Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

གྷུའུ་གྷལ་དང་རྒྱ་ནག་གདོང་ཐུག

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

google chinaགསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་འཛམ་གླིང་དུ་ཁྱབ་ཤུགས་དང་སྙན་གྲགས་ཆེ་བའི་གྷུའུ་གྷལ་(google) དྲ་གནས་དེ་ཉིད་རྒྱ་ནག་ནང་དུ་བེད་སྤྱོད་ཚུལ་བཞིན་མ་བྱས་པས་གྷུའུ་གྷལ་ཚོགས་པའི་ངོས་ནས་རྒྱ་ནག་ཏུ་གཏོང་མཚམས་འཇོག་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།
གྷུའུ་གྷལ་ཐུན་མོང་ཚོང་ལས་ཁང་གིས་ཕྱི་ལོ་༢༠༠༦ ལོར་རྒྱ་ནག་སྐམ་ས་ཆེན་མོར་ཆེད་དུ་བཙུགས་པའི་(google.cn) ཞེས་པའི་ནང་དུ་རྒྱ་གཞུང་དང་ཕན་ཚུན་གཉིས་མོལ་གྱིས་གནས་ཚུལ་ཁག་ཅིག་འཚོལ་ཞིབ་བྱེད་པར་བཀག་འགོག་བྱེད་དགོས་ཀྱི་ཡོད་པ་དེ་མཚམས་འཇོགས་བྱེད་ཀྱི་ཡིན་ཞེས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
ཕྱི་ལོ་༢༠༠༦ ལོར་(google.cn) ཞེས་པ་དེ་འགོ་འཛུགས་བྱེད་སྐབས་བོད་རང་བཙན་གྱི་སྐོར་དང། ཧྥ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་སྐོར། ཕྱི་ལོ་༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་ཞི་བའི་ངོ་རྒོལ་བྱས་པའི་གནས་ཚུལ་སོགས་འགོག་དགོས་པའི་རྒྱ་ནག་གི་གྲོས་ཆོད་རྣམས་ལ་གྷུའུ་གྷལ་གྱིས་མོས་མཐུན་བྱས་ཡོད་པ་རེད། google གྱི་ལྟ་གྲུབ་བམ་ཁས་ལེན་རྩ་ཚིག་ཏུ་”ལས་ངན་མ་བྱེད་”ཅེས་པ་དེ་ཡིན་པས། ཁོང་ཚོས་རྒྱ་གཞུང་ལ་བསྟུན་གང་ཐུབ་བྱས་པ་དེར་གྷུའུ་གྷལ་ཚོགས་པའི་ཁས་ལེན་དང་འགལ་བ་ཡིན་སྟབས་མི་མང་པོས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།  
འོན་ཀྱང་སྐབས་དེར་གྷུའུ་གྷལ་གྱི་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་ནས་ཡོངས་སུ་ཕྱིར་འཐེན་བྱེད་པ་ལས་རྒྱ་གཞུང་གི་མོས་པ་བཞིན་གནས་ཚུལ་ཁག་ཅིག་བཀག་འགོག་བྱས་ནའང་རྒྱ་ནག་མི་མང་ལ་ཕན་ཐོགས་གང་འཚམ་ཡོད་ལུགས་བརྗོད་ནས་དུས་ད་ལྟ་བར་(google.cn) ཞེས་པ་རྒྱ་ནག་ཏུ་ཡོངས་ཁྱབ་ངང་རྒྱུན་སྲིང་བྱས་པ་རེད། ཐེངས་འདིར་གྷུའུ་གྷལ་དྲ་གནས་དེ་ཉིད་རྒྱ་ནག་ནས་ཕྱིར་འཐེན་རྒྱག་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་ནག་དམར་ཤོག་ཚོགས་པའི་འཐུན་འགྱུར་དང་རྒྱབ་སྐྱོར་འོག་གྷུའུ་གྷལ་དང་ཨ་རིར་ཡོད་པའི་འཕྲུལ་ལས་བཟོ་གྲྭ་ཁག་མང་པོ་ཞིག་ལ་ནད་འབུ་འདྲ་མིན་གཅིག་རྗེས་གཉིས་མཐུད་ཀྱིས་བཏང་སྟེ། གློག་ཀླད་རྣམས་སྐྱོན་ཅན་དུ་བཏང་བའམ་རྒྱལ་ཁབ་དང་བཟོ་གྲྭའི་གསང་ཡིག དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བྱེད་མཁན་རྣམས་ཀྱི་ངོ་སྤྲོད་ལོ་རྒྱུས་སོགས་མཁོ་སྒྲུབ་བྱེད་ཀྱི་ཡོད་པ་སོགས་ཀྱི་རྒྱུ་མཚན་གྱིས་ཡིན་པ་རེད།

ད་སྐབས་གྷུའུ་གྷལ་གྱིས་རྒྱ་གཞུང་ཐོག་འཛིན་པའི་ལངས་ཕྱོགས་དེར་དྲ་གནས་སྤྱོད་མཁན་གྱི་རྒྱ་ནག་མི་མང་ས་ཡ་༣༥༠ ཡི་ཁྲོད་ནས་གྷུའུ་གྷལ་ལ་རྒྱུ་མཚན་ཡོད་པར་བརྗོད་ནས་བསྟོད་བསྔགས་བྱེད་མཁན་དང། སེམས་འཚབ་བྱེད་མཁན་རིགས་གཉིས་སུ་ཆགས་ཀྱི་ཡོད་པ་རེད། འབྱུང་འགྱུར་གྱི་བདུན་ཕྲག་ཁ་ཤས་རྗེས་སུ་རྒྱ་ནག་གཞུང་དང་གྷུའུ་གྷལ་གཉིས་བར་གྱི་རྩོད་རྙོག་དེ་ཇི་ལྟར་སེལ་བའི་གྲོས་བསྡུར་ཞིག་བྱེད་རྒྱུ་ཡིན་ཞེས་གྷུའུ་གྷལ་གྱི་སྤྱི་ཁྱབ་ཁྲིམས་ཞིབ་འགན་འཛིན་ཌེ་ཝེ་ཌི་ཌམ་མོན་ཌེ་(Dravid Drummond) ཁོང་གིས་གྷུའུ་གྷལ་དྲ་གནས་ཀྱི་ཟིན་བྲིས་སུ་བཀོད་ཡོད་པ་རེད།

གནས་ཚུལ་དེའི་སྐོར་ལ་རྒྱ་གཞུང་གི་ཕྱི་སྲིད་བློན་ཆེན་ཅཱང་ཡུ་ཡིས་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་སུ་བརྗོད་དོན། རྒྱ་ནག་གཞུང་ངོས་ནས་ཕྱི་རྒྱལ་གྱི་དྲ་གནས་བཟོ་གྲྭ་ཁག་ཏུ་ཚོང་ལས་བྱེད་པར་དགའ་བསུ་ཡོད་མོད། འོན་ཀྱང་དེ་གཞན་དག་ལའང་སོ་སོའི་རྩ་ཁྲིམས་ཡོད་པ་ལྟར་རྒྱ་ནག་གི་རྩ་ཁྲིམས་དང་མ་འགལ་བ་ཞིག་བྱེད་དགོས་པ་རེད་ཅེས་དང། རྒྱ་གཞུང་གིས་དྲ་གནས་སྤྱོད་ཚད་དེ་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་སྐུལ་མ་གཏོང་གི་ཡོད་ཅེས་གསར་འགོད་པར་བརྗོད་འདུག ད་དུང་གཞན་གྱི་གློག་ཀླད་འཕྲུལ་ཆས་སོགས་སུ་ནད་འབུ་བཏང་བ་དང། ཆོག་མཆན་མེད་པར་བཙན་འཛུལ་བྱས་ཏེ་གནས་ཚུལ་བསྡུ་རུབ་བྱེད་པ་རྣམས་རྒྱ་ནག་གིས་ཁྲིམས་འགལ་ཞིག་ཏུ་བརྩི་ཡི་ཡོད་ལུགས་ཀྱང་བརྗོད་འདུག
གོ་ལ་སྤྱི་ཡོངས་སུ་གྷུའུ་གྷལ་འཚོལ་ཞིབ་(google search) ཅེས་པ་དེ་གནས་ཚུལ་མཁོ་སྒྲུབ་བྱེད་སའི་དྲ་རྒྱའི་མཐུན་རྐྱེན་ཆེས་འཛོམས་ཤོས་དེ་ཡིན་རུང། རྒྱ་ནག་ལ་ཆ་མཚོན་ན། དྲ་རྒྱའི་ཐོག་གནས་ཚུལ་མཁོ་སྒྲུབ་ཀྱི་ཁྲོམ་རའི་བརྒྱ་ཆ་དེ་གྷུའུ་གྷལ་ལ་བརྒྱ་ཆ་སུམ་ཅུ་ཙམ་དང། གྷུའུ་གྷལ་གྱི་ཁ་གཏད་གཙོ་བོ་བྷེའེ་ཌུ་(Baidu) ཞེས་པ་དེར་བརྒྱ་ཆ་དྲུག་ཅུ་ལྷག་ཡོད་པས། གལ་སྲིད་གྷུའུ་གྷལ་རྒྱ་ནག་ནས་ཕྱིར་འཐེན་བཀག་སྡོམ་བྱས་ནའང། རྒྱ་ནག་མི་མང་ལ་གནས་ཚུལ་མཁོ་སྒྲུབ་ཀྱི་དཀའ་ངལ་དེ་ཙམ་མེད་ལུགས་བརྗོད་མཁན་ཡང་ཡོད་པ་རེད།།

མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༡, ༡༦' )  
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

པར་རིས་གསར་པ།

50thdemocracyatsouth-1
བོད་གཞུང་མང་ཡོངས་ཀྱི་སྐུ་ཚབ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ནས་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བ།

གསར་བསྡུས་ཁག

༼གླ་ཡོད།༽

མོན་གྷོ་རུ་མང་གཙོའི་དུས་དྲན།

ཟླ་འདིའི་ཚེས་༢ ཉིན་བཙན་བྱོལ་བོད་གཞུང་གི་མང་གཙོའི་གཞུང་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་མི་མང་ཚོགས་ཁང་དུ་འཚོགས་ཡོད་པ་དང།


བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལམ་ལུགས་དེ་རྒྱ་གར་གྱི་གྲོས་ཚོགས་གོང་མས་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་སྨན་བཅོས་ལམ་ལུགས་གྲས་སུ་འཇོག་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།

མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་བཀའ་ཤག་གི་གསུང་བཤད།
མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་སྤྱི་འཐུས་ཀྱི་གསུང་བཤད།


འཆར་གཞི་གཅིག་དང་མཇུག་འབྲས་གཉིས།

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་པོ་དེ་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༢༦ ནས་༣༡ བར་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་འཚོགས་ཡོད་པ་དང་།


དགེ་ལུགས་སྤྱི་འཐུས་ངོས་སྦྱོར།

tongsartenzinpaldenའབྲས་སྤུངས་ཏྲེ་ཧོར་འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན་མཆོག་ནི། ཕྱི་ལོ་ ༡༩༧༠ ལོར་འབྲུག་ཡུལ་དུ་ཡབ་ངག་དབང་དང༌། ཡུམ་ལྷ་དབང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ༼གླ་ཡོད།༽


དྭངས་བླངས་སྤྱི་འཐུས།

lobsangchuthueབལ་ཡུལ་དུ་གནས་སྡོད་བློ་བཟང་དོན་གྲུབ་ལགས་ཀྱིས། ཁོང་སྤྱི་འཐུས་འོས་འདེམས་ནང་དྭངས་བླངས་ཀྱིས་ཞུགས་རྒྱུ་ཡིན་མི་མང་གིས་འོས་བླུགས་རོགས་ཞེས་ཁྱབ་བསྒྲགས་བྱུས་འདུག ༼གླ་ཡོད།༽

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow