བོད་ཀྱི་བང་ཆེན། གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། འབར་རྫས་ཀྱི་དོན་རྐྱེན་འོག་ནས་མི་མང་འདས་གྲོངས།

Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

འབར་རྫས་ཀྱི་དོན་རྐྱེན་འོག་ནས་མི་མང་འདས་གྲོངས།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཟླ་འདིའི་ཚེས་༡ ཉིན་བྷི་བྷི་སི་གསར་ཁང་ནས་གནས་ཚུལ་བ་ལྟར་ན། ཨི་རག་ཏུ་ཉེས་མེད་མི་མང་ཁྲོད་དུ་བུད་མེད་ཅིག་གིས་རང་སྲོག་བློས་གཏོང་གིས་འབར་རྫས་གཏོར་ནས་མི་མང་༤༠ བསད་པ་དང་༡༠༦ རྨས་སྐྱོན་ཕོག་ཡོད་པ་རེད།
ལོ་རྒྱུས་ཐོག་ནས་རྒྱལ་ཁབ་ཁག་ཏུ་ཁ་ཆེའི་སྟོན་པའི་ཡང་ཚ་ཧུ་སཱན་ཞེས་པ་ཀར་བྷ་ལའི་གཡུལ་ངོགས་སུ་འདས་གྲོངས་སུ་གྱུར་པའི་དུས་དྲན་ཞེས་པ་ཞིག་ཁ་ཆེའི་རྒྱལ་ཁབ་ཁག་ཏུ་སྲུང་བརྩི་བྱེད་སྲོལ་ཡོད་པ་ལྟར། ཉེ་ཆར་མྱང་ངན་དུས་དྲན་དེ་ཨི་རག་རྒྱལ་ཁབ་ཏུ་བྱེད་བཞིན་པའི་སྐབས། ཨི་རག་གི་རྒྱལ་ས་ནས་ཀི་ལོ་མི་ཊར་༨༠ ཙམ་ཡོད་དུ་ཡོད་པའི་ཀར་བྷ་ལར་ཁ་ཆེའི་ཆོས་བརྒྱུད་ཀྱི་གནས་སྐོར་བ་སྟོང་ཕྲག་ལྷག་གིས་ཆོས་བྱེད་བཞིན་པའི་སྐབས་དང་བསྟུན། བུད་མེད་ཅིག་གིས་གྱོན་གོས་འོག་ཏུ་འབར་རྫས་ཁྱེར་མི་མང་ཁྲོད་རང་གཞན་གཉིས་ཕུང་གིས་འབར་རྫས་གས་སྟོར་ཐོག་ཆོས་ཞུ་བ་༤༠ བསད་པ་དང་༡༠༦ རྨས་སྐྱོན་བཏང་ཡོད་པ་རེད།
ཉེན་རྟོག་པས་བརྗོད་ན། བདེ་འཇགས་དོ་དམ་ཧ་ཅང་ཡག་པོ་བྱས་ཡོད་ཀྱང་གནས་ཚུལ་དེ་འདྲ་འཕྲད་པ་རེད། ད་ལྟ་གནས་འཇལ་ཞུ་སར་སྐོར་སྲུང་གི་ལས་དོན་སྔར་ལས་ཤུགས་ཆེ་རུ་བཏང་ནས་དེ་རིགས་ཀྱི་དཀའ་ངལ་མི་ཡོང་བའི་སྔོན་འགོག་བྱེད་མུས་ཡིན་ཞེས་བརྗོད་ཡོད་ཀྱང༌། ཁ་ཆེའི་ཆོས་བརྒྱུད་ཤི་ཡ་དང་སུན་ནི་གཉིས་ཀྱི་ཆོས་སྡེའི་བར་འགལ་འདུའི་དོགས་པ་དང་འཇིགས་སྣང་ཆེན་པོ་བྱུང་ཡོད་འདུག།
ཆོས་ཞུ་བ་རྣམས་ཀྱིས་བརྗོད་ན་མི་མང་༤༠ ལྷག་བསད་པ་དང། ད་ནི་ཁ་ཆེའི་ཆོས་བརྒྱུད་སུན་ནིའི་ལྟ་བ་མཁྲེགས་འཛིན་ཅན་དག་གིས་ཤི་ཡའི་ཆོས་བརྒྱུད་ལ་དམིགས་ནས་ཞེ་འཁོན་བྱས་པ་ཞིག་རེད་ཅེས་བརྗོད་ཀྱི་ཡོད་པ་རེད།།
 

སྐད་ཡིག་བསྒྱུར་ཆས།

Currency

Convert   into