བོད་ཀྱི་བང་ཆེན། གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། གླེན་པ་གསུམ་ཞེས་པའི་རྒྱ་གར་གྱི་གློག་བརྙན།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

གླེན་པ་གསུམ་ཞེས་པའི་རྒྱ་གར་གྱི་གློག་བརྙན།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཟླ་འདིའི་ཕྱི་ཚེས་༡༡ ཉིན་གསལ་ལམ་ཁག་ཏུ་གནས་ཚུལ་ལྟར་ན། རྒྱ་གར་གྱི་སྐར་རྟགས་བརྙན་ཡོལ་གྱི་ལོ་འཁོར་གློག་བརྙན་གཟེངས་རྟགས་དུས་ཆེན་ཐེངས་༡༦ པར་རྒྱ་གར་གྲོང་ཁྱེར་མོམ་བྷེས་ལ་ཚོགས་པ་དང། སྐབས་དེར་གླེན་པ་གསུམ་(3 Idiots)ཞེས་པའི་གློག་བརྙན་ལ་ད་བར་བྱུང་མྱོང་མེད་པའི་ཁེ་བཟང་ཐོབ་མཁན་གྱི་ཧིན་དྷིའི་གློག་བརྙན་གི་མིང་ཐོབ་པ་དང༌། གློག་བརྙན་དེར་གཟེངས་རྟགས་བཅུ་སྟེ། ཕུལ་བྱུང་གློག་བརྙནདང། འཁྲབ་ཁྲིད་པ། བརྙན་སྒྲིག་པ། འཁྲབ་གཞུང། གར་སྟབས་བསྟན་བཅོས། རོལ་གར་འཁྲབ་སྟོན། སྐད་ཆའི་སྒྱུ་རྩལ། གསར་ཐོན་མི་ཤོས། དགོད་བྲོའི་མི་སྣ། མི་སྣ་མ་རབས་འཁྲབ་མཁན། བུ་མེད་མི་སྣ་གཙོ་བོ་འཁྲབ་མཁན་བཅས་ལེགས་ཤོས་ཀྱི་གཟེངས་རྟགས་ཐོབ་ཡོད་པ་རེད།
གླེན་པ་གསུམ་ཞེས་པའི་གློག་བརྙན་འདིའི་བརྗོད་སྙིང་གཙོ་བོ་ནི་དེང་སང་རྒྱ་གར་ནང་མཐོ་སློབ་ཀྱི་སློབ་གཞིར་ཞན་ཆ་དང་དེར་ལེགས་བཅོས་གཏོང་དགོས་པའི་སྐོར་ཡིན་པ་དང༌། དེར་རྒྱ་གར་གྱི་དཔོན་རིགས་མང་པོས་བསྔགས་བརྗོད་དང་དེར་ལྟ་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
དེ་དང་འདྲ་བའི་རྒྱ་གར་གྱི་སློབ་གྲྭའི་སློབ་གཞིའི་ཞན་ཆ་དང༌། དེར་ལེགས་བཅོས་དགོས་པའི་བརྗོད་སྙིང་གཙོ་བོར་བཟུང་པའི་ས་སྟེང་གི་སྐར་མ་(Tare Zaamen Par) ཞེས་པའི་གློག་བརྙན་ཞིག་ཀྱང་འཁྲབ་ཁྲིད་བྱས་ཤིང༌། གློག་བརྙན་དེར་རྒྱ་གར་ནང་ལང་ཕྱོགས་གསར་པའི་སྒོ་མོ་ཕྱེ་མཁན་ལྟ་བུ་ཞིག་ཆགས་ཡོད་པ་རེད། གློག་བརྙན་དེའི་འཁྲབ་ཁྲིད་པ་གཙོ་བོ་ནི་ཨ་མན་ཁཱན་ཡིན་ཅིང༌། གླེན་པ་གསུམ་གྱི་མི་སྣ་གཙོ་བོ་འཁྲབ་མཁན་ཡང་ཁོང་ཡིན་པ་རེད། ཁོང་ནི་དེང་སང་རྒྱ་གར་ཙམ་མ་ཟད་ནུབ་ཕྱོགས་སུའང་སྙན་གྲགས་ཇེ་ཆེར་འགྲོ་བཞིན་པའི་ས་སྟེང་གི་སྐར་མ་ཞིག་ཡིན་པ་རེད། ཉེ་ཆར་གླེན་པ་གསུམ་ཞེས་པའི་གློག་བརྙན་འདི་ཧོ་ལི་ཝུ་ཊ་ཡི་རྒྱལ་སྤྱིའི་གློག་བརྙན་སྒྱུ་རྩལ་དང་ཚན་རྩལ་ཁང་གི་དཔེ་མཛོད་དུ་གཏན་འཇགས་འཁྲབ་གཞུང་ཕྱོགས་སྒྲིག་ནང་གདན་འདྲེན་ཞུས་ནས་གཏན་དུ་ཉར་ཚགས་བྱས་ཡོད་པ་རཻད།
 
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow