བོད་ཀྱི་བང་ཆེན། གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཚན་ཚོགས།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཚན་ཚོགས།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༢ ཚེས་༢༤ ཉིན་ཝི་ཊི་ཁན་རྒྱལ་ཁབ་ཀྱི་བྷ་སི་ལི་ཁ་གྲོང་ཁྱེར་ནང་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་སྟ་གོན་དགོང་ཚོགས་ཀྱི་འདུ་མཛོམས་ཆེན་པོ་ཐོག དགུང་ལོ་༨༢ ལ་ཕེབས་པའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བྷེ་ནེ་ཌིག་ཊ་མཆོག་ཕེབས་ཀྱི་ཡོད་པ། དད་ལྡན་ཆོས་ཞུ་པ་སྟོང་ཕྲག་དུ་མས་ཕེབས་བསུ་ཞུ་བཞིན་པའི་སྐབས། གློ་བུར་དུ་སུ་སན་ན་མ་ཡེ་ལོ་ཟེར་བའི་བུད་མེད་ལོ་༢༥ ཅན་ཞིག་ལྕགས་རྭའི་གོང་ནས་ཆོས་དཔོན་གྱི་ཐོག་ཏུ་མཆོང་བར་བརྟེན། ཆོས་དཔོན་མོ་ཊའི་སྟེང་ནས་ས་འགྱེལ་ཡོད་ནའང། ཁོང་གི་སྐུ་སྲུང་རྣམས་ཀྱིས་མྱུར་མྱུར་སྐྱོབ་བྱས་ཡོད་པ་རེད།
སྤྱིར་དགོང་ཚོགས་གོ་སྒྲིག་པས་ཆོས་ཞུགས་པ་ཚང་མར་ཞིབ་བཤེར་ནན་པོ་བྱས་པ་དང༌། སྐུ་སྲུང་སྡེ་ཚན་གཉིས་སུ་བགོས་ནས་དོ་དམ་ཧ་ཅང་ལེགས་པོ་བྱས་པ་རེད། བུད་མེད་དེའི་ལག་ཏུ་མཚོན་ཆ་རིགས་གང་ཡང་ཐོགས་མེད་པས་ཆོས་དཔོན་མཆོག་ལ་ཛ་དྲག་གི་གནས་ཚུལ་གང་ཡང་འཕྲད་མེད་པས་ཆུ་ཚོད་གཅིག་ཙམ་གྱི་རྗེས་མཛད་སྒོའི་ཐོག་ཕེབས་པ་དང། ཁོང་གིས་བཟོད་སྒོམ་དང་ད་ལྟའི་གནམ་གཤིས་འགྱུར་ལྡོག་སྐོར་ལ་གསུང་བཤད་བཀའ་སློབ་གནང་ཡོད་པ་རེད། ཡེ་ཤུའི་ཆོས་དཔོན་ལ་སྲུང་སྐྱོབ་བྱེད་རྒྱུ་ཕྱི་ལོ་༢༠༠༡ ལོའི་ཨ་རིའི་དགུ་བཅུ་གཅིག་དོན་རྐྱེན་རྗེས་སུ་འགོ་ཚུགས་ཡོད་འདུག བུད་མེད་དེ་སྐུ་སྲུང་རྣམས་ཀྱིས་འཇུ་བཟུང་བྱས་རྗེས་སྨན་ཁང་དུ་ཁྲིད་ཡོད་པ་དང༌། ཉེན་རྟོགས་པས་བུད་མེད་དེའི་ཀླད་པར་སྐྱོན་ཡོད་སྐོར་བརྗོད་ཀྱང། བུད་མེད་དེས་ལོ་སྔོན་མར་ཡང་ཆོས་དཔོན་ཐོག་གདོང་མཆོང་བྱས་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་འདུག ཕྱི་ཚེས་༢༥ ཉིན་སླར་ཡང་ཁོང་གིས་ཡེ་ཤུའི་སྟོན་པ་ཇི་སི་སིའི་འཁྲུངས་སྐར་ཉིན་མོར་ཡང་གསུང་བཤད་དང་བྱིན་རླབས་གནང་ཡོད་པ་རེད།།
 
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow