བོད་ཀྱི་བང་ཆེན། གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
ཕྱི་ལོ་༡༩༧༥ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་བ་༣ པའི་ཚེས་༨ ནི།  རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་ཡིན་པའི་ཁྱབ་བསྒྲགས་བྱས་པ་ནས་བཟུང་། འཛམ་གླིང་འདིའི་རྒྱལ་ཁབ་མང་ཆེ་བས་ཉིན་འདིའི་ནང་བུད་མེད་ཚོར་དགའ་སྣང་ཡོང་བའི་གསོལ་སྟོན་བཤམས་པ་དང་རྔན་པ་སྤྲོད་པ། དེ་བཞིན་ཉིན་གཅིག་གི་རིང་ལ་ལས་ཁུངས་ཁག་དང་བཟོ་གྲྭ་ཁག་ནས། གཞུང་འབྲེལ་གྱི་ཐོག་ནས་བུད་མེད་ཚོ་ངལ་གསོའི་གུང་སེང་སྤྲོད་སྲོལ་ཡོད་པ་རེད།
རྒྱལ་སྤྱིའི་བུད་མེད་ཉིན་མོ་འདི་བརྩི་སྲུང་བྱེད་དོན་གཙོ་བོ་ནི། ༡༩༠༨ ལོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བུད་མེད་གྲངས་༡༥༠༠༠ ཙམ་གྱིས། བུད་མེད་ཚོར་ལས་དུས་ལ་འཚམས་པའི་གླ་ཆ་སྤྲོད་དགོས་པ་དང་། འོས་འཕེན་གྱི་ཐོབ་ཐང་དགོས་པ། མི་མང་ལས་ཁུངས་ཁག་ཏུ་ལས་གནས་དགོས་པ། ཕོ་མོའི་ལས་རིགས་ལ་དབྱེ་འབྱེད་ཀྱི་ལམ་ལུགས་མེད་པ་བཟོ་དགོས་པ་སོགས་ཀྱི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པས། དེ་དང་བསྟུན་ནས་ཨ་རིའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོགས་པས། ཨ་རིའི་བུད་མེད་ཀྱི་ངོ་རྒོལ་གྱི་ལས་འགུལ་སྲུང་བརྩིའི་ཆེད་དུ། ༡༩༠༩ ལོར་ཟླ་བ་༢ ཚེས་༢༨  ཉིན་མོ་དེ། ཨ་རིའི་ནང་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་ཞེས་སྲུང་བརྩི་བྱས་ཡོད་པ་རེད།
ཕྱི་ལོ་༡༩༡༠ ལོར་རྒྱལ་སྤྱིའི་སྤྱི་ཚོགས་རིང་ལུགས་པའི་ཚོགས་ཆེན་སྐབས། རྒྱལ་སྤྱིའི་བུད་མེད་ཉིན་མོ་ཟེར་བ་སྲུང་བརྩི་བྱེད་རྒྱུ་དང་། དེ་བཞིན་བུད་མེད་ཀྱི་ཐོབ་ཐང་དང་བུད་མེད་ཀྱི་ལས་དོན་ཁག་ལམ་ལྷོང་ཡོང་བར། རྒྱལ་ཁབ་ཚང་མས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་གྲོས་ཐག་བཅད་པ་ནས་བཟུང་། ༢༠༡༠ ལོ་འདི་ནི་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཟེར་བ་སྲུང་བརྩི་བྱེད་རྒྱུའི་གྲོས་འཆམ་བྱུང་ནས་མི་ལོ་བརྒྱ་ཕྲག་གཅིག་ཧྲིལ་པོ་འཁོར་བའི་དུས་ཡིན་པས། རྒྱལ་ཁབ་མང་པོས་འདི་ལོའི་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།
འཛམ་གླིང་དམག་ཆེན་སྔ་ཕྱི་གཉིས་ཀྱི་སྐབས་སུ། བུད་མེད་ཚོས་ཞི་བདེ་དགོས་པའི་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་དང་། དེ་བཞིན་མི་མང་རྨས་མ་སོགས་ལ་རོགས་རམ་སོགས་ཀྱིས་མཚོན། ཞི་བདེའི་དོན་དུ་ལས་དོན་མང་པོ་བསྒྲུབས་ཡོད་པར་བརྟེན། ༡༩༧༥ ལོར་རྒྱལ་ཚོགས་ཀྱིས་ཟླ་བ་ ༣ པའི་ཚེས་༨ ཉིན་ནི་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཡིན་པའི་གཞུང་འབྲེལ་གྱིས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
 
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow