བོད་ཀྱི་བང་ཆེན། གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། ཧོང་ཀོང་གི་འོས་འདེམས་དང་རྒྱ་ནག་གི་བཙན་བཀའ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

ཧོང་ཀོང་གི་འོས་འདེམས་དང་རྒྱ་ནག་གི་བཙན་བཀའ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཟླ་འདིའི་ཚེས་༢༣ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་མི་མང་ནས་འགོ་ཁྲིད་དང་གྲོས་ཚོགས་ཀྱི་འཐུས་མི་ཡོངས་རྫོགས་འོས་འདེམས་བྱེད་རྒྱུ་དེ། སླར་ཡང་ལོ་ངོ་བཅུ་ཙམ་སྒུག་དགོས་ཅེས་རྒྱ་ནག་གཞུང་གིས་ཐག་གཅོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། རྒྱ་གཞུང་གི་ཐག་གཅོད་འདིས་མང་གཙོ་འདོད་མཁན་གྱི་ཧོང་ཀོང་མི་མང་རྣམས་ལ་བློ་ཕམ་ཆེན་པོ་བྱུང་ཡོད་པ་རེད།

ཕྱོགས་གཞན་ཞིག་ནས་ད་ལྟའི་རྒྱ་གཞུང་གི་འགོ་ཁྲིད་རྣམས་ཀྱིས་ཧོང་ཀོང་གི་རྒྱ་ཆེའི་ཡུལ་མི་ཚོར་ཆབ་སྲིད་ཀྱི་འགན་དབང་སྤྲོད་རྒྱུར་འདོད་པ་དེ་ཙམ་མེད་པའི་རྟགས་མཚན་ཞིག་ཀྱང་ཡིན་ལུགས་བརྗོད་ཡོད་འདུག

ཧོང་ཀོང་ལ་ཆ་མཚོན་ན། ཕྱི་ལོ་༡༩༩༧ ལོར་དབྱིན་གཞུང་གིས་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱས་པ་དང་། ལོ་དེར་རྒྱ་གཞུང་གིས་ཧོང་ཀོང་ལ་ལོགས་སུ་བཅའ་ཁྲིམས་བསྡུས་པའམ་ཆུང་བ་ཞིག་བཀོད་སྒྲིག་བྱས་པའི་རྒྱུ་མཚན་གྱིས། སྐབས་དེར་ཧོང་ཀོང་མི་མང་ཚོས་༢༠༠༧ ལོར་མང་གཙོའི་ལམ་ལུགས་ཐོག་སོ་སོའི་འགོ་ཁྲིད་འདེམས་ཐུབ་པའི་རེ་བ་བཅངས་ཡོད་མོད། ཕྱི་ལོ་༢༠༠༤ ལོར་རྒྱ་གཞུང་གིས་འོས་འདེམས་ཀྱི་དུས་ཚེགས་དེ་༢༠༡༢ བར་ཕྱིར་འགྱངས་བྱས་ཡོད་པ་དང་། ལོ་འདིར་རྒྱ་གཞུང་གིས་༢༠༡༢ ནས་༢༠༢༠ བར་སླར་ཡང་འོས་འདེམས་ཀྱི་དུས་ཚེགས་ཕྱིར་བཤོལ་བྱས་འདུག དེའི་རྒྱུ་མཚན་ནི་ད་ལྟའི་རྒྱ་གཞུང་གི་འགོ་དཔོན་གཙོ་བོ་སྲིད་འཛིན་ཧུའུ་ཅིང་ཐའོ་དང་། སྲིད་བློན་ཝིན་ཅཱ་པའོ་གཉིས་༢༠༡༢ ལོར་འཕོ་འགྱུར་འགྲོ་ཡི་ཡོད་པ་དང་། ༢༠༡༣ ལོར་འགོ་ཁྲིད་གཉིས་པོ་རྒན་ཡོལ་དུ་འགྲོ་རྩིས་ཡོད་པས། ཁོང་ཚོས་ཧོང་ཀོང་གི་དཀའ་རྙོག་དེ་རང་ཉིད་ཀྱིས་སྲིད་དབང་འཛིན་པའི་རིང་སེལ་འདོད་མེད་པ་དང་། དཀའ་རྙོག་དེ་རང་ཉིད་ཀྱི་རྒྱུན་འཛིན་པའི་ཕྲག་པར་འཇོག་རྩིས་ཡོད་པ་གསལ་པོ་རེད། ཧོང་ཀོང་མི་མང་ཚོས་རང་ཉིད་ཀྱི་འགོ་ཁྲིད་དེ་༢༠༡༧ ལོར་ འདེམས་ཐུབ་པ་དང་། གྲོས་ཚོགས་ཀྱི་མཐུས་མི་༦༠ རྣམས་༢༠༢༠ ལོར་འདེམས་ཐུབ་པའི་རེ་བ་གསར་པ་ཞིག་མ་བཅངས་ཐབས་མེད་ཆགས་ཡོད་པ་རེད།

ཨ་རི་དང་། དབྱིན་ཇི་གཉིས་ཀྱིས་ད་ལྟའི་རྒྱ་གཞུང་གི་ཐག་གཅོད་དེར་སྐྱོན་བརྗོད་ནན་པོ་བྱས་ཡོད་པ་མ་ཟད། ཧོང་ཀོང་གི་མང་གཙོ་ཚོགས་པ་ཁག་གིས་ཀྱང་ཐག་གཅོད་དེར་སྐྱོན་བརྗོད་བྱས་པ་རེད། སྐབས་འདིའི་རྒྱ་གཞུང་གི་སྲིད་བྱུས་དང་། དུས་ཚོད་འཕར་འགྱངས་ཀྱི་བྱ་ཐབས་ལ་བློ་དོགས་ཡོད་ཚུལ་ཧོང་ཀོང་མང་གཙོ་ཚོགས་པའི་ཚོགས་གཙོ་ཨལ་བྷེར་ཊི་ཧོ་ཡིས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག །

མཐའ་མའི་བསྐྱར་བཅོས། ( '༢༠༠༩, ༡༢, ༢༤' )  
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow