་ཆོག་པ་དང༌། སློབ་ཁང་དུ་པཎ་ཆེན་རིན་པོ་ཆེ་དང་དགེ་འདུན་ཆོས་འཕེལ། དོན་འགྲུབ་རྒྱལ་བཅས་ཀྱི་འདྲ་པར་སླད་ཕྱིན་སྦྱར་མི་ཆོག་པ་བཟོས་ཤིང༌། དེ་བཞིན་ཆོས་ལུགས་དང་འབྲེལ་བ་ཡོད་པའི་དེབ་དང་དངོས་རིགས་ཉར་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

མཐའ་མའི་བསྐྱར་བཅོས། ( གཟའ་ཉི་མ།, ༢༣ ཕྱི་ཟླ་ལྔ་པ། ༢༠༡༠ ༡༩:༣༩ )
 

ཁ་བྲལ་དང་འབྲེལ་བའི་གླུ་གཞས་རེད་ཟེར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༤ ཚེས་༢༡ འཁོད་པའི་གསལ་བརྡ་ཞིག་གཞིས་རྩེ་ཁུལ་གཏིང་སྐྱེས་རྫོང་སློབ་ནང་བཀྲམ་ཡོད་པ་དང། དེའི་ནང་བོད་ཀྱི་གླུ་གཞས་ཁག་ཅིག་ཁ་བྲལ་བའི་འཐབ་རྩོད་དང་འབྲེལ་བ་ཡོད་པས་དེའི་རིགས་ལ་ཉན་ཆོག་གི་མེད་ཅེས་བརྗོད་འདུག

མཐའ་མའི་བསྐྱར་བཅོས། ( གཟའ་སྤེན་པ།, ༢༢ ཕྱི་ཟླ་ལྔ་པ། ༢༠༡༠ ༡༡:༥༠ )
 

༧རྒྱལ་བ་རིན་པོ་ཆེའི་སྙན་ལ་འཇོག་རྒྱུ་སོགས་རེ་བ་ཡིན།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

a do labdang hortsang 3ཟླ་འདིའི་ཚེས་༡༥ ཉིན་ཨ་མདོ་བླ་བྲང་ཁུལ་དུ་ཨར་འདམ་བཟོ་གྲྭ་ཞིག་ཡོད་པ་དེའི་དོན་རྐྱེན་འོག་རྒྱ་དམག་གིས་བོད་མི་བཅོ་ལྔ་ཙམ་ལ་རྨས་སྐྱོན་ཚབས་ཆེན་བཏང་བའི་སྐོར་དང། མང་ཚོགས་ལ་འགྲིམ་འགྲུལ་སྐབས་ལམ་ཁའི་དཀའ་ངལ་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་དེའི་སྐོར་བོད་ནས་འབྲེལ་ཡོད་བརྒྱུད་འདི་གར་འབྱོར་བའི་ནང་འཁོད་དོན།

མཐའ་མའི་བསྐྱར་བཅོས། ( གཟའ་སྤེན་པ།, ༢༢ ཕྱི་ཟླ་ལྔ་པ། ༢༠༡༠ ༡༠:༡༤ )
 

ཝ་ར་དགོན་པའི་དགེ་འདུན་པ་འཇུ་བཟུང།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཁམས་འཇོ་མདའ་རྫོང་ཝ་ར་དགོན་པའི་དགེ་འདུན་པ་དྲུག་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག ཟླ་འདིའི་ཚེས་༡༥ ཉིན་ཝ་ར་དགོན་པའི་ནང་དུ་ཉེན་རྟོག་པ་གློ་བུར་དུ་ཡོང་སྟེ། བཤད་གྲྭའི་ནང་གི་གྲྭ་འཕྲིན་ལས་དང།
མཐའ་མའི་བསྐྱར་བཅོས། ( གཟའ་སྤེན་པ།, ༢༢ ཕྱི་ཟླ་ལྔ་པ། ༢༠༡༠ ༡༢:༣༥ )
 

རྒྱ་གཞུང་གིས་གསེར་རྟ་བླ་རུང་དགོན་གྱི་རོགས་རམ་བཙན་བཀག

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

འོད་ཟེར་ལགས་སུ་ཡུལ་ཤུལ་བུའམ་བདེན་སྨྲ་ཞེས་པའི་སྨྱུག་མིང་ཐོག་ས་གནས་རང་ནས་བཏང་བའི་ཡུལ་ཤུལ་གྱི་གནས་ཚུལ་བོད་ཡིག་རྒྱ་བསྒྱུར་བྱས་པའི་ནང་གསལ་ལྟར་ན། ས་ཡོམ་གྱི་གོད་ཆག་རྗེས་སུ་བོད་ཀྱི་དགོན་སྡེ་དང་སྒེར་མང་པོས་དང་བླངས་ཐོག་ནས་རོགས་སྐྱོར་བྱས་པ་དང། གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་ནས་གཅིག་མཚུངས་ཀྱིས་གྲྭ་པ་སྟོང་ཚོ་ཁ་ཤས་ཀྱིས་རོགས་སྐྱོར་གྱི་ཅ་དངོས་ཕོན་ཆེན་ཁྱེར་ནས་འབྱོར་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་སྤེན་པ།, ༢༢ ཕྱི་ཟླ་ལྔ་པ། ༢༠༡༠ ༡༠:༡༥ )
 

མེ་སྒྲོན་གྱིས་《བཀྲ་ཤིས་པའི་ཡུལ་ཤུལ》 ཞེས་པ་བསྐྱར་པར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཉེ་བའི་ཆར་བོད་རིགས་བུད་མེད་རྩོམ་པ་པོ་གྲགས་ཅན་མེ་སྒྲོན་ལགས་ཀྱི་ལྷུག་རྩོམ་རིང་མོ་《 བཀྲ་ཤིས་པའི་ཡུལ་ཤུལ》 ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྱར་པར་བྱས་ཤིང་། དེའི་ནང་ནས་དེབ་གྲངས་ཆིག་སྟོང་ཙམ་ཡུལ་ཤུལ་གྱི་ས་ཡོམ་བྱུང་ཁུལ་ལ་ཞལ་འདེབས་སུ་ཕུལ་ཡོད་འདུག་ཅེས་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་འདུག
མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, ༡༩ ཕྱི་ཟླ་ལྔ་པ། ༢༠༡༠ ༡༥:༡༢ )
 

མི་ལོ་བཅོ་ལྔའི་ཁྲིམས་ཆད།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
lamojyab༢༠༠༨ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་དགེ་རྒན་ལྷ་མོ་སྐྱབས་ལ་འདི་ལོའི་ཕྱི་ཟླ་༡ ནང་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་རེད། བོད་གཞུང་གི་དྲ་གནས་ཐོག་ཚེས་༡༤ ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ལོ་༢༠༠༨ ལོ་དཀྱིལ་དུ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ནག་ཆུ་ས་ཁུལ་ས་གནས་སློབ་ཆུང་གི་དགེ་རྒན་ཟུར་པ་ལྷ་མོ་སྐྱབས་ལགས་
མཐའ་མའི་བསྐྱར་བཅོས། ( གཟའ་པ་སངས།, ༢༡ ཕྱི་ཟླ་ལྔ་པ། ༢༠༡༠ ༡༡:༤༧ )
 

གསེར་རྟ་རྫོང་གི་བོད་མི་གཉིས་འཛིན་བཟུང།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
གསར་རྟ་ཆོས་དབྱངས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན། ཟླ་འདིའི་ཕྱི་ཚེས་ ༡༦ མཚན་མོ་གསེར་རྟ་རྫོང་ཕུའུ་ཤང་ཐོག་ཏུ། ཁེ་སྐོར་སྡེ་བ་ཡིན་པའི་སྐལ་ལྡན་དང་། བསོད་ནམས་སྟོབས་ལྡན་གཉིས་ཀྱིས་བོད་ལ་འགྲོ་བ་མི་ཡི་ཐོབ་ཐང་དགོས་པ་དང་༧རྒྱལ་བ་རིན་པོ་ཆེ་མྱུར་དུ་བོད་ལ་གདན་འདྲེན་བྱེད་དགོས་པ་སོགས་འཁོད་པའི་ཡི་གེ་གཏོར་བ་དང།
མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, ༡༩ ཕྱི་ཟླ་ལྔ་པ། ༢༠༡༠ ༡༠:༡༡ )
 

རྒྱ་གཞུང་གི་པཎ་ཆེན་རྒྱལ་མཚན་ནོར་བུ་ཡུལ་ཤུལ་དུ་འབྱོར་བ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
fake penchenགསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༤ ཉིན་ཏེ་ཁམས་སྐྱེ་རྒུ་མདོར་ས་ཡོམ་བྱུང་ནས་ཟླ་གཅིག་ཕྱིན་པའི་ཉིན་མོར། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་སྐྱེ་རྒུ་མདོ་ཁུལ་དུ་འབྱོར་ནས་བསྔོ་བ་སྨོན་ལམ་བྱས་ཡོད་འདུག
མཐའ་མའི་བསྐྱར་བཅོས། ( གཟའ་མིག་དམར།, ༡༨ ཕྱི་ཟླ་ལྔ་པ། ༢༠༡༠ ༡༥:༢༥ )
 

གསེར་རྟ་རུ་རང་བཙན་སྐད་འབོད་བྱས་ནས་མི་གསུམ་འཇུས་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཉེ་བའི་ཆར་གསེར་རྟ་རྫོང་ཐོག་ཏུ་གསེར་རྟ་རྫོང་མཆོག་ཚང་སྡེ་བའི་སྤྲུལ་སྐུ་གཅིག་དང་གྲྭ་པ་གཅིག་མི་སྐྱ་གཅིག་བཅས་ཀྱིས་སྔ་ཕྱིར་བོད་རང་བཙན་དགོས་པ་དང། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ནས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་སེར་སྨད་རོང་པོ་གྲྭ་རིན་ཆེན་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།

མཐའ་མའི་བསྐྱར་བཅོས། ( གཟའ་སྤེན་པ།, ༡༥ ཕྱི་ཟླ་ལྔ་པ། ༢༠༡༠ ༡༧:༡༡ )
 

དབྱར་རྩྭ་དགུན་འབུ་ལ་བརྟེན་ནས་ཡོང་འབབ་གསོག་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
yartsa gunbuདབྱར་རྩྭ་དགུན་འབུ་ནི་བོད་ཀྱི་ས་གནས་ཁག་ཅིག་གི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་རྟེན་གཞི་གལ་ཆེན་པོ་ཞིག་ཆགས་པར་བརྟེན། འདི་ལོར་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚོད་ཟིན་པ་དང་རི་ལ་བརྐོ་རུ་འགྲོ་མཁན་གྱི་མི་ཡང་མང་དུ་འགྲོ་བཞིན་ཡོད་པ་རེད།
མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༡༧ ཕྱི་ཟླ་ལྔ་པ། ༢༠༡༠ ༡༡:༢༦ )
 

རིན་ཐང་རྒྱ་སྒོར་དུང་ཕྱུར་ཆིག་ཁྲི་ལས་བརྒལ་བའི་གཏེར་ཁ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གང་ས་ནས་གཏེར་ཁ་སྔོག་འདོན་བྱས་ནས་རྒྱ་ནག་ཏུ་དབོར་འདྲེན་བྱེད་བཞིན་པ་ལྟར། ཉེ་བའི་ཆར་གསལ་བསྒྲགས་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུའི་ཁོངས་སུ་བསྔོག་བྱའི་གཏེར་ལས་ཐོན་ཁུངས་ཀྱི་རིན་ཐང་ཕལ་ཆེར་རྒྱ་སྒོར་དུང་ཕྱུར་ཆིག་ཁྲི་བརྒལ་ཡོད་ཅེས་ཕྱི་བསྒྲགས་བྱས་འདུག

མཐའ་མའི་བསྐྱར་བཅོས། ( གཟའ་མིག་དམར།, ༡༨ ཕྱི་ཟླ་ལྔ་པ། ༢༠༡༠ ༡༥:༥༨ )
 

རྟེན་རྙིང་ཁག་རྒྱ་ནག་ལ་དབོར་འདྲེན་བྱེད་འཆར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཁམས་སྐྱེ་རྒུ་མདོར་ས་ཡོམ་ཤུགས་ཆེན་བརྒྱབ་ནས། ཁང་པ་རྡིབ་སྐྱོན་བྱུང་བའི་འོག་ནས། རྟེན་རྙིང་དང། བཀའ་བསྟན་འགྱུར་གྱིས་མཚོན་པས་ཡིག་རྙིང། བཅའ་དངོས་རྙིང་པ་སོགས་རྒྱ་ནག་གཞུང་གིས་དབོར་འདྲེན་བྱེད་རྒྱུར་ཉེན་ཁ་འདུག་ཅེས་བོད་མི་ཚོར་སེམས་ཁྲལ་འབྱུང་གི་ཡོད་འདུག

མཐའ་མའི་བསྐྱར་བཅོས། ( གཟའ་པ་སངས།, ༡༤ ཕྱི་ཟླ་ལྔ་པ། ༢༠༡༠ ༡༢:༠༨ )
 
གསར་གནས་དེ་ལས་མང་བ།
JPAGE_CURRENT_OF_TOTAL
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

པར་རིས་གསར་པ།

10thparliament-2
སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོག་བཞིན་པ།

གསར་བསྡུས་ཁག

katriposter-2ཟླ་འདིའི་ཚེས་༩ དང་༡༡ ལ་དྷ་ས་ཟློས་གར་ཚོགས་ཁང་དུ་བཀའ་ཁྲིའི་བགྲོ་གླེང་ཆེན་མོ་འཚོག་རྒྱུ་རེད།

ཕྱི་ཟླ་༨ ཚེས་༢༩ ཉིན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་ནས་བོད་མི་གཉིས་འཛིན་བྱས་པ་ད་དུང་གློད་མེད་པ་རེད།

ལོ་འདིའི་ཟླ་བ་༡༢ པའི་ནང་༧གོང་ས་མཆོག་འབྲས་ལྗོངས་ཀྱི་རྒྱལ་ས་སི་ཀིམ་ཁུལ་དུ་ཕེབས་འཆར་ཡོད་པ་རེད།


ཆོས་བརྒྱུད་སྤྱི་འཐུས་སྐོར་བགྲོ་གླེང།

བང་ཆེན་ཟིན་བྲིས་པ་འབའ་པ་འཆི་མེད་ཀྱི་ཟིན་བྲིས་ཐོག་ཆོས་རྒྱུད་སྤྱི་འཐུས་དགོས་མིན་སྐོར་ལ། དྲ་ཐོག་གི་བགྲོ་གླིང་ཞིག་གནང་འཆར་ཡོད་སྐོར་འཁོད་འདུག


ལྷ་ས་དང་མེ་མདའ།

བོད་མི་རྣམས་མེ་མདའི་ཁ་ལམ་ན་འཚོ་བ་སྐྱེལ་བཞིན་འདུག    འཛིན་བཟུང་དང་བཙན་དབང་སོགས་ཀྱི་གནས་ཚུལ་ནི་ཉིན་ལྟར་ཐོན་བཞིན་འདུག་ཅེས་འོད་ཀྱི་བོད་ཁུག་ཏུ་གནས་ཚུལ་སྤེལ་འདུག


དགུ་བཅུ་གསུམ་ཚོགས་པས་བཏོན་པའི་བཀའ་སྤྱིའི་འོས་གཞི་རྣམས་ཕྱིར་བསྒྲགས་བྱས་འདུག
འཇར་མན་རོགས་ཚོགས་ཤིག་གིས་ལ་དྭགས་སླེ་རུ་ཞལ་འདེབས་ཧིན་སྒོར་དྲུག་འབུམ་༦ སྤྲད་འདུག
༼གླ་ཡོད།༽

བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལམ་ལུགས་དེ་རྒྱ་གར་གྱི་གྲོས་ཚོགས་གོང་མས་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་སྨན་བཅོས་ལམ་ལུགས་གྲས་སུ་འཇོག་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།

མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་བཀའ་ཤག་གི་གསུང་བཤད།
མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་སྤྱི་འཐུས་ཀྱི་གསུང་བཤད།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow